གཞལ་ཡས་ཁང་།

གཞལ་ཡས་ཁང་དེ་རུ་ཅི་ཡང་མེད  མིང་གིས་བཏགས་ཙམ་གྱི་
མི་ཞིག་ཀྱང་མེད  དེ་རུ་གཟུགས་བརྙན་དག་འོད་ཀྱིས་བཀྲལ
བ་སྤུ་དང་སྐྱི་པགས་དང་ཤ་རུས་རྣམས་སྣང་སྟོང་གི་མེ་ལོང་དུ་ཐོར
གཞས་སྐད་ཀྱང་གཡོ་བ་མེད་པའི་མཁའ་དབུགས་ཀྱིས་འགག་པར་བྱས
དེ་ཡི་གྲུ་ཀ་སོ་སོར་གྲིབ་མའི་ཡོལ་བ་ཟུར་ཙམ་ཡང་མེད
དེ་རུ་ངོ་གདོང་ནི་མེད  རྣམ་འགྱུར་གང་ཡང་མེད
ལུང་སྟོན་པ་དང་མ་བསྟན་པའི་བརྡ་དང་སྙན་ངག་མེད
སྦྲེལ་བྱེད་ཀྱི་དམུ་ཐག་ཆད་པའི་ཤུལ་དུ་
བློ་སྟོབས་དང་དཔའ་རྩལ་བརྡར་བའི་གཡུལ་འགྱེད་ལྷག་མེད
དེ་རུ་འཚོལ་འདོད་པ་མེད
མ་བཙལ་བ་ཡང་གཞི་ནས་མེད
བཙུན་མོའི་ཕྲ་མ་མེད  སྲིན་མོའི་ལུས་སྦྱིན་མེད
བདེ་བ་མེད  བདེ་བར་ཟིམ་པའི་མིག་གོང་དང་
དེ་ལ་ཉལ་བའི་རྨི་ལམ་གྱི་ཟང་ཟིང་དང་འཇིགས་པ་མེད
ཁ་བ་མེད  མེ་དཔུང་གི་རལ་བ་བཤིག་པ་མེད
དུས་ཚིགས་མེད  ཀན་རྐྱལ་དུ་ཉལ་བའི་སྲིན་མོའི་
མངའ་ཐང་དང་ཡུལ་ལྗོངས་མེད
དེ་རུ་བདག་པོ་དང་བདག་མོ་མེད  ཁ་ལོ་བ་མེད
དེ་རུ་ཉི་འོད་འདྲེན་པའི་ཤིང་རྟ་དང་ཁ་ཕྱོགས་མེད
རླུང་གི་རྒྱ་གྲམ་མེད་ལ་རྡུལ་གྱི་འཁོར་ལོ་མེད
ཆུ་ཡི་བརླན་གཤེར་མེད  རྒོད་མ་ཁའི་མེ་ལྕེ་མེད
གཉའ་བའི་ཁྲི་མེད་ལ་མངའ་མཛད་ཀྱི་རྗེ་བོ་མེད
ཕོ་བྲང་བཤིག་པའི་ཤུལ་དུ་བང་སོ་ཡང་མི་ལྷག
དེ་རུ་ཡོད་པ་རྣམས་མེད་གྱུར
མེད་པ་དག་མེ་ལོང་གི་ངོས་ན་ཁད་ཀྱིས་གཡོ
མེ་ལོང་གི་རྩིག་པའི་ངོས་སུ་མེ་ལོང་གི་མིག་གོང་བགྲད
ང་དང་ངའི་ཡོད་ཚད་
དེ་ལ་རང་བཞིན་གྱིས་ཐིམ་འདུག


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞལ་ཡས་ཁང་།

2008-12-16 ངལ་རྫི། ཀློག་གྲངས། མཆན ཡོད།

གཞལ་ཡས་ཁང་དེ་རུ་ཅི་ཡང་མེད  མིང་གིས་བཏགས་ཙམ་གྱི་
མི་ཞིག་ཀྱང་མེད  དེ་རུ་གཟུགས་བརྙན་དག་འོད་ཀྱིས་བཀྲལ
བ་སྤུ་དང་སྐྱི་པགས་དང་ཤ་རུས་རྣམས་སྣང་སྟོང་གི་མེ་ལོང་དུ་ཐོར
གཞས་སྐད་ཀྱང་གཡོ་བ་མེད་པའི་མཁའ་དབུགས་ཀྱིས་འགག་པར་བྱས
དེ་ཡི་གྲུ་ཀ་སོ་སོར་གྲིབ་མའི་ཡོལ་བ་ཟུར་ཙམ་ཡང་མེད
དེ་རུ་ངོ་གདོང་ནི་མེད  རྣམ་འགྱུར་གང་ཡང་མེད
ལུང་སྟོན་པ་དང་མ་བསྟན་པའི་བརྡ་དང་སྙན་ངག་མེད
སྦྲེལ་བྱེད་ཀྱི་དམུ་ཐག་ཆད་པའི་ཤུལ་དུ་
བློ་སྟོབས་དང་དཔའ་རྩལ་བརྡར་བའི་གཡུལ་འགྱེད་ལྷག་མེད
དེ་རུ་འཚོལ་འདོད་པ་མེད
མ་བཙལ་བ་ཡང་གཞི་ནས་མེད
བཙུན་མོའི་ཕྲ་མ་མེད  སྲིན་མོའི་ལུས་སྦྱིན་མེད
བདེ་བ་མེད  བདེ་བར་ཟིམ་པའི་མིག་གོང་དང་
དེ་ལ་ཉལ་བའི་རྨི་ལམ་གྱི་ཟང་ཟིང་དང་འཇིགས་པ་མེད
ཁ་བ་མེད  མེ་དཔུང་གི་རལ་བ་བཤིག་པ་མེད
དུས་ཚིགས་མེད  ཀན་རྐྱལ་དུ་ཉལ་བའི་སྲིན་མོའི་
མངའ་ཐང་དང་ཡུལ་ལྗོངས་མེད
དེ་རུ་བདག་པོ་དང་བདག་མོ་མེད  ཁ་ལོ་བ་མེད
དེ་རུ་ཉི་འོད་འདྲེན་པའི་ཤིང་རྟ་དང་ཁ་ཕྱོགས་མེད
རླུང་གི་རྒྱ་གྲམ་མེད་ལ་རྡུལ་གྱི་འཁོར་ལོ་མེད
ཆུ་ཡི་བརླན་གཤེར་མེད  རྒོད་མ་ཁའི་མེ་ལྕེ་མེད
གཉའ་བའི་ཁྲི་མེད་ལ་མངའ་མཛད་ཀྱི་རྗེ་བོ་མེད
ཕོ་བྲང་བཤིག་པའི་ཤུལ་དུ་བང་སོ་ཡང་མི་ལྷག
དེ་རུ་ཡོད་པ་རྣམས་མེད་གྱུར
མེད་པ་དག་མེ་ལོང་གི་ངོས་ན་ཁད་ཀྱིས་གཡོ
མེ་ལོང་གི་རྩིག་པའི་ངོས་སུ་མེ་ལོང་གི་མིག་གོང་བགྲད
ང་དང་ངའི་ཡོད་ཚད་
དེ་ལ་རང་བཞིན་གྱིས་ཐིམ་འདུག


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།