ཚངས་དབྱངས་པ་དང་ཁོའི་མགུར་གླུ་དྲན་ཚུལ།

རི་མགོ་མཐོ་དྲགས་པས་ཕྱོགས་བཞིར་ཀི་རིང་ཞིག་བཏབ་ན་འདོད་པས་ཡིནནམ
ཁང་མིག་དོག་དྲག་པས་ནང་སེམས་སྲོག་རླུང་ལ་བརྒྱུས་པས་ཡིན
གསེར་ནག་གི་བུམ་པ་དེ་ཁྱོད་ཀྱི་ཡིན་ནམ
འཛད་མེད་ཀྱི་བུམ་ཆུ་དེའང་སྙན་མགུར་ཡིན
 
མདང་ནུབ   སྐྱིད་ཆུའི་འགྲམ་ངོགས་ན་ལམ་འགྲོ་བ་ཞིག་ངུ་བཞིན་འདུག་སྐད
ཕྱི་མིག་ལ་འཁྲེང་སེམས་བརྒྱུས་པའི་ལམ་འགྲོ་བ་ཞིག་གིས
ཆར་རླུང་འདྲེས་མའི་མཁའ་དབུགས་ལ་སེམས་པ་བསྙལ་ནས་ནམ་ཕྱེད་བརྒལ་གྱིན་འདུག
མི་ཚོགས་ཀྱི་སེམས་པ་སྲིང་བལ་བཞིན་སྐྱིད་ཆུའི་འཁུར་སྲིད་ནའང
ལམ་འགྲོ་བའི་མིག་ཆུ་རེ་རེ་ནི་བརྟན་བརླིང་གི་ཕ་བོང་རེ་རེའི་ལྩིད་ཚད་ཡིན་པ་སུས་ཀྱང་མ་ཤེས
 
མི་ཞིག་གིས   འཇིག་རྟེན་འདིའི་ནམ་མཁའ་ལས་གཞན་ས་གཞི་རྟོགས་ཡོད་པ་བདག་གིས་མ་ཤེས
ཟུངས་ཁྲག་ལ་ཐ་སྙད་འཁོར་གྱིན་པའི་སྣ་གླུ་ཐན་ཐུན་དེ  
ད་ལྟ་སེམས་ཀྱི་རི་ལ་འཁོར་ཞིང་རུས་པའི་བྲག་ཅ་བརྒྱབ་ཡོང
སྙན་ངག་དང་ཟུངས་ཁྲག་ཕངས་མེད་སྐྱུག་མཁས་པའི་ཁ་སང་དེ་རིང་གི་ཉིན་མཚན་ཀུན་ལ
ངས་ཁྱོད་ཀྱི་ཐ་སྙད་དང་ཐ་སྙད་ཀྱི་ཚེ་སྲོག་དྲན་ཡོང
 
གང་ལའང་འགྲོ་མ་མྱོང་བའི་གླུ་ངག་གི་བདེན་པ་འཁོར་སའི་ནམ་མཁའ་ཆུང་ཆུང
ནམ་མཁའི་ངོས་ལས་ཐ་སྙད་ཀྱི་བེམ་པོར་འོད་ཟེར་འཕྲོས་སྲིད་ནའང
ངའི་རྒྱང་རིང་གི་གླུ་བ་ཁྱོད་རང་སྟེ    སེམས་ཁོང་གི་ཐ་སྙད་ཁྱོད་ཀྱི་ཡིན
 
འདི་ནི་འགྲོ་ཞོར་ལ་བཙུགས་པའི་མེ་ཏོག་རྐང་གཅིག་རེད་འདོད
འདི་ནི་ཁ་རོག་གེར་བསྒྲོན་པའི་སྨྲེང་སྐྱོ་ཤག་ཅིག་ཡིན་སྙམ
 
ནམ་ལངས་ཡོང་དུས    ཁང་མིག་གི་ཕྱོགས་བཞི་སྔར་བཞིན་སྨུག་ལོང་རེད
ཟང་ཟིང་གི་ཁྱོད་རང་བློང་བློང་སྒོས་བུད་སོང
མཐེབ་རྩལ་ལ་གཞུ་མོ་བརྒྱུས་མྱོང་མེད་ནའང
ཁྱོད་ཀྱིས་ཟང་ཟིང་བཞག་སྟེ་རང་ཉིད་ཁྱེར་སོང་ཟེར
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚངས་དབྱངས་པ་དང་ཁོའི་མགུར་གླུ་དྲན་ཚུལ།

2008-12-17 མདོ་སྨད་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

རི་མགོ་མཐོ་དྲགས་པས་ཕྱོགས་བཞིར་ཀི་རིང་ཞིག་བཏབ་ན་འདོད་པས་ཡིནནམ
ཁང་མིག་དོག་དྲག་པས་ནང་སེམས་སྲོག་རླུང་ལ་བརྒྱུས་པས་ཡིན
གསེར་ནག་གི་བུམ་པ་དེ་ཁྱོད་ཀྱི་ཡིན་ནམ
འཛད་མེད་ཀྱི་བུམ་ཆུ་དེའང་སྙན་མགུར་ཡིན
 
མདང་ནུབ   སྐྱིད་ཆུའི་འགྲམ་ངོགས་ན་ལམ་འགྲོ་བ་ཞིག་ངུ་བཞིན་འདུག་སྐད
ཕྱི་མིག་ལ་འཁྲེང་སེམས་བརྒྱུས་པའི་ལམ་འགྲོ་བ་ཞིག་གིས
ཆར་རླུང་འདྲེས་མའི་མཁའ་དབུགས་ལ་སེམས་པ་བསྙལ་ནས་ནམ་ཕྱེད་བརྒལ་གྱིན་འདུག
མི་ཚོགས་ཀྱི་སེམས་པ་སྲིང་བལ་བཞིན་སྐྱིད་ཆུའི་འཁུར་སྲིད་ནའང
ལམ་འགྲོ་བའི་མིག་ཆུ་རེ་རེ་ནི་བརྟན་བརླིང་གི་ཕ་བོང་རེ་རེའི་ལྩིད་ཚད་ཡིན་པ་སུས་ཀྱང་མ་ཤེས
 
མི་ཞིག་གིས   འཇིག་རྟེན་འདིའི་ནམ་མཁའ་ལས་གཞན་ས་གཞི་རྟོགས་ཡོད་པ་བདག་གིས་མ་ཤེས
ཟུངས་ཁྲག་ལ་ཐ་སྙད་འཁོར་གྱིན་པའི་སྣ་གླུ་ཐན་ཐུན་དེ  
ད་ལྟ་སེམས་ཀྱི་རི་ལ་འཁོར་ཞིང་རུས་པའི་བྲག་ཅ་བརྒྱབ་ཡོང
སྙན་ངག་དང་ཟུངས་ཁྲག་ཕངས་མེད་སྐྱུག་མཁས་པའི་ཁ་སང་དེ་རིང་གི་ཉིན་མཚན་ཀུན་ལ
ངས་ཁྱོད་ཀྱི་ཐ་སྙད་དང་ཐ་སྙད་ཀྱི་ཚེ་སྲོག་དྲན་ཡོང
 
གང་ལའང་འགྲོ་མ་མྱོང་བའི་གླུ་ངག་གི་བདེན་པ་འཁོར་སའི་ནམ་མཁའ་ཆུང་ཆུང
ནམ་མཁའི་ངོས་ལས་ཐ་སྙད་ཀྱི་བེམ་པོར་འོད་ཟེར་འཕྲོས་སྲིད་ནའང
ངའི་རྒྱང་རིང་གི་གླུ་བ་ཁྱོད་རང་སྟེ    སེམས་ཁོང་གི་ཐ་སྙད་ཁྱོད་ཀྱི་ཡིན
 
འདི་ནི་འགྲོ་ཞོར་ལ་བཙུགས་པའི་མེ་ཏོག་རྐང་གཅིག་རེད་འདོད
འདི་ནི་ཁ་རོག་གེར་བསྒྲོན་པའི་སྨྲེང་སྐྱོ་ཤག་ཅིག་ཡིན་སྙམ
 
ནམ་ལངས་ཡོང་དུས    ཁང་མིག་གི་ཕྱོགས་བཞི་སྔར་བཞིན་སྨུག་ལོང་རེད
ཟང་ཟིང་གི་ཁྱོད་རང་བློང་བློང་སྒོས་བུད་སོང
མཐེབ་རྩལ་ལ་གཞུ་མོ་བརྒྱུས་མྱོང་མེད་ནའང
ཁྱོད་ཀྱིས་ཟང་ཟིང་བཞག་སྟེ་རང་ཉིད་ཁྱེར་སོང་ཟེར
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།