བདེ་མོ། སློབ་ཐོན་གཅེན་པོ་གཅེན་མོ།

སྦྲང་ཆར་དང་མེ་ཏོག་འཛུམ་པའི་དེ་རིང།
ན་སོའི་དེད་དཔོན་གྱི་ལྕག་ཚན་འགྲེང་པ་དེ།
བསྐལ་འདིར་ཁྱོད་ཚོའི་ཨོང་ཏོར་མྱངས་པར་ཚབས།
མཉམ་དུ་འཚར་ས་དང་འབྱུང་སའི་གནས་མོས།
ཁྱོད་ཚོར་སྐྱེལ་མ་དང་ཁ་ཏའི་ལག་རྟགས་སྤྲད།
ཡུན་དུ་གཤིབ་པའི་གྲོགས་པོ་ཚོས།
བརྩེ་དུང་གི་མཛའ་གླུ་དྲངས་ཏེ།
ཁྱོད་ཚོར་མིག་ཆུས་ཞལ་གྱེས་ཞུས།
ད་དུང༌། ཅི་ཞིག་གི་སླད་དུ་འགྲོ་མ་འདོད།
དོར་ཐབས་མེད་པའི་གྲོགས་པོའི་ལ་རྒྱ།
དྲོ་ཞིང་སྐྱིད་པའི་གནས་མོའི་བྱམས་སྐྱོང།
སོས་དལ་བག་ཕེབས་ཀྱི་ཁ་སང་འཚོ་བར་ཞེན་ཆགས།
ཡང་ན༌། ཅི་ཞིག་གི་ཆེད་དུ་འགྲོ་མ་ཕོད།
ཆང་རག་དང་རྩེད་འཇོས་འདས་པའི་ལོ་ཟླ།
རིག་པའི་གཤོག་འདབ་མ་རྒྱས་པའི་ལུས་ཕུང།
འགྲན་རྩོད་གོ་མཚོན་ཕྱོགས་བཞི་ནས་གཏད་པའི་ཕྱི་རོལ།
ཡིན་ནའང༌། ཁྱོད་ཚོ་ནི་ཁ་སང་གནས་མོའི་མགྲོན་པོ།
དེ་རིང་གི་ལམ་བཞུད་འགྲུལ་པ།
འགའ་རེས། དགོད་སྒྲ་དང་མེ་ཏོག་ཆུན་པོའི་སླེ་པོ་རྒྱབ་ཏུ་འཁྱེར།
སྟངས་སྟབས་མྱུར་བར་མདུན་ཕྱོགས་སུ་འཕག།
འགའ་རེས། འཁུན་སྒྲ་དང་ཕྱི་མིག་གི་རྡོག་མཁྲེགས་བཀྱགས་ཏེ།
ཡུན་རིང་གནས་ཚང་སྒོ་ཁར་ལངས་ཏེ།
མ་འདོད་བཞིན་ཏུ་མགོ་བོ་དུད་དེ་གོམ་གང་སྤོས།
ང་རང༌། དེ་རིང་གི་མགྲོན་པོ།
ཁྱོད་ཚོར་ལག་པ་གཡུག་གཡུག།
ག་ལེ་ཕེབས་ཨང༌། ང་ཡི་གཅེན་པོ་གཅེན་མོ།
ཁྱོད་ཚོས་ཅི་ཡང་མི་སྨྲ།
དགའ་སྐྱོའི་ཟློས་གར་དུམ་བུ་ཞིག་ང་ལ་ཆེས་སུ་བཞག།
ཀྱེ། གཅེན་པོ་གཅེན་མོ།
སང་ཉིན་ད་གཟོད་ཟློས་གར་དེ།
སང་ཉིན་མགྲོན་པོས་གདེང་འཇོག་ཅི་བྱ།
དེ་བས་ངས་སྤྲོ་གར་འཛུམ་ཤོར་ཞིག་གི་ཆེད།
དེ་རིང་གནས་མོའི་སར་ནང་སྦྱོང་བྱ་བར་འགྲོ༌།

                      མཚོ་མོའི་པད་འདབ་འོག་ནས། 
                                    ༢༠༠༦.༧.༣

                                     

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེ་མོ། སློབ་ཐོན་གཅེན་པོ་གཅེན་མོ།

2008-12-17 མཚོ་འགྲམ་ག་བུར། ཀློག་གྲངས། མཆན ཡོད།

སྦྲང་ཆར་དང་མེ་ཏོག་འཛུམ་པའི་དེ་རིང།
ན་སོའི་དེད་དཔོན་གྱི་ལྕག་ཚན་འགྲེང་པ་དེ།
བསྐལ་འདིར་ཁྱོད་ཚོའི་ཨོང་ཏོར་མྱངས་པར་ཚབས།
མཉམ་དུ་འཚར་ས་དང་འབྱུང་སའི་གནས་མོས།
ཁྱོད་ཚོར་སྐྱེལ་མ་དང་ཁ་ཏའི་ལག་རྟགས་སྤྲད།
ཡུན་དུ་གཤིབ་པའི་གྲོགས་པོ་ཚོས།
བརྩེ་དུང་གི་མཛའ་གླུ་དྲངས་ཏེ།
ཁྱོད་ཚོར་མིག་ཆུས་ཞལ་གྱེས་ཞུས།
ད་དུང༌། ཅི་ཞིག་གི་སླད་དུ་འགྲོ་མ་འདོད།
དོར་ཐབས་མེད་པའི་གྲོགས་པོའི་ལ་རྒྱ།
དྲོ་ཞིང་སྐྱིད་པའི་གནས་མོའི་བྱམས་སྐྱོང།
སོས་དལ་བག་ཕེབས་ཀྱི་ཁ་སང་འཚོ་བར་ཞེན་ཆགས།
ཡང་ན༌། ཅི་ཞིག་གི་ཆེད་དུ་འགྲོ་མ་ཕོད།
ཆང་རག་དང་རྩེད་འཇོས་འདས་པའི་ལོ་ཟླ།
རིག་པའི་གཤོག་འདབ་མ་རྒྱས་པའི་ལུས་ཕུང།
འགྲན་རྩོད་གོ་མཚོན་ཕྱོགས་བཞི་ནས་གཏད་པའི་ཕྱི་རོལ།
ཡིན་ནའང༌། ཁྱོད་ཚོ་ནི་ཁ་སང་གནས་མོའི་མགྲོན་པོ།
དེ་རིང་གི་ལམ་བཞུད་འགྲུལ་པ།
འགའ་རེས། དགོད་སྒྲ་དང་མེ་ཏོག་ཆུན་པོའི་སླེ་པོ་རྒྱབ་ཏུ་འཁྱེར།
སྟངས་སྟབས་མྱུར་བར་མདུན་ཕྱོགས་སུ་འཕག།
འགའ་རེས། འཁུན་སྒྲ་དང་ཕྱི་མིག་གི་རྡོག་མཁྲེགས་བཀྱགས་ཏེ།
ཡུན་རིང་གནས་ཚང་སྒོ་ཁར་ལངས་ཏེ།
མ་འདོད་བཞིན་ཏུ་མགོ་བོ་དུད་དེ་གོམ་གང་སྤོས།
ང་རང༌། དེ་རིང་གི་མགྲོན་པོ།
ཁྱོད་ཚོར་ལག་པ་གཡུག་གཡུག།
ག་ལེ་ཕེབས་ཨང༌། ང་ཡི་གཅེན་པོ་གཅེན་མོ།
ཁྱོད་ཚོས་ཅི་ཡང་མི་སྨྲ།
དགའ་སྐྱོའི་ཟློས་གར་དུམ་བུ་ཞིག་ང་ལ་ཆེས་སུ་བཞག།
ཀྱེ། གཅེན་པོ་གཅེན་མོ།
སང་ཉིན་ད་གཟོད་ཟློས་གར་དེ།
སང་ཉིན་མགྲོན་པོས་གདེང་འཇོག་ཅི་བྱ།
དེ་བས་ངས་སྤྲོ་གར་འཛུམ་ཤོར་ཞིག་གི་ཆེད།
དེ་རིང་གནས་མོའི་སར་ནང་སྦྱོང་བྱ་བར་འགྲོ༌།

                      མཚོ་མོའི་པད་འདབ་འོག་ནས། 
                                    ༢༠༠༦.༧.༣

                                     

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།