ཨ་མ། ང་ད་དུང་ཁེར་རྐྱང་ཡིན།

བཅུད་པར་རྫ་སྐྱེས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-17

ཨ་མ   ཁྱེད་ཀྱི་བར་སྣང་དང་ས་གཞི་ན་ཉི་འོད་ཨེ་ཡོད
ཨ་མ   ངའི་མཐའ་སྐོར་ད་དུང་དགུན་ཁ་བཞིན་འཁྱགས
ཨ་མ   ཕ་ཡུལ་ན་ད་དུང་ཁ་བ་ཞུ་མེད་པ་བདེན་ནམ
ངས་འདི་ན   ཁྱེད་ཀྱི་བརྩེ་དྲོད་གླེང་བཞིན
ཨ་མ  རེ་སྒུག་གིས་ཁྱེད་ཕྱོགས་ཀྱི་ཉི་འོད་སྒོམ་གྱིན་ཡོད

ཨ་མ  ཁྱེད་དང་གྱེས་པའི་ལོ་ཟླའི་ཉིན་ཞག་གི་ཁྲོད་ནས
ང་ལ་སུ་ཞིག་གིས་གསང་གཏམ་གནང་མྱོང
དགུན་གཞུང་ལྟ་བུའི་འཚོ་བའི་འཁྱག་ཀློང་རེ་རེ་ན
ང་ད་དུང་ཁེར་རྐྱང་གིས་འཚོ་བཞིན
ཨ་མ  ཁྱེད་ཕྱོགས་སུ་རྒྱང་ལྟ་བྱེད་བཞིན་ཡོད

ཨ་མ་ཡ  མི་ཡུལ་གྱི་གྱེས་བྲལ་ནི་དྲན་གདུང་གི་མིག་ཆུ་ཡིན་ལ
དྲན་ཤིང་ནི་དེ་ལས་ཀྱང་བཟོད་དཀའ་བའི་ན་ཟུག་ཡིན
ཨ་མ དེ་རིང་ང་ཕ་ཡུལ་གྱི་འགྲམ་ངོགས་ན་ཡོད
ཁྱེད་མེད་པས་ཕ་ཡུལ་གྱི་སྤང་ཐང་འདི་ནས་ཀྱང
སྟོང་འཇགས་དང་སུན་སྣང་གིས་བཅུམས་བྱུང
ཨ་མ  ངས་ཁྱེད་ཀྱི་ཉི་འོད་ལྟ་བུའི་གཤིས་རྒྱུད་དྲན་གྱིན་ཡོད

ཨ་མ  མི་ཡུལ་འདི་ངའི་ཚོར་སྣང་ན
དགུན་ཁ་བཞིན་འཁྱགས་པས
ཉི་མ་དམར་པོ་ཁ་བ་བཞིན་འབབ་པའི་ས་སྲོད་དེར
ཨ་མ  གློ་བུར་ཞིག་ལ་ང་རང་ཁྱེད་དང་གྱེས་སོང

ངས་འཆར་ཡན་གྱི་ཁ་བ་ནག་པོ་སྐོམ་གདུང་ལ་བཅུས་ཏེ
ངས་མནར་གཅོད་ཀྱི་སྡུག་ཡུས་ལྩི་མོ་དྲན་གདུང་ལ་གྱོན་ནས
ཕ་ཡུལ་གྱི་རི་ཟོམ་རེ་རེ་ལ
ན་ཟུག་གིས་དར་ལྕོག་སྒྲེང་བཞིན  ང་འདི་ལྟར་བུད་སོང
བུད་སོང་བའི་རྐང་རྗེས་མག་མོག་ཡིན་པས
ཨ་མ  ང་ད་དུང་གང་ལའང་འབྱོར་མེད་ཀྱང
ང་རང་ནམ་ཡང་འཇིགས་སྣང་དང་སུན་སྣང་མེད་པར་འཚོ་ངེས

ཨ་མ་ཡ  ང་ད་དུང་ཕ་ཡུལ་གྱི་མུན་པའི་རྫི་བོ་ཡིན
ནམ་ཞིག་ལ་ངས་དབྱར་གཞུང་ལྟ་བུའི་མཚར་སྡུག་ཅིག་གྱོན་ནས
ཨ་མ  ང་ཁྱེད་དང་ལྷན་དུ་ལྷ་ཚོགས་ལ་ཞིང་བཀོད་ལ་ལོག་འདོད

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མ། ང་ད་དུང་ཁེར་རྐྱང་ཡིན།

2008-12-17 བཅུད་པར་རྫ་སྐྱེས། ཀློག་གྲངས། མཆན ཡོད།

ཨ་མ   ཁྱེད་ཀྱི་བར་སྣང་དང་ས་གཞི་ན་ཉི་འོད་ཨེ་ཡོད
ཨ་མ   ངའི་མཐའ་སྐོར་ད་དུང་དགུན་ཁ་བཞིན་འཁྱགས
ཨ་མ   ཕ་ཡུལ་ན་ད་དུང་ཁ་བ་ཞུ་མེད་པ་བདེན་ནམ
ངས་འདི་ན   ཁྱེད་ཀྱི་བརྩེ་དྲོད་གླེང་བཞིན
ཨ་མ  རེ་སྒུག་གིས་ཁྱེད་ཕྱོགས་ཀྱི་ཉི་འོད་སྒོམ་གྱིན་ཡོད

ཨ་མ  ཁྱེད་དང་གྱེས་པའི་ལོ་ཟླའི་ཉིན་ཞག་གི་ཁྲོད་ནས
ང་ལ་སུ་ཞིག་གིས་གསང་གཏམ་གནང་མྱོང
དགུན་གཞུང་ལྟ་བུའི་འཚོ་བའི་འཁྱག་ཀློང་རེ་རེ་ན
ང་ད་དུང་ཁེར་རྐྱང་གིས་འཚོ་བཞིན
ཨ་མ  ཁྱེད་ཕྱོགས་སུ་རྒྱང་ལྟ་བྱེད་བཞིན་ཡོད

ཨ་མ་ཡ  མི་ཡུལ་གྱི་གྱེས་བྲལ་ནི་དྲན་གདུང་གི་མིག་ཆུ་ཡིན་ལ
དྲན་ཤིང་ནི་དེ་ལས་ཀྱང་བཟོད་དཀའ་བའི་ན་ཟུག་ཡིན
ཨ་མ དེ་རིང་ང་ཕ་ཡུལ་གྱི་འགྲམ་ངོགས་ན་ཡོད
ཁྱེད་མེད་པས་ཕ་ཡུལ་གྱི་སྤང་ཐང་འདི་ནས་ཀྱང
སྟོང་འཇགས་དང་སུན་སྣང་གིས་བཅུམས་བྱུང
ཨ་མ  ངས་ཁྱེད་ཀྱི་ཉི་འོད་ལྟ་བུའི་གཤིས་རྒྱུད་དྲན་གྱིན་ཡོད

ཨ་མ  མི་ཡུལ་འདི་ངའི་ཚོར་སྣང་ན
དགུན་ཁ་བཞིན་འཁྱགས་པས
ཉི་མ་དམར་པོ་ཁ་བ་བཞིན་འབབ་པའི་ས་སྲོད་དེར
ཨ་མ  གློ་བུར་ཞིག་ལ་ང་རང་ཁྱེད་དང་གྱེས་སོང

ངས་འཆར་ཡན་གྱི་ཁ་བ་ནག་པོ་སྐོམ་གདུང་ལ་བཅུས་ཏེ
ངས་མནར་གཅོད་ཀྱི་སྡུག་ཡུས་ལྩི་མོ་དྲན་གདུང་ལ་གྱོན་ནས
ཕ་ཡུལ་གྱི་རི་ཟོམ་རེ་རེ་ལ
ན་ཟུག་གིས་དར་ལྕོག་སྒྲེང་བཞིན  ང་འདི་ལྟར་བུད་སོང
བུད་སོང་བའི་རྐང་རྗེས་མག་མོག་ཡིན་པས
ཨ་མ  ང་ད་དུང་གང་ལའང་འབྱོར་མེད་ཀྱང
ང་རང་ནམ་ཡང་འཇིགས་སྣང་དང་སུན་སྣང་མེད་པར་འཚོ་ངེས

ཨ་མ་ཡ  ང་ད་དུང་ཕ་ཡུལ་གྱི་མུན་པའི་རྫི་བོ་ཡིན
ནམ་ཞིག་ལ་ངས་དབྱར་གཞུང་ལྟ་བུའི་མཚར་སྡུག་ཅིག་གྱོན་ནས
ཨ་མ  ང་ཁྱེད་དང་ལྷན་དུ་ལྷ་ཚོགས་ལ་ཞིང་བཀོད་ལ་ལོག་འདོད

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།