སྐར་མདའ།

ལྷ་སྡེ་གནམ་ལོ་ཡག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-14

                 _____མཁས་དབང་ཟླ་བ་ནོར་བུ་རྗེས་སུ་དྲན་པ།

འཛམ་གླིང་ཡངས་པོའི་མཁའ་ངོས་སུ་ཁྱེད་ཉིད་ལྷམ་མེར་འོད་དུ་འཚེར་མྱོང

མི་རིགས་ལས་ངན་ཞིག་གི་སྡུག་ཡུས་ཕྲག་པར་འཁུར་བཞིན་མདུན་དུ་བསྐྱོད
མིས་བཟོས་འགལ་རྐྱེན་དུ་མའི་གཉའ་ལྟག་ལ་ཞབས་སོར་འགོད་ཀྱིན
ལམ་ཐག་ཧྲིལ་བོར་གཡག་རྒོད་གཉིད་ཀྱིས་མི་ཚུགས་པའི་རོལ་གཞས་གྱེར་བས
མི་སེམས་སྒུལ་བའི་འགྱུར་ཁུགས་གཉོམ་པོས་འཛམ་གླིང་ལ་གཡོ་འགུལ་བསླངས་ཤིང
སྡུག་ཡུས་འོག་འཕག་འཚག་གཉེར་བའི་མི་རབས་ཤིག་གི་གཏི་མུག་རྒྱང་དུ་བདས

དེ་ནི་ཡབ་མེས་ནས་བརྒྱུད་པའི་འོས་འགན་ཉིད་ཀྱིས་བརྒྱུད་འཛིན་གནང་ངམ
མར་ལེ་རིང་ལུགས་ཀྱི་ལྷ་རམས་དམ་བཅའི་གསར་རྙེད་རིགས་ལམ་ཡིན

ངས་ཁྱེད་རང་མཁའ་མཐར་བཞུད་པའི་རྒྱབ་ཡོལ་ལ་ལྟ་བཞིན
ཐོ་རེངས་བསླེབ་ལ་ཉེ་སྐབས་བཞུད་དོན་ཅི་ཞེས་རང་ལ་དྲིས
ཅི་འདྲའི་གླེན་ཞིང་འཕྱིས་དྲགས་པའི་དྲི་བ་ཉམ་ཆུང་ཞིག་ཨང

ཉིད་ཀྱི་ལྷག་བསམ་དང་ཁྲེལ་གཞུང་དྲན་ཐེངས་རེར
དོན་ལྔ་སྣོད་དྲུག་སྙིང་ལས་བརྡོལ་བའི་ཁྲག་གིས་བརྫིས
འདི་ནི་མི་རིགས་ལས་ངན་ཞིག་གི་ལམ་འགྲོའི་ལྡོག་འཆར་ཡིན་ནམ

ང་རང་བརྗིད་པའི་ཧི་མ་ལ་ཡའི་རི་ངོགས་སུ་འགྲེང་ཀྱིན
གཡག་རྒོད་གཉིད་ཀྱིས་མི་ཚུགས་པའི་རོལ་གཞས་སླར་ཡང་བརྡོལ་བར་གསོལ་སྨོན་གྱེར
འཛམ་གླིང་ལ་གཡོ་སྒུལ་བསླངས་པའི་གཟི་ཉམས་བསྐྱར་དུ་མངོན་པར་རེ་སྒུག་འཕྱོ

ཉིད་ཀྱི་མཁྱེན་རྒྱ་དང་སྤོབས་སྟོབས་དྲན་ཐེངས་རེ་རེར

                 ཕྱི་ལོ༢༠༠༦ལོའི་ཟླ༥བའི་ཚེས༣༠ཉིན།

མཆན། མཁས་དབང་ཟླ་བ་ནོར་བུ། ཕྱི་ལོ༡༩༤༩ལོར་བོད་དབུས་ས་སྐྱར་སྐུ་འཁྲུངས། རྒྱ་གར་ནང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ཤིང༌། ཕྱི་ལོ༡༩༨༢ལོར་ཨ་རིའི་སཱ་སྤན་སེ་སི་ཀའོ་སློབ་གྲྭ་ཆེན་མོར་མར་ལེ་གཞུང་ལུགས་ཀྱི་ལྷ་རམས་པའི(PH.D)དམ་བཅའ་བཞག  རྒྱ་གར་ནའེ་རཱའོ་སློབ་གྲྭ་ཆེན་མོའི་ཨེ་ཤི་ཡ་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་དང་ལྷ་རམས་སློབ་མའི་མཛུབ་སྟོན་པ་གཅིག་ལྕོགས་ཀྱི་འགན་བཞེས་ཡོད་པའི་ཁར། འཛམ་གླིང་རིམ་པའི་མཁས་དབང་གི་མཚན་ཐོབ་ཀྱང་རག་ཡོད། འཛམ་གླིང་རིམ་པར་འགྲོ་རྒྱུགས་ཆེ་བའི་བརྩམས་ཆོས<<བོད། བགྲོད་ལམ་རྐང་འོག་ན>>སོགས་ཀྱིས་གཙོས་པའི་བརྩམས་ཆོས་མཐའ་ཡས་པ་ཞིག་ཡོད། ཕྱི་ལོ༢༠༠༦ལོའི་ཟླ༥བའི་ཚེས་༢༧ཉིན་གྱི་མཚན་མོར་ལྡི་ལི་ནས་དགོངས་པ་རྫོགས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐར་མདའ།

2008-12-14 ལྷ་སྡེ་གནམ་ལོ་ཡག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།