ཟླ་བ་དང་ཁེར་རྐྱང་གི་བདག

སྙན་བཟང་གཡུང་དྲུང་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-14

ས་སྲོད་ཀྱི་ཉག་རྩེ་ནས་སྐར་ཚོགས་དང་ལྷན་དུ་ཉལ་བས
ངའི་ཟླ་བ  མི་ལོ་མང་བོ་ཞིག་གི་བསེར་ལམ་ན
ལོ་ངོ་ཅི་ཙམ་ལ་རྨ་ཁ་དང་ན་ཟུག་གི་མྱ་ངན་མ་གྱོན་པར
སྤྲོ་བ་དང་དུངས་པས་གསང་བ་ཉི་རླབས་སུ་ག་ཚོད་བཏུས་ཡོད

ནམ་ཟླ་གཞན་ཞིག་གི་གས་མཚམས་ནས་ཁད་ཀྱིས་བཞུད་དུས
ཁྱོད་ཀྱི་སེམས་པ་མིག་ཆུ་དང་ལྷན་དུ་ངུ་ལ
ངའི་རེ་སྒུག་གི་མཚན་ལྗོངས་དེ་ན  ངའི་སྒེའུ་ཁུང་གི་དྲ་ཡོལ་སྲུབས་ན
ངའི་ཟླ་བ   ཡི་ཆད་དང་གདུང་བས་གཟིར་ཏེ
ཉག་ཁ་གང་ཞིག་གི་སྐྱ་རེངས་ལ་ཕངས་སེམས་བརྗོད་པ
ངས་ལོས་ཤེས   ངས་ལོས་ཤེས

ངས་ཁྱོད་ཀྱི་འོད་ངོགས་ནས་མཆོད་ཆང་བདུད་རྩི་འཐུང་མྱོང་ལ
ཡང་ན  བརྩེ་དུང་གི་འདབ་མ་བཏུས་མྱོང་བས
མཚམས་འདིར  ང   ཁྱོད་ཀྱི་དྲན་གདུང་གི་སྣེ་མོར་འཐམས་ནས
ལན་ཆགས་ཀྱི་མིག་ཆུ་དྲོན་མོ་འཐུང་དགོས་བསམ་ཡང
ཞོགས་པའི་ཉི་འོད་ཀྱི་དབང་གིས་ཕམ་ཁ་གྱོན་དགོས་བྱུང

ཁྱོད་ཀྱི་འོད་སྣང་གི་ལྟེང་ཀ་རེ་རེ་ལ
རྫ་ཆུའི་རླབས་བཞིན་འཇམ་པའི་སྙན་ཚིག་འབྲི་མཁན
མིག་ཆུ་ཁྱོར་གང་གིས་སྐྱེལ་མ་བྱེད་མཁན་ཡིན་པས
ཡིད་ཆེས་འགྱུར་མེད་དང་སྙན་ངག་གི་ཁ་བ་ལེབ་མོ
ཁྱོད་ཀྱི་བྲང་ཁར་ལྷབ་ལྷབ་བབས་དུས
བརྩེ་འཛུམ་དང་འཁྲེང་སེམས་དམར་བོ
ཁྱོད་ལུས་ཀྱི་འཇིག་རྟེན་རེ་རེ་ལ་མྱུལ་འགོ་བརྩམས

མག་མོག་གི་འཇིག་རྟེན་ཞིག་གི་ཆེད་དུ་འཚོ་བས
ཁྱོད་ལ་ཕངས་སེམས་དང་སེར་ཐིགས་ཅི་ཙམ་ཕབ་ཡོད
ངས་ཀྱང་ཟླ་བ་ཁེར་བགྲོད་ཁྱོད་ཀྱི་གོམ་ཁ་བར་ནས
མི་ཡུལ་ལ་འདང་རྒྱག་གི་དུང་ཟླ་སྒོར་མོ་ག་ཚད་བྲིས་མྱོང
ཟླ་བ  ངའི་མིག་ཟུང་གི་གྲུ་ཁ་ནས་འདི་ལྟར་བཞུད་པས
ཤུལ་ལུས་ན་ཁེར་རྐྱང་གི་བདག  སྐོམ་གདུང་གིས་འཚོ
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་བ་དང་ཁེར་རྐྱང་གི་བདག

2008-12-14 སྙན་བཟང་གཡུང་དྲུང་ཚེ་རིང་། ཀློག་གྲངས། མཆན ཡོད།

ས་སྲོད་ཀྱི་ཉག་རྩེ་ནས་སྐར་ཚོགས་དང་ལྷན་དུ་ཉལ་བས
ངའི་ཟླ་བ  མི་ལོ་མང་བོ་ཞིག་གི་བསེར་ལམ་ན
ལོ་ངོ་ཅི་ཙམ་ལ་རྨ་ཁ་དང་ན་ཟུག་གི་མྱ་ངན་མ་གྱོན་པར
སྤྲོ་བ་དང་དུངས་པས་གསང་བ་ཉི་རླབས་སུ་ག་ཚོད་བཏུས་ཡོད

ནམ་ཟླ་གཞན་ཞིག་གི་གས་མཚམས་ནས་ཁད་ཀྱིས་བཞུད་དུས
ཁྱོད་ཀྱི་སེམས་པ་མིག་ཆུ་དང་ལྷན་དུ་ངུ་ལ
ངའི་རེ་སྒུག་གི་མཚན་ལྗོངས་དེ་ན  ངའི་སྒེའུ་ཁུང་གི་དྲ་ཡོལ་སྲུབས་ན
ངའི་ཟླ་བ   ཡི་ཆད་དང་གདུང་བས་གཟིར་ཏེ
ཉག་ཁ་གང་ཞིག་གི་སྐྱ་རེངས་ལ་ཕངས་སེམས་བརྗོད་པ
ངས་ལོས་ཤེས   ངས་ལོས་ཤེས

ངས་ཁྱོད་ཀྱི་འོད་ངོགས་ནས་མཆོད་ཆང་བདུད་རྩི་འཐུང་མྱོང་ལ
ཡང་ན  བརྩེ་དུང་གི་འདབ་མ་བཏུས་མྱོང་བས
མཚམས་འདིར  ང   ཁྱོད་ཀྱི་དྲན་གདུང་གི་སྣེ་མོར་འཐམས་ནས
ལན་ཆགས་ཀྱི་མིག་ཆུ་དྲོན་མོ་འཐུང་དགོས་བསམ་ཡང
ཞོགས་པའི་ཉི་འོད་ཀྱི་དབང་གིས་ཕམ་ཁ་གྱོན་དགོས་བྱུང

ཁྱོད་ཀྱི་འོད་སྣང་གི་ལྟེང་ཀ་རེ་རེ་ལ
རྫ་ཆུའི་རླབས་བཞིན་འཇམ་པའི་སྙན་ཚིག་འབྲི་མཁན
མིག་ཆུ་ཁྱོར་གང་གིས་སྐྱེལ་མ་བྱེད་མཁན་ཡིན་པས
ཡིད་ཆེས་འགྱུར་མེད་དང་སྙན་ངག་གི་ཁ་བ་ལེབ་མོ
ཁྱོད་ཀྱི་བྲང་ཁར་ལྷབ་ལྷབ་བབས་དུས
བརྩེ་འཛུམ་དང་འཁྲེང་སེམས་དམར་བོ
ཁྱོད་ལུས་ཀྱི་འཇིག་རྟེན་རེ་རེ་ལ་མྱུལ་འགོ་བརྩམས

མག་མོག་གི་འཇིག་རྟེན་ཞིག་གི་ཆེད་དུ་འཚོ་བས
ཁྱོད་ལ་ཕངས་སེམས་དང་སེར་ཐིགས་ཅི་ཙམ་ཕབ་ཡོད
ངས་ཀྱང་ཟླ་བ་ཁེར་བགྲོད་ཁྱོད་ཀྱི་གོམ་ཁ་བར་ནས
མི་ཡུལ་ལ་འདང་རྒྱག་གི་དུང་ཟླ་སྒོར་མོ་ག་ཚད་བྲིས་མྱོང
ཟླ་བ  ངའི་མིག་ཟུང་གི་གྲུ་ཁ་ནས་འདི་ལྟར་བཞུད་པས
ཤུལ་ལུས་ན་ཁེར་རྐྱང་གི་བདག  སྐོམ་གདུང་གིས་འཚོ
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།