རླུང་གི་ཁ་དོག

རླུང
འཇིག་རྟེན་གྱི་སྤྱི་གཙུག་ནས་མཆེད་པའི་དབུགས་རྒྱུན་དྲོན་མོ
རླུང་གཡུག་ཐེངས་རེར    འཇིག་རྟེན་གྱི་གད་སྙིག་ཡོད་ཚད
སྐྱི་གཡའ་བའི་ངང་བར་སྣང་དུ་འཕུར

མི་ཚོགས་གད་སྙིག་ལ་སྐྲག་པའམ  
ཡང་ན་རླུང་ལ་སྐྲག་པའི་དབང་གིས
རླུང་གཡུག་ཐེངས་རེར   
སྒོ་དང་དྲ་མ་ཡོངས་སུ་བརྒྱབ་ནས
ཁང་མིག་ཆུང་ཆུང་དུ་རང་ཉིད་རླངས་པ་བཞིན་དུ་བཙོས

རླུང
བར་སྣང་དུ་རྒྱུ་བའིགཟུགས་མེད་ཀྱི་འགུལ་སྐྱོད་ཤིག
ཁོས་གསང་བའི་གྲུ་ཁ་གང་ཡང་མི་སྐྱུར་བར
གད་སྙིག་གི་དངོས་གྲུབ་ཁྱེར་ནས་ལོག་འགྲོ

རླུང་གིས་ཀི་རིང་འདེབས་བཞིན
བར་སྣང་གི་ཁ་དོག་ཡོངས་སུ་བརྗེས་དུས
རླུང་ལ་སྐྲག་མཁན་ཚོ
སྒྲེན་མོར་རྒྱུ་བའི་བྱིས་པ་བཞིན
རླུང་གི་དབུགས་རྒྱུན་ཁྲོད་ན་གྲངའདར་རྒྱག

ང་ཚོས་དྲ་མ་བརྒྱུད་ནས
རླུང་གི་ཁ་དོག་ལ་རྒྱང་ལྟ་བྱེད་ཐེངས་རེར
རླུང་གིས་ང་ཚོའི་རྒྱབ་གཟུགས་ཁྱེར་ནས
དམིགས་ཡུལ་དང་ལྡན་པར་འཁོར་སྐྱོད་བྱེད

རླུང
འཇིག་རྟེན་གྱི་སྤྱི་གཙུག་ནས་མཆེད་པའི
མེད་དུ་མི་རུང་བའི་དབུགས་རྒྱུན་ཞིག
རླུང་གིས་ང་ཚོས་བསམ་གཞིགས་ཁྱེར་ནས་
ཐག་རིང་དུ་སྐྱོད་ཅིང
སླར་ཡང་རྒྱང་རིང་གི་དབུགས་གསར་ཁྱེར་ནས
མགྱོགས་མྱུར་གྱིས་ལོག་འོང

རླུང་ཡོད་པའི་རྐྱེན་གྱིས་
མི་ཚོགས་ཀྱི་གོམ་ཁ་སྔར་ལས་བྲེལ་འཚུབ་དུ་གྱུར

རླུང་དང་འགྲོགས་ནས
སོས་དལ་བག་ཕེབས་ཀྱི་སེམས་པ་མེ་བཞིན་འབར

རླུང་ནི་ཚ་ཚ་འུར་འུར་གྱིས་མཆེད་པའི
དུས་རབས་གསར་བའི་གཤོག་པ་ཡིན་པས
ཁོས་མུན་ནག་གི་ཡོལ་རས་གཤག་རྗེས
འཇིག་རྟེན་ལ་འཚོ་བཅུད་གཞན་ཞིག་ཁྱེར་ཡོང
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་གི་ཁ་དོག

2008-12-14 རྡོ་གྲགས། ཀློག་གྲངས། མཆན ཡོད།

རླུང
འཇིག་རྟེན་གྱི་སྤྱི་གཙུག་ནས་མཆེད་པའི་དབུགས་རྒྱུན་དྲོན་མོ
རླུང་གཡུག་ཐེངས་རེར    འཇིག་རྟེན་གྱི་གད་སྙིག་ཡོད་ཚད
སྐྱི་གཡའ་བའི་ངང་བར་སྣང་དུ་འཕུར

མི་ཚོགས་གད་སྙིག་ལ་སྐྲག་པའམ  
ཡང་ན་རླུང་ལ་སྐྲག་པའི་དབང་གིས
རླུང་གཡུག་ཐེངས་རེར   
སྒོ་དང་དྲ་མ་ཡོངས་སུ་བརྒྱབ་ནས
ཁང་མིག་ཆུང་ཆུང་དུ་རང་ཉིད་རླངས་པ་བཞིན་དུ་བཙོས

རླུང
བར་སྣང་དུ་རྒྱུ་བའིགཟུགས་མེད་ཀྱི་འགུལ་སྐྱོད་ཤིག
ཁོས་གསང་བའི་གྲུ་ཁ་གང་ཡང་མི་སྐྱུར་བར
གད་སྙིག་གི་དངོས་གྲུབ་ཁྱེར་ནས་ལོག་འགྲོ

རླུང་གིས་ཀི་རིང་འདེབས་བཞིན
བར་སྣང་གི་ཁ་དོག་ཡོངས་སུ་བརྗེས་དུས
རླུང་ལ་སྐྲག་མཁན་ཚོ
སྒྲེན་མོར་རྒྱུ་བའི་བྱིས་པ་བཞིན
རླུང་གི་དབུགས་རྒྱུན་ཁྲོད་ན་གྲངའདར་རྒྱག

ང་ཚོས་དྲ་མ་བརྒྱུད་ནས
རླུང་གི་ཁ་དོག་ལ་རྒྱང་ལྟ་བྱེད་ཐེངས་རེར
རླུང་གིས་ང་ཚོའི་རྒྱབ་གཟུགས་ཁྱེར་ནས
དམིགས་ཡུལ་དང་ལྡན་པར་འཁོར་སྐྱོད་བྱེད

རླུང
འཇིག་རྟེན་གྱི་སྤྱི་གཙུག་ནས་མཆེད་པའི
མེད་དུ་མི་རུང་བའི་དབུགས་རྒྱུན་ཞིག
རླུང་གིས་ང་ཚོས་བསམ་གཞིགས་ཁྱེར་ནས་
ཐག་རིང་དུ་སྐྱོད་ཅིང
སླར་ཡང་རྒྱང་རིང་གི་དབུགས་གསར་ཁྱེར་ནས
མགྱོགས་མྱུར་གྱིས་ལོག་འོང

རླུང་ཡོད་པའི་རྐྱེན་གྱིས་
མི་ཚོགས་ཀྱི་གོམ་ཁ་སྔར་ལས་བྲེལ་འཚུབ་དུ་གྱུར

རླུང་དང་འགྲོགས་ནས
སོས་དལ་བག་ཕེབས་ཀྱི་སེམས་པ་མེ་བཞིན་འབར

རླུང་ནི་ཚ་ཚ་འུར་འུར་གྱིས་མཆེད་པའི
དུས་རབས་གསར་བའི་གཤོག་པ་ཡིན་པས
ཁོས་མུན་ནག་གི་ཡོལ་རས་གཤག་རྗེས
འཇིག་རྟེན་ལ་འཚོ་བཅུད་གཞན་ཞིག་ཁྱེར་ཡོང
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།