ས་ཚིགས་དང་གྱེས་གདུང་གི་ལེའུ།

             ༡
ཁྱོད་ཀྱིས་ས་ཚིགས་དེ་མཐོང་ཨེ་བྱུང
ལྕགས་ལམ་འདིའི་ཕར་སྣེ་ན་ཡོད་པའི་ས་ཚིགས་དེ
མིན       ཉི་མ་ཞུ་ལ་ཉེ་བའི་རི་མགོའི་ཁ་བ་ཡིན
ཁ་བ་ཞུས་པའི་ཆུ་ཐིགས་ཀྱི་ཚུར་རོལ་ནི་ས་ཚིགས་དེ་ཡིན
             ༢
ཁྱོད་ཀྱི་མེ་འཁོར་ཆུ་ཚོད་དུས་ག་དུས་གཏོང་གི་ཡིན
ངས་མི་ཤེས་མོད   ད་ལྟ་སོང་ན་འཕྱི་མི་འདུག་བསམ
ངས་རང་ཉིད་སྡོད་སའི་མེ་འཁོར་དེ་མཐོང་མེད
མེ་འཁོར་དེའི་རིང་ཐུང་དང་ཁ་དོག་ད་དུང་ཤེས་མེད
ཡང་ན    དྲང་ཤུར་ཚེ་འདུག་པའི་ལམ་བུ་འདི་ཀྱག་ཀྱོག་ཅིག་ཡིན་པ་བསམ་མེད
 
ས་ཚིགས    འདུ་འབྲལ་གྱི་སྙིང་བོ་འཕྱུར་བའི་སྒོ་ཆེན་ཞིག་ཡིན་ནམ
ས་ཚིགས     རྔུལ་ཁྲག་དང་མིག་ཆུ    བརྩེ་འདང་གིས་གྲུབ་པ་བདེན་ནམ
 
དུང་བརྡའི་ངུ་འབོད    གློག་སྒྲོན་གྱི་ཁྲིད་སྟོན
མིན་ཏེ    ས་ཚིགས་རྒས་གཉེར་བལྟམས་དྲག་པའི་ཞལ་འཛོམས་གནང་ས་རེད
འཕྱུར་གྱིན་པའི་སེམས་པ     མཛེས་སྡུག་གི་མིག་རྒྱན
འོ་དྲི་འཐུལ་བའི་མཆུ་སྦྱོར་གྱི་སྟངས་སྟབས་ལས་དུས་ཚོད་འཕགས་ཀྱིན་པ་ཨེ་ཚོར
                  ༣
ལམ་ཀྱག་ཀྱོག་གིས་ང་ལ་མིག་ཆུ་བཙིར་ཡོང
མིན    འཁོར་སྒམ་གྱི་རོལ་དབྱངས་དྭངས་མོས་སེམས་པ་བསྒུལ་བ་ཙམ
སེམས་ཀྱི་རྩ་་བ་མིག་ཆུ་ཡིན་པ་ཁྱོད་ཀྱི་ཤེས་ན
མིག་ཟུང་དེ་ངའི་ཕྱོགས་སུ་ཡུན་རིང་མ་ལྷོད
སྙིང་གི་རྩེ་མོ་ཁ་བ་ཡིན་དཔེ་ན
ཁྱོད་ཀྱིས་མིག་ཟུང་གཏན་དུ་བཙུམས་ཡང་མི་ཉན
ཁྱོད་ཀྱི་མིག་ཆུའི་དྭངས་གཙང་ལ་འབག་བཙོག་ཐེབས་ངེས
དུས་འདི་ལྟ་བུར     མདུན་ཕྱོགས་ནི་ཅི་ཞིག་ཡིན་པ་རྒྱང་སྒྲོག་གིས་སྒྲོག་སྲིད
                     ༤
མདུན་ཕྱོགས་ནི་ས་ཚིགས་དེ་ཡིན་པས་ཁེར་རྐྱང་དྲན་ཡོང
ད་ནི   ཕན་ཚུན་ལ་དམ་པོར་འཁྱུད་རོགས
དྭངས་གཙང་གི་མིག་ཆུ་ཕྲག་སྟེང་ལ་དབབ་ཏུ་འཇུག་རོགས
མིག་ཆུ་བརྩེ་འདང་གིས་བྱོ་ཚར་ན
ཕན་ཚུན་ལ་འཛུམ་འཛུམ་རེ་གནང་ཞིང
སྨྲ་ལྕེ་འཁྲོལ་དཀའ་བའི་བདེ་མོ་སྟབས་བདེ་རེ་དྲུད་དེ
ཁྱོད་རང་མེ་འཁོར་གྱི་སྒོ་སྟེགས་ལས་དལ་བུར་ཤུད་སོང
ཕྱི་མིག་གི་གློང་ན་མཆི་མ་ཡོད་མེད་ངས་མ་མཐོང་ན་ཡང
འཁོར་སྒམ་གྱི་ནང་དུ་རེ་ཞིག་ཁུ་སིམ་མེར་གྱུར་ཡོད
མེ་འཁོར་གྱིས་བྲང་གཞུང་རྣོ་ལྕགས་ལ་བརྡར་ནས་རྒྱུགས་ཀྱིན་པ་བདག་གིས་ཤེས་ཡོད
                       ༥
སྙིང་ཉེ་བའི་ང་ཚོ     གྱེས་བྲལ་གྱིས་གམ་ལ་བཅར་ཡོང་དུས་ད་གཟོད་དུང་གཅེས་དྲན་ཡོང
དུང་གཅེས་དྲན་ཡོང་དུས་འཕྱིས་སོང་བ་ཨེ་ཡིན
རེ་སྙེག་གི་སྣང་བ་སྐད་ཅིག་མའི་དུས་ལ
ཁྱོད་ཀྱིས་ཡུན་རིང་ལ་བསྒུགས་པའི་གཅེས་སེམས་ལྷོད་རོགས
ཅིའི་ཕྱིར་ང་ཚོས་ལམ་གྱི་སྣེ་མོ་ན་ས་ཚིགས་ཡོད་པ་མ་ཤེས
ད་ནི    མུ་མཐུད་དུ་སོང་དང་ལམ་གྱི་སྣེ་མོ་ཟིན་ལ་ཉེ
ལམ་གྱི་སྣེ་མོ་ན    ད་དུང་ས་ཚིགས་ཡོད་པ་མ་བརྗེད
ཁྱོད་ཀྱི་རྐང་འོག་ན་ཡོད་པའི་ས་ཚིགས་ལེབ་མོ་དེ
མིན    ཉི་མས་ཞུ་ལ་ཉེ་བའི་རི་མགོའི་ཁ་བ་ཡིན

                  2006.2.5 — 6ལ་པེ་ཅིན་ནས་ལན་གྲུར་བགྲོད་པའི་རྒྱང་གཅོད་མེ་འཁོར་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་ཚིགས་དང་གྱེས་གདུང་གི་ལེའུ།

2008-12-14 མདོ་སྨད་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།