ཟླ་ངོ་གཅིག་གི་ཕྱེད་ཀ(སྙན་ཚོམ)

            ༡  མི་ལོ་ག་ཙམ་འགོར་རྗེས་ཁྱོད་དང་འཕྲད་སྲིད

ངས་ནི་སྤྱི་སྤྱོད་རླངས་འཁོར་ལས་ཁོ་མོ་མཐོང་བྱུང
ཁོ་མོ་གཞུང་ལམ་གྱི་ཚུར་ངོགས་ནས་ཕར་ངོགས་སུ་བགྲོད་ཀྱིན་པ་མཐོང་ཡོང
ཡིད་དུ་འོང་བའི་བུ་མོ་ཆུང་ཆུང་ཞིག་ཁོ་མོའི་ལག་མགོར་འཇུས་ཡོད་པ་མཐོངཡོད
ལོ་ན་དྲུག་ཙམ་ལས་མེད་པའི་བུ་མོ་ཆུང་ཆུང་དེ    ཁོ་མོའི་སྙིང་ཉེ་བའི་བུ་མོ་ཡིན་ནམ
ཡང་ན    ཁོ་མོའི་ཡིད་དུ་འོང་བའི་བྱིས་དུས་ཀྱི་ལང་ཚོ་་ཡིན
 
ངས་སྒེའུ་ཁུང་ལས་ལག་བརྡ་བཏང་ནའང
ངས་སེམས་ཁོང་ནས་ཁྱོད་རང་བོས་ན་ཡང 
ཁོ་མོ་དངོས་ནས་གཞུང་ལམ་དེའི་ཚུར་རོལ་ནས་ཕར་ངོགས་སུ་ཆས་བཞིན་ཡོད
རང་ཉིད་ལས་མེད་པའི་སྣང་བ་མཐོ་རུ་བཏེགས་ནས་འགྲོ་བཞིན་ཡོད
 
མི་ལོ་ག་ཙམ་འགོར་སོང་ངམ      ང་ཚོས་ཕན་ཚུན་ལ་འབྲེལ་འདྲིས་ཤོར་ནས་མི་ལོ་ག་ཙམ་ཕྱིན་པ་མ་ཤེས
སྤྱི་སྤྱོད་རླངས་འཁོར་དེས     དུས་ཡུན་སྐད་ཅིག་མའི་བར་གླགས་བཙལ་སྟེ
ང་ཚོ་ཇེ་ཉེར་བཏང་ཡོང་རྗེས་སླར་ཡང་རྒྱང་རིང་ལ་ཁྲིད་འགྲོ
 
ད་ལྟ    ཁོ་མོས་དངོས་ནས་གཞུང་ལམ་ཞིག་བརྒལ་གྱིན་པ་ངས་ཤེས་ཡོད
བུ་མོ་སྙིང་རྗེ་ཞིག་ཁྲིད་ནས་འགྲོ་བཞིན་པའང་ངས་ཤེས་ཡོད
འདི་ནི་བུ་མོ་ཞིག་མ་རུ་གྱུར་བའི་བརྒྱུད་རིམ་ཆ་ཚང་ཡིན་ནམ
འདི་ནི་སྙིང་ཉེ་བའི་བུ་མོ་ཞིག་ལ་སྦས་སྐོང་ཐེབས་པའི་གྱོང་གུད་ཡིན་ནམ
 
མི་ལོ་ག་ཙམ་འགོར་རྗེས   ངས་ངས་ད་གཟོདརེ་ཞིང་སྙེག་པའི་གྲོང་ཁྱེར་དེ་མཐོང་ཐུབ
གྲོང་ཁྱེར་ལས་ཡིད་དུའོང་བའི་བུ་མོ་དེ་མཐོང་ཐུབ
རྨི་ལམ་མིན་ལ་གྲིབ་གཟུགས་ཀྱང་མིན་པའི་བུ་མོ་དེ    ད་ལྟ་ངས་དྲན་གྱིན་ཡོད་པའི་བུ་མོ་དེ
ངས    ཡང་བསྐྱར་མཐོང་ཐུབ་བམ      
                                                2006.1.20       
        ༢ ཞི་ཨན་དང་བྲལ་བ

ད་ནི་ཞི་ཨན་དང་བྲལ་སོང
འདི་རུ་ང་ལ་གཉེན་ཉེ་དང་ཕུ་ནུ་མེད
འདི་ན་ངའི་ཆུང་མ་དང་ཕྲུ་གུ་ཡང་མེད
ཁྱོན་ཡངས་པའི་ས་ཚིགས་འདིའི་གློག་འོད་འཚེར་གྱིན་འདུག
དེའང་ས་ཚིགས་གཞན་དག་དང་འདྲ་བར
ཐག་ཚད་བཅོ་བརྒྱད་ལས་རིང་བའི་མེ་འཁོར་ཤོང་བའི་ལྷས་ར་ཡིན
ལྷས་ར་འདི་མཐོང་ཚེ   ངས་ཡུལ་མི་ཚོར་དབང་བའི་ས་ཞིང་ལེབ་མོ་དག་དྲན་ཡོང
ངས་ལུག་ལྷས་ཆུང་ཆུང་དག་དྲན་ཡོང
དྲན་ཡོང་བ་འདི་དག་རང་ཉིད་ཤོང་པའི་བར་སྣང་ཡིན་ནམ
 
གནས་འདིའི་ལྕགས་ལམ་ལ་མུན་ནག་གིས་འོད་སྣང་སློང་གིན་ཡོད
རྔམ་མཐོ་བའི་ཁང་བརྩེགས་དག་དུས་ཚོད་ཀྱིས་ཁྱུར་མིད་གཏོང་གིན་ཡོད
ཡིད་དུ་འོང་བའི་མི་ཚོགས    ཡང་སྙིང་ཟླ་བའི་ཁྲོད་དུ་འཚོལ་དགོས་སམ
ཟླ་བ    ལྷིང་འཇགས་ལ་འཐིམས་ཀྱིན་འདུག
ཟླ་བ    ཟོར་ཡུ་ཆུང་ཆུང་གིས
ངའི་གྲིབ་གཟུགས་ཁྲོད་འཐིམས་ཀྱིན་འདུག
 
འདི་ལྟར    ང་རང་མེ་འཁོར་གྱི་འཁོར་སྒྲོམ་བཅོ་བརྒྱད་པའི་ནང་དུ་བསྡད་ནས་ཡོད
ང་ལ་དཔེ་ཆ་ཡོད     ང་ལ་སྨྱུ་གུ་ཡོད   ད་དུང་སྐྲ་ལོ་ཡོད
འདི་དག་ནི་ང་རང་རྨེག་མེད་དུ་གཏོང་བའི་རལ་གྲི་ཡིན་སྲིད་ནའང
འདི་དག་ནི་ང་ལ་དབང་བའི་ཡོ་ཆས་སྟབས་བདེ་དག་ཡིན་པས
བདག་གི་གཡས་ཕྱོགས་ནི་འཁོར་ལམ་རེད
བདག་གི་གཡོན་ཕྱོགས་ནི་སྒེའུ་ཁུང་ཡིན
སྒེའུ་ཁུང་གི་ངོས་ལ་ཆགས་པའི་རླངས་པ་དེ
ད་ནི་ཆུ་ཐིགས་སུ་གྱུར་ཏེ་ཤེལ་སྒོའི་ངོས་ལས་ཤོམ་གྱིན་འདུག
དེ་སྔོན་ངས་ཕངས་མྱོང་བའི་མིག་ཆུའི་དྭངས་གཙང་མེད་ནའང
ཆུ་ཐིགས་ཤིག་ཡིན་པའི་ངོ་བོར་བཙལ་ནས་ཤོམ་་ཚར་ན
ང་ཡང་རང་ཉིད་ཐོན་ཆོག་པའི་མཐའ་མཇུག་གི་ལོག་མལ་ལ་སླེབས
  2006.2.2
              
         ༣  T76མེ་འཁོར་ནང་གི་ངོས་དང་པོ

རྒྱང་སྒྲོག་ལས་བུ་མོ་དེའི་འཛེར་སྐད་ཡང་བསྐྱར་ལྷང་ལྷང་གིས་གྲགས་ཡོང
ཁོ་མོའི་ཁ་གྲགས་ཐེངས་རེ་རེ    འགྲུལ་བཞུད་པ་ཚོའི་རྒས་གཉེར་ཞིག་སྟངས་རེ་རེ་ཡིན
ད་ལྟ་མེ་འཁོར་གྱིས་མཚན་ལམ་འགྲིམས་རྒྱུ་ཡིན་ཟེར
ད་ལྟ་སྐུ་མགྲོན་རྣམས་ཀྱིས་ངལ་གསོ་གཏོང་རོགས་ཟེར
དུས་སྐབས་འདི་ལྟ་བུར་སྐུ་མགྲོན་རྣམས་ལ་སུན་སྣང་སྐྱེས་ཀི་ཡོད
ཁོ་ཚོར་སུན་སྣང་སྐྱེས་ཡོང་དུས་ཤ་སྐམ་འཆའ་ངེས      ཐུག་པ་འཐུང་སྲིད
ད་དུང་རྒུན་འབྲུམ་དང་ཀུ་ཤུ་ཆད་མེད་དུ་ཟ་ངེས
 
ཁོ་ཚོས་ཆུ་ཁོལ་འཐུང་སྲིད   སིལ་ཁུ་འཇིབས་ངེས
ད་དུང་སྦུ་རག་འཐུང་སྲིད
ཇི་ལྟར་འཐུང་ནའང   ཇི་ལྟར་ཟས་ནའང 
སྐྱོ་ངལ་སེལ་ཐུབ་པའི་འི་ཐབས་ཤེས་གཞན་རྙེད་ཀྱིན་མེད་པ་འདྲ
རྒྱགས་འཚལ་རྗེས་སྤྱོད་ཁང་འཚོལ་དུ་འགྲོ་དགོས
རྙེད་སླ་བའི་སྤྱོད་ཁང་ལ་སྔ་གཞུག་རྩོད་དགོས་པས་ཡང་སྙིང་སུན་སྣང་སྦར་ཡོང
ཁོང་ཁྲོ་བསླངས་ཡོང
 
མཚན་གུང་ལོན་དུས    ཁོ་ཚོ་གཉིད་ན་བསམ་གྱིན་ཡོད
སྣང་ཡུལ་དུ་ཤོང་བའི་འཇམ་མཉེན་གྱི་མལ་ཁྲི་རེ་བཙལ་རྗེས
རྨི་ལམ་རྨིས་ན་འདོད་ཀི་ཡོད
 
རྨི་ལམ་དུ   ཁྱོ་ག་དང་ཆུང་མ 
རྨི་ལམ་དུ   བྱིས་པ་དང་ཁང་ཁྱིམ    དངུལ་ཤོག་དང་མངའ་ཐང་རྨི་བསམ་ཀི་ཡོད
ད་དུང་སྐོམ་ཡོང་ཚེ་ཆུ་ཁོལ་འཐུང་ན་འདོད་ཀི་ཡོད
སྤྱོད་ཁང་ལ་སྔ་གཞུག་རྩོད་དགོས་བསམ་ན་སྐྱོ་བ་ལང་གི་ཡོད
  2006.1.19
    
       ༤   T76མེ་འཁོར་ནང་གི་ངོས་གཉིས་པ
བུ་མོ་ཁྱོད་ལ་རང་ཉིད་ཀྱི་མཛེས་རྒྱན་དུ་གྱུར་བའི་བྱིས་པ་ཞིག་ཡོད
ད་དུང་ཁྱོད་ལའང་རྨི་ལམ་ཡོད་སྲིད
རྨི་ལམ་ལས་གཞན་པའི་ངལ་དུབ་དང་བཀྲེས་སྐོམ་ཡོད་སྲིད
བྱིས་པའི་ངུ་སྔངས་དང་ཨག་རྒྱང་རེ་རེ་ནི་ཁྱོད་ཀྱི་སྐྱིད་སྡུག་གི་རོལ་དབྱངས་ཡིན་ནམ
མི་ཚོགས་ཀྱིས་ཁྱོད་ལ་བལྟེབས་པའི་རྣམ་འགྱུར་རེ་རེའི་བར་ལ་ཡང་སྙིང་ཅི་ཞིག་བསྐུང་ཡོད
ཁྱོད་རང་འཇིག་རྟེན་གྱི་ཨ་མ་ཞིག་ཡིན
མཚན་མོར་གཉིད་མི་ཁུག་པའི་བྱིས་པ་ཞིག་གི་ཨ་མ་ཡིན
བུ་ཆུང་གཉིད་མ་ཡོང་ཚེ་རང་སེམས་སྐྱིད་ལ་མི་འཇོག་པའི་གཞན་ཕན་དེ
ཁྱོད་ཀྱི་འཁོས་ཆུང་ལ་སེམས་པ་མི་ཐེག་པའི་དོན་གཞན་ཞིག་ཡིན་ནམ
 
ད་ནི་བྱིས་པ་གཉིད་སོང    
བྱིས་པའི་རྨི་ལམ་གྱི་སྣེ་མོ་ན་ཁྱོད་རང་ཡོད་དམ
བུ་ཆུང་སྐྱིད་ལངས་ལ་གཏོང་བའི་བུ་མོ་ཁྱོད་ཀྱིས
བྱིས་པའི་ཁ་མིག་ལས་ཅི་ཞིག་རྙེད་སོང
 
ཁྱོད་ཀྱིས་གཉིད་ཟིན་པའི་བུ་ཆུང་ཞིག་སྲུང་ནས་ཡོད
ཁྱོད་ཀྱིས་བུ་ཆུང་དང་ཁོའི་རྨི་ལམ་ལྷན་དུ་བཏེགས་ནས་ཡོད
                                               2006.1.19
    
       ༥  སྒེའུ་ཁུང་གི་ཕྱི་རོལ་གྱི་ཁ་བ  

ཁ་བ     ད་དུང་ཞུས་ཚར་མེད་ཀི
སྔོ་ལྗང་གི་གཡུ་ལོའི་གསེབ་ན    ལྷིང་འཇགས་ཀྱི་རྡོ་འབུམ་ཁྲོད་ན
ཡང་ན     རྒྱང་རིང་རྒྱང་རིང་གི
གསལ་ལ་མི་གསལ་པའི་གནམ་སའི་མཐུད་མཚམས་དེ
ཇི་འདྲའི་དྭངས་གཙང་གི      ཇི་འདྲའི་བག་ཡངས་ཀྱི
ངའི་སེམས་པ་བཞིན་ཡང་ཞིང་འཕྱོ
 
འཚོ་བ་ཟེར་བ་དེ     ལྩིད་མི་ཐེག་པའི་ཤིང་རྟ་་ཞིག་ཡིན་ནམ
མི་ཚེ་ཟེར་བ་ནི       ལྟེབས་མི་ཚར་བའི་ཤོག་ལྷེ་ཞིག་ཨེ་ཡིན
 
སྒེའུ་ཁུང་གི་ཕྱི་རོལ་ན      ཁ་བ
ཁ་བ    ད་དུང་ཞུས་ཚར་གྱིན་མི་འདུག་ནའང
ད་ལྟ      དཔྱིད་ཀ་ཟེར་བ་ཞིག་འཕུར་ནས་ཡོང་གི་ཡོད
དཔྱིད་ཀ་དང་འགྲོགས་ནས་ངའི་སེམས་པ་འཕུར་ནས་ཡོང་གི་ཡོད
 
སྙིང་ཉེ      མཛེས་སྡུག་གིས་བཞད་པའི་མེ་ཏོག་ཁྲོད་ཀྱི་ས་གཞི་དེ་ཨེ་ཡིན
སྙིང་ཉེ    མེ་ཏོག་ལ་བསུང་ངད་འཁྱུག་གིན་ཡོད་པ་བདེན་ནམ
ཁྱོད་ཀྱི་མིག་འོད་ལ་ནམ་ཡང་འགྲིབ་མི་སྲིད་པའི་ཟེའུ་འབྲུ་ཆགས་པར་སྨོན
                             2006.ལ་ཀྲིན་ཀྲིག་ནས།
            
          ༦  གནམ་བདེའི་སྒོ་ཆེན་དུ་འཛུལ་བ

ཏན་ཏན་ང་རང་ཁོ་ན་ཡོང་བ་ཡིན་པའི་དབང་དུ་བཏང་ན
ངས་སྒོ་མོ་དེ་ཕྱེས་ཐུབ་ཀྱི་མ་རེད
དེ་བས་ཀྱང་སྒྱོག་མདེལ་འདི་དག་མཐོང་ན་སྐྲག་སྣང་འཆོར་ངེས
ཅིས་ཀྱང་དཔའ་བོ་ཚོའི་མདུན་ནས་ང་རང་སྡར་མ་དེ་ཡིན་པས་ལན་ནམ
ཡུལ་སྐོར་བ་ཚོས   སྒྱོག་མདེལ་དང་མཉམ་པར་སྐྱོན་གྱིན་ཡོད
སྣེ་ཤན་པ་ཚོས     དེ་འབྲེལ་གྱི་ལོ་རྒྱུས་དང་རིན་ཐང་གླེང་གིན་འདུག
 
བདག་གིས་དེ་ལས་ཀྱང་མདེལ་རྫས་འགག་པའི་སྒྱོག་མདེལ་ཁྱོད་ལ་དྲན་གསོ་ཞུ་ཀི་ཡོད
ཁྱོད་རང་ཞི་བདེ་ལ་དགའ་བས་ཡིན་ནམ
ཡང་ན   ཁོ་བོ་ནང་བཞིན་སྡར་མ་ཞིག་ཡིན་པས་ལན
ད་ནི   ཁྱོད་རང་ཡུལ་འདིའི་ནང་རྟེན་དང་སྲོག་ཤིང་དུ་གྱུར་ཡོད་པས་ན
ཁ་གྲགས་མི་རུང    ཧོལ་རྒྱུགས་དེ་བས་ཀྱང་བྱེད་མི་རུང
 
འགྲོ་ཁ་མར   ངས་ཅིས་ཀྱང་ཁྱོད་ལ་འདྲ་པར་རྒྱག་མ་ཕོད
ཁ་མི་གྲགས་པའ་བུ་མོ་ཞིག་གི་སྣང་བརྙན་ག་ལེར་ཤར་ཡོང་བས
ཁྱོད་ཀྱིས་ང་ལ་ཉེས་པ་ཡོད་ཀི་མི་བསམ་རོགས
                                            2006.1.25
    
          ༧  ས་འོག་གི་ལྕགས་ལམ་དང་མི་ཚོགས
 
འདི་ནི་འཇིག་རྟེན་གཞན་གང་ཡང་ཡིན་མི་སྲིད་དེ
གནས་འདིར་ལྟ་སྐོར་ལ་ཕེབས་པའི་མི་ཚོགས་ཀྱི་རྐང་འོག་ཡིན
རྐང་འོག་ན     ཁྱོད་ཀྱི་དཀྱེལ་ཡངས་ཀྱི་བྲང་གཞུང
མི་ཚོགས་ཀྱི་རླངས་པ་ཐལ་ཐུལ་གྱིས
ངས་ཀྱང་སྲུང་ཁུར་དང་ཕྱག་མདུད་ཀྱི་བྱིན་རླབས་ཁུར་ནས་ཡོང་ཡོད
རྒྱུན་ལོབས་སུ་གོམས་པའི་རང་ཉིད་ཀྱི་དཔེ་ཁུག་ཏུ
ནམ་མཁར་མི་ཤོང་བའི་ཕུགས་བསམ་དང་སྟོང་བསམ་བཅུད་ནས་ཡོང་ཡོད
འདི་ལྟར   རྒྱང་རིང་ཞིག་ལ་སོང་ན་བསམ་གྱིན་ཡོད 
འདི་ལྟར   རྒྱང་རིང་ཞིག་ནས་ཕྱིར་རང་ཉིད་སྡོད་སའི་གྲོང་རྡལ་དུ་ལོག་ནའང་འདོད་ཀྱིན་ཡོད
 
རྒྱང་རིང་ནི  ངའི་རྐང་འོག་གི་ལྕགས་ལམ་འདིའི་ཕར་སྣེ་ན་མི་མཐོང་བའི་གསང་བ་དེ་ཡིན་ནམ
ཡང་ན་གསང་བའི་ཕ་རོལ་ནས་བདག་གི་རྐང་འོག་ལ་འཐེན་པའི་ལྕགས་ལམ་འདིའི་བར་ཐག་ཡིན་སྲིད
 
ཉི་ཟླ་མི་མཐོང་ཡང་བར་སྣང་ཡངས་པའི་ཁྱོད་ཀྱི་དག་ཞིང་ན
ཆར་བ་ཡོད་མི་སྲིད་ལ་རླུང་བུ་ཡང་ཡོད་མི་དཔེ
མནོལ་བཙོག་ཐེབས་སླ་བའི་ངའི་མིག་ཟུང་འདི་   ད་ལྟ་ཇེ་གསལ་དུ་འགྲོ་བའི་སྣང་བ་གཡོ་ཀིན་འདུག
ངའི་ཞི་དུལ་གྱི་གོམས་པ་སྤོ་སྟངས་རེ་རེ
ཁྱོད་ཀྱི་ལྡེམ་མྱུར་ལ་གཅུད་པའི་འགྱུར་ཁུགས་ཀྱི་དུང་བརྡ་ཡིན་ནམ
ངའི་སྙིང་ཆུང་གི་འཕར་ལྡང་ལ་བརྒྱུན་པའི་དུས་ཚོད་ཀྱི་མདའ་རྟགས་ཡིན
མདའ་རྟགས་ཀྱི་སྣེ་མོ་ན     ང་རང་ཇི་འདྲའི་ཡིད་དུ་འོང་བ་ཞིག་ཡིན་པ་ཁྱོད་ཀྱིས་མཐོང་སྲིད་དམ
 
དེ་རིང   ང་མི་ཚོགས་ཀྱི་རྐང་འོག་ལས་རྒྱང་དུ་གྱེས་ན་འདོད་ཡོད
ངའི་རྙིང་ཧྲལ་དུ་གྱུར་བའི་དཔེ་ཁུག་ལ་རང་ཉིད་ཀྱི་ཁ་དོག་བསྒོས་ནས
ཁྱོད་ཀྱི་ལྩི་ཚད་དང་མྱུར་ཚད་བསྡུས་ཏེ་ཕ་ཡུལ་དུ་འགྲོ་ན་འདོད་ཡོད
 
དྲང་མོར་བཤད་ན    ང་རང་གསར་འགོད་པ་ཞིག་ལས
ད་དུང་སྙན་ངག་པ་ཞིག་ཀྱང་བྱེད་ན་འདོད་ཀྱིན་ཡོད
2006.1.27

               ༨  ནམ་ཉི་མ་ཞིག་ལ་ཁ་ཕྱོགས་ནོར་སོང་ཚེ
 
དེ་སྔོན་ངའི་ཕ་ཡུལ་ལ་འདི་ལྟ་བུའི་ཉི་འོད་ཅིག་འཕྲོས་མྱོང
ཉི་འོད་ལ་བསིལ་རླུང་འདྲེས་པའི་དྲོད་ཁོལ་དཀྲོལ་མྱོང
དེ་རིང    ངས་ཉི་མ་ཁྱོད་གསེར་མདོག་གི་ཉི་མ་ཡིན་པར་རློམ་སྲིད
 
ཕར་བལྟས་ན་ཕ་མཐའ་མི་ཟིན་ཅིང
ཚུར་ཡོང་ན་ས་རྒྱའང་མི་ཆོད་དུས
དོན་ལ་རང་ཉིད་ཐང་ཆད་པའི་རྟགས་ཡིན
སྤྱི་སྤྱོད་རླངས་འཁོར་ལ་སྒུག་པའི་མི་ཚོགས   འཇེབ་འཁོར་སྐོར་བའི་ཁ་ལོ་བ
ད་དུང       ད་དུང་འདུ་འཛི་ལང་ལོང་གི་མཁའ་དབུགས
མི་རྣམས་ཀྱིས་ཉི་འོད་ཀྱི་འོག་ན་ས་བོན་གཏོར་ཅིང་འབྲས་བུ་སྡུད་ཀྱིན་ཡོད་ཨང
 
ཁ་ཕྱོགས་ནོར་སོང་ཚེ་ས་ཁྲ་ཡོད    ལག་འཁྱེར་ཁ་པར་ཡོད
ད་དུང་མེ་འཁོར་ས་ཚིགས་ཡོད
ས་ཚིགས་ལ་འབྱོར་ན
བུད་མེད་ཚོས་ཁྱོད་ལ་ལམ་སྣེ་འཁྲིད་སྲིད
བྲེད་ཤ་ལང་ལིང་གིས་ཁ་ཕྱོགས་སྟོན་སྲིད
 
མཚན་མོ་ལོན་དུས    ཁྱོད་ཀྱིས་ཁ་ཕྱོགས་ནོར་སྲིད
ཁྱོད་ཀྱིས་ས་ཁྲ་དང་ས་ཚིགས་འཚོལ་དགོས
ཁྱོད་རང་བྲེལ་ཤ་ལང་ལིང་གིས་འདུར་དགོས
                 2006.1.19 —  2006.2.3ལ་ལན་གྲུ་ནས་པེ་ཅིན་གྱི་ལམ་བར་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་ངོ་གཅིག་གི་ཕྱེད་ཀ(སྙན་ཚོམ)

2008-12-14 མདོ་སྨད་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།