མཚེ་རུ་མའི་ཕྱི་དྲོ།

བྱེ་མ་འཁྲུད་པའི་གསེར་ལྡན་མ།།
དལ་བུར་འདི་ནས་གཡོན་དུ་དཀྱོགས།།
དེ་ཡི་གྲུ་ཁུག་དྲོན་མོ་ན།།
སྦྲ་ནག་སྟོང་གིས་མི་ཡུལ་སྲུང༌།།

ཉི་མས་རྨ་ཆུའི་ཟུངས་ཁྲག་རྒྱུན།།
གཞིབས་པའི་བཞིན་རིས་རབ་དམར་ཞིང༌།།
མྱོས་བའི་གོམ་པ་འཁྱོར་ཆེ་ནས།།
དལ་ཅིག་རི་བོའི་ཕག་ལ་འགྱེལ།།

ཨ་བྲས་བོད་པའི་བྱམས་བརྩེ་ཡི།།
ཉི་ཁུག་རྙེད་པས་ཡིད་ཚིམ་ནས།།
ཟླ་བ་སྒེག་མོའི་ཨ་དར་ཤ།།
ནག་ནོག་དྲི་མས་བསླད་པར་བྱས།།

གཟས་ན་འཁྱམ་པའི་བེའུ་ཡི།།
འདར་སྐད་ཆུ་བོའི་གྲམ་པར་ཟུག།
རྫི་བོ་འཚབ་པའི་འུར་ཆ་ཡི།།
ལྕག་སྐད་བསེར་མ་རླུང་གིས་ཁྱེར།།

སྤྲིན་པ་དམའ་བས་སྤང་ལ་འདྲེས།།
སྤང་ཐང་ཡངས་བས་གནམ་ལ་ཐུག།།
གནམ་སའི་ཁ་བར་དོག་མོ་ན།།
འདུར་ལ་བྲེལ་བ་མི་ཡི་ཚོགས།།

ཁ་ལ་ཡུག་གི་གཤོག་ལྕག་གིས།།
ཆུ་ཕྲན་དལ་མོར་གཉེར་མ་བསླངས།།
ཟས་ལ་སྲེད་པའི་ཉ་ཡི་ཚོགས།།
དེ་རུ་འདྲོགས་ནས་སོ་སོར་འཐོར།།

ས་ལ་བགྲད་པའི་སྦྲ་ནག་གི།
དུ་བའི་རྔ་མ་དགུང་ལ་བསྲིངས།།
ཁྱི་རྒན་ཟུག་པའི་སྒྲ་གསལ་བོས།།
བདག་མོ་སྒོ་ལ་ཡང་ཡང་བོས།།

ཚོར་བ་རྐྱེན་པའི་གྲོགས་མས་ཀྱང༌།།
རྭ་ཅོ་གཡོ་བཞིན་ཚང་ལ་ཕྱོགས།།
ཅར་ཅིར་སྒྲོག་པའི་ཅོ་ཀས་ཀྱང༌།།
རང་གི་ཚང་ལ་གཤོག་པ་རྡེབ།།

ད་ནི་སྤྲིན་པའི་མདངས་ཀྱང་འགྱུར།།
ས་གཞིར་མུན་པའི་ཡོལ་བ་འཁྱུད།།
རི་སྤྱང་ངུད་མོ་མ་སྒྲོགས་གོང༌།།
བདག་ཀྱང་ཡུལ་ལ་སྙེག་པར་བྱ།།
                          2006.6.25
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚེ་རུ་མའི་ཕྱི་དྲོ།

2008-12-16 གཡག་བུ། ཀློག་གྲངས། མཆན ཡོད།

བྱེ་མ་འཁྲུད་པའི་གསེར་ལྡན་མ།།
དལ་བུར་འདི་ནས་གཡོན་དུ་དཀྱོགས།།
དེ་ཡི་གྲུ་ཁུག་དྲོན་མོ་ན།།
སྦྲ་ནག་སྟོང་གིས་མི་ཡུལ་སྲུང༌།།

ཉི་མས་རྨ་ཆུའི་ཟུངས་ཁྲག་རྒྱུན།།
གཞིབས་པའི་བཞིན་རིས་རབ་དམར་ཞིང༌།།
མྱོས་བའི་གོམ་པ་འཁྱོར་ཆེ་ནས།།
དལ་ཅིག་རི་བོའི་ཕག་ལ་འགྱེལ།།

ཨ་བྲས་བོད་པའི་བྱམས་བརྩེ་ཡི།།
ཉི་ཁུག་རྙེད་པས་ཡིད་ཚིམ་ནས།།
ཟླ་བ་སྒེག་མོའི་ཨ་དར་ཤ།།
ནག་ནོག་དྲི་མས་བསླད་པར་བྱས།།

གཟས་ན་འཁྱམ་པའི་བེའུ་ཡི།།
འདར་སྐད་ཆུ་བོའི་གྲམ་པར་ཟུག།
རྫི་བོ་འཚབ་པའི་འུར་ཆ་ཡི།།
ལྕག་སྐད་བསེར་མ་རླུང་གིས་ཁྱེར།།

སྤྲིན་པ་དམའ་བས་སྤང་ལ་འདྲེས།།
སྤང་ཐང་ཡངས་བས་གནམ་ལ་ཐུག།།
གནམ་སའི་ཁ་བར་དོག་མོ་ན།།
འདུར་ལ་བྲེལ་བ་མི་ཡི་ཚོགས།།

ཁ་ལ་ཡུག་གི་གཤོག་ལྕག་གིས།།
ཆུ་ཕྲན་དལ་མོར་གཉེར་མ་བསླངས།།
ཟས་ལ་སྲེད་པའི་ཉ་ཡི་ཚོགས།།
དེ་རུ་འདྲོགས་ནས་སོ་སོར་འཐོར།།

ས་ལ་བགྲད་པའི་སྦྲ་ནག་གི།
དུ་བའི་རྔ་མ་དགུང་ལ་བསྲིངས།།
ཁྱི་རྒན་ཟུག་པའི་སྒྲ་གསལ་བོས།།
བདག་མོ་སྒོ་ལ་ཡང་ཡང་བོས།།

ཚོར་བ་རྐྱེན་པའི་གྲོགས་མས་ཀྱང༌།།
རྭ་ཅོ་གཡོ་བཞིན་ཚང་ལ་ཕྱོགས།།
ཅར་ཅིར་སྒྲོག་པའི་ཅོ་ཀས་ཀྱང༌།།
རང་གི་ཚང་ལ་གཤོག་པ་རྡེབ།།

ད་ནི་སྤྲིན་པའི་མདངས་ཀྱང་འགྱུར།།
ས་གཞིར་མུན་པའི་ཡོལ་བ་འཁྱུད།།
རི་སྤྱང་ངུད་མོ་མ་སྒྲོགས་གོང༌།།
བདག་ཀྱང་ཡུལ་ལ་སྙེག་པར་བྱ།།
                          2006.6.25
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།