སྙན་ངག་ལིང་གཟུགས་ཅན། འཕྱོངས་རྒྱས་ལམ་ཡིག
ཁ་བ་དང་ཆར་དང་བུ་ཡུག་དང་བང་སོ
ལམ་དང་ལུང་བ་དང་དར་ལྕོག་དང་བང་སོ
འབྲོང་དང་ཤ་མོ་དང་མོ་སྤྱང་དང་བང་སོ
གླུ་སྐད་དང་སྨྲེ་དངགས་དང་འཁུན་སྒྲ་དང་བང་སོ
རྡུལ་དང་འོད་ཟེར་དང་འཇའ་གུར་དང་བང་སོ
དུས་དང་རྨི་ལམ་དང་དད་པ་དང་བང་སོ
ལྕགས་དང་གསེར་དང་རྡོ་དང་བང་སོ
སྐྲ་དང་རྐང་པ་དང་སྐྱི་པགས་དང་བང་སོ
རྒྱུ་སྐར་དང་སྤྲིན་དང་མིག་དང་བང་སོ
འདས་པ་དང་ད་ལྟ་དང་སང་ཉིན་དང་བང་སོ
ལྷ་དང་ཀླུ་དང་གཉན་དང་བང་སོ
ཕྱི་དང་ནང་དང་གསང་བ་དང་བཅས་པའི་བང་སོ
རྩོམ་ཁུངས། ངེད་དྲ་བ།