ཁྱེད་ལ་དུང་བའི་འཕྲིན་པ་ཟུར་གསུམ་མ།

འབྲི་འདོད་པ་དེ
རླུང་བུས་བསྐྱོམས་པའི་ས་སྲོད་ཀྱི་མཚོ་མོ་ཡིན་ལ
མཐོང་འདོད་པ་དེ
མཐིང་མདོག་གི་མཁའ་དབྱིངསན་འཚེར་བའི་རྨི་ལམ་གྱི་སེམས་འགྱུ་ཡིན
དེ་བས   ལྷེམ་ལྷེམ་འབར་བའི་ཞག་སྒྲོན་གྱི་འོད་ངོགས་ནས
ཆེ་དམའ་བའི་རི་ལུང་གི་དྲན་ཤིང་འཐུ་བཞིན
སྡེ་ཆེན་པོར  མྱ་ངན་གྱི་མིག་ཆུ་མཆོད

ཤེལ་གྱི་བྲག་ཕུག་ནས་དར་བའི་གདོང་རྒྱུད་དམར་བོ
གནམ་གྱི་ལེགས་དྲུག་གིས་བསྡུས་པའི་རུ་སྡེ་ཕྲ་མོ
ད་དུང   ས་ཆེན་གྱི་ཐོངས་ཀ་གོམས་པས་འཇལ་བའི་མི་བུ་དག་གིས
སྡེ་ཆེན་པོའི་རི་གྲོང་འདི་ནས
མཚར་སྡུག་གིས་འཁྲུངས་པའི་མེ་ཏོག་ལ་དཀྲག་མདངས་བསྣན་མྱོང་ལ
རྟ་མཆོག་གི་སུག་བཞི་གོར་མོས་ས་ཆེན་གྱི་བྲང་ཁོག་རྡུང་མྱོང
ཡིན་ཡང  བཞུད་ཟིན་པ་དེ་འཛིན་མེད་ཀྱི་འཇའ་གཟུགས་ཡིན་པས
ངས་ཡང་བསྐྱར་གླེང་མི་འདོད
གླེང་དང་ན་ཚང་མ་ཆུ་རེད   ཆུ་གཙང་བོ་འདྲེས་ས་མཚོ་རེད

སྐྲ་ལོ་དཀར་བའི་ཨ་ཕ་དེ
བཞོ་ཟེའུ་བཟུང་པའི་ཨ་མ་དེ
ད་དུང  ལས་སྐལ་གྱི་སྒོ་གླེགས་མ་དཀྲོལ་བའི་ན་ཟླ་ཚོ
རེ་རེ་ནས་རེ་རེ་བཞིན
མགྲོན་པོ་བཞིན་ཡོང་སྟེ   མགྲོན་པོ་བཞུད་ན
འཇིག་རྟེན་གྱི་ངོ་གདོང་འདི་སུ་ཞིག་གི་ང་ཚོར་གནང་བའི་རྟག་བརྟན་གྱི་སྙན་ངག་ཡིན།
ཡང་ན  འཚོ་དགོས་པའི་གཅེས་ཕྲུག་ཚོར
སུ་ཞིག་གིས་བུ་ལོན་ཆད
དེ་བས   འཚོལ་བསྙེགས་གསར་བ་དེའི་ཆེད་དུ
སེམས་པ་སྙན་ངག་ལ་བཅོལ་ཏེ
དུངས་པ་དངོས་མ་དེ་འཚོལ་བཞིན་ཡོད
               ༢༠༠༦ ༤ ༢༣

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ལ་དུང་བའི་འཕྲིན་པ་ཟུར་གསུམ་མ།

2008-12-14 ལྡོང་མཚོ་རྡེའུ། ཀློག་གྲངས། མཆན ཡོད།

འབྲི་འདོད་པ་དེ
རླུང་བུས་བསྐྱོམས་པའི་ས་སྲོད་ཀྱི་མཚོ་མོ་ཡིན་ལ
མཐོང་འདོད་པ་དེ
མཐིང་མདོག་གི་མཁའ་དབྱིངསན་འཚེར་བའི་རྨི་ལམ་གྱི་སེམས་འགྱུ་ཡིན
དེ་བས   ལྷེམ་ལྷེམ་འབར་བའི་ཞག་སྒྲོན་གྱི་འོད་ངོགས་ནས
ཆེ་དམའ་བའི་རི་ལུང་གི་དྲན་ཤིང་འཐུ་བཞིན
སྡེ་ཆེན་པོར  མྱ་ངན་གྱི་མིག་ཆུ་མཆོད

ཤེལ་གྱི་བྲག་ཕུག་ནས་དར་བའི་གདོང་རྒྱུད་དམར་བོ
གནམ་གྱི་ལེགས་དྲུག་གིས་བསྡུས་པའི་རུ་སྡེ་ཕྲ་མོ
ད་དུང   ས་ཆེན་གྱི་ཐོངས་ཀ་གོམས་པས་འཇལ་བའི་མི་བུ་དག་གིས
སྡེ་ཆེན་པོའི་རི་གྲོང་འདི་ནས
མཚར་སྡུག་གིས་འཁྲུངས་པའི་མེ་ཏོག་ལ་དཀྲག་མདངས་བསྣན་མྱོང་ལ
རྟ་མཆོག་གི་སུག་བཞི་གོར་མོས་ས་ཆེན་གྱི་བྲང་ཁོག་རྡུང་མྱོང
ཡིན་ཡང  བཞུད་ཟིན་པ་དེ་འཛིན་མེད་ཀྱི་འཇའ་གཟུགས་ཡིན་པས
ངས་ཡང་བསྐྱར་གླེང་མི་འདོད
གླེང་དང་ན་ཚང་མ་ཆུ་རེད   ཆུ་གཙང་བོ་འདྲེས་ས་མཚོ་རེད

སྐྲ་ལོ་དཀར་བའི་ཨ་ཕ་དེ
བཞོ་ཟེའུ་བཟུང་པའི་ཨ་མ་དེ
ད་དུང  ལས་སྐལ་གྱི་སྒོ་གླེགས་མ་དཀྲོལ་བའི་ན་ཟླ་ཚོ
རེ་རེ་ནས་རེ་རེ་བཞིན
མགྲོན་པོ་བཞིན་ཡོང་སྟེ   མགྲོན་པོ་བཞུད་ན
འཇིག་རྟེན་གྱི་ངོ་གདོང་འདི་སུ་ཞིག་གི་ང་ཚོར་གནང་བའི་རྟག་བརྟན་གྱི་སྙན་ངག་ཡིན།
ཡང་ན  འཚོ་དགོས་པའི་གཅེས་ཕྲུག་ཚོར
སུ་ཞིག་གིས་བུ་ལོན་ཆད
དེ་བས   འཚོལ་བསྙེགས་གསར་བ་དེའི་ཆེད་དུ
སེམས་པ་སྙན་ངག་ལ་བཅོལ་ཏེ
དུངས་པ་དངོས་མ་དེ་འཚོལ་བཞིན་ཡོད
               ༢༠༠༦ ༤ ༢༣

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།