སྙན་ངག་རིང་མོ། ན་ཟུག་གི་བརྒྱུད་རིམ།

རྒྱུས་མེད་པའི་ངོ་གདོང་རེ་ཁྱེར་ནས  
མི་རྣམས་ཀྱི་མདུན་དུ་རང་ཉིད་འབྲི་བར་བརྩམས  
ཁྱེད་ཀྱིས་དེ་དུས་ང་ལ་བག་ཆགས་ཐོག་མར་བཞག   
འབྲོག་པ་ཞིག་གི་དྭངས་གཙང་གིས   
ས་རྡུལ་ཕྱགས་མས་འདེད་རྒྱུ་དེ    
དེ་འདྲའི་རྫོབ་པོ་ཞིག་ཡིན་པ   ཡིད་ལའང་མ་ཤར  
འོན་ཀྱང   ཚ་གདུག་གི་ཁྲོད་ནས   
ཁྱོད་ཀྱི་རོགས་རམ་དེ་ང་ལ་ཅི་འདྲའི་མཁོ་ཨང   
ཚ་ཟེར་གྱི་སེམས་པ་དེར་ཆུ་ཐིགས་ཤིག་ཟགས་བྱུང  

ང་རང་ནི་ཆེས་རྒྱང་རིང་ནས་འོང་བ་ཡིན  
ང་ལ་ལ་རྒྱ་ཞེས་པའི་འདུ་ཤེས་དེ་བརྟན་པས   
ངས་བུ་མོ་ཁྱོད་ལ་ཐོག་མར་ཁ་རྩོད་རྒྱབ   
རྒྱུ་མཚན    ང་ཚོ་ནི་ཁྱོད་ཚོའི་ཡིད་ནང་གི་དེ་འདྲ་མིན་ལ   
ང་ཚོའང་དོན་མེད་དུ་བརྙས་བྱ་མིན་པ་གསལ་བཤད་བྱས   
འབྲོག་པ་ནི་ནག་པོ་ཡིན་པ་མངོན་སུམ་ཡིན་ཀྱང   
འབྲོག་པ་ཡི་དཀར་གསལ་མཐོང་བ་རེ་གཉིས་རེད   
མཇུག་མཐར་ཁྱོད་ཀྱིས་དགོངས་དག་ཞུས་ཀྱང     
ངས་ཞེ་སྡང་གིས་དང་ལེན་བྱེད་མ་ཐུབ   

དབྱར་ཁ་དེར་ཚ་བ་ཧ་ཅང་ཆེ་བ་འདྲ་ལ   
ཞབས་བྲོ་རྒྱག་རྒྱུ་དེས་ང་རང་ལྷག་པར་མེ་རུ་སྦར  
རྔུལ་ཆུ་དང་རྔུལ་ཆུ་འདྲེས་ནས་གྱོན་པ་བརླན   
ཁ་ཤ་དང་མིད་ཐག་བསྲད་ནས་བཟོད་བསྲན་དཀའ   
གར་གྱི་སྟངས་སྟབས་རེ་རེ་ན་ཟུག་གིས་བསྒྱུར་ལ  
སྙན་པའི་རོལ་དབྱངས་ཟབ་མོ་ཨུ་ཚུགས་ཀྱིས་མིད   
སྒོ་མོ་དེའི་ཕྱི་རོལ་ན   ལྷག་བསམ་དང་བརྩེ་འདང་གི    
སྐོམ་ཆུ་ལྡུད་མཁན་ཁྱོད་ཡོད་པ   ངས་ཅི་ལྟར་ཤེས    ཅི་ལྟར་ཤེས   

ནུབ་མོ་དེར   བཀའ་དྲིན་ཞིག་གསབ་ཕྱིར  
ང་ཚོ་ཟ་ཁང་དེ་ནས་ཁ་གཏད་དུ་བསྡད   
གྲོགས་པོ་འགའ་ཤས་ཀྱིས   ཆང་དང་མཉམ་དུ   
ངེད་གཉིས་ལ་བློ་འདས་ཀྱི་བསྙད་འདོགས་བྱས་ཀྱང  
ངས་དེ་དག་དང་ལེན་བྱ་འདོད་ལ   
མདུན་གྱི་ཟ་མ་ངན་ངོན་དེར་བྲོ་བའང་ཧ་ཅང་འཛོམས་པ་འདྲ   
ཁྱོད་ཀྱིས་ཀྱང་སྐད་ཆ་དེ་དག   
མངོན་སུམ་ཡིན་ན་ཅི་མ་རུང་སྙམ་མམ   

དཔེ་ངོས་དང་རྒྱུགས་འབྲས་ཀྱི་ང་རྒྱལ་འཐུ་བའི་ང་ལ་མཚོན་ན  
བུ་མོ་རེ་རེ་དེ་འདྲའི་ཡིད་འོང་ལ་བརྩིས་མེད་མོད   
ཁྱོད་ཀྱི་ཧུར་བརྩོན་གྱི་རྣམ་འགྱུར་དང   
ང་ལ་རོགས་རམ་གྱི་ལྷག་བསམ་རྣམས་ཀྱིས  
ཁྱོད་ནི་ང་ལ་ཆེས་ཐག་ཉེ་བར་བསམས་ལ  
ཁྱོད་ཀྱི་འགྲོ་འདུག་གི་གོམ་བར་ནས  
ངས་གསང་བའི་ཉིན་ཐོ་ཞིག་སེམས་སུ་ཉར་མགོ་བརྩམས   

ཉིན་དེར   སློབ་ཁང་ན་ངེད་གཉིས་ལས་མེད    
གཉའ་ཞུམ་པའི་སྤོབས་པ་འདིས    
ངའི་བརྩེ་འདུན་གྱི་བརྗོད་པ་ཅི་ལྟར་འཆད   
ཀུ་རེའམ་ཨུ་ཐུག་གི་རྩེད་མཚར་གྱིས  
ཁྱོད་ལ་མིག་བཙུམ་དུ་བཅུག་ཏེ     ཚོར་བའི་རྒྱུགས་ཤིག་བླངས   
དེ་ནི    ཁྱོད་ཀྱི་ཐོད་པ་དང་ལག་མཐིལ་ལ    
ང་ཁྱོད་ལ་དགའ་ཞེས་བྲིས    
ང་ཕྱི་རུ་སོང་རྗེས་ད་གཟོད་ཁྱོད་ཀྱིས་མིག་ཕྱེ་ཡོད་ངེས    

དེ་ནས་བཟུང    གཉོམ་ཆུང་གི་སེམས་པ་འདི   
ཁྱོད་ལ་སྐྲག་པ་འདྲ་སྟེ་ཁྱོད་ཀྱི་ཉེ་སར་བཏུད་མ་གཏུབས     
ཕྱི་དྲོ་དེར   ལྒང་རྒྱག་འགྲན་བསྡུར་དེའི་སྟེང་ནས    
ཁྱོད་ཀྱིས་ངའི་ཆེད་དུ་གྲོགས་མོ་ཞིག་ལ་ཁ་རྩོད་ཤོར་སྐད   
ཁྱོད་རང་ངའི་རྣམ་དག་གི་ལྟད་མོ་བ་ཡིན་ནམ  
དེ་བས     ངས་སྤོབས་པ་ཡོད་རྒུ་ཆིག་སྒྲིལ་གྱིས   
ཁྱོད་ཀྱི་མདུན་དུ    མཚན་མོ་ང་ལ་སྒུག་སྡོད་ཅེས  
ཤོག་བྱང་དེ་ཤུགས་ཀྱིས་འཕངས་བས  
ཅུང་ཙམ་གྱིས་སྙིང་ཆུང་ཡང་ཁ་ནས་སྐྱུག་སོང   

དགོང་སྦྱོང་གྲོལ་རྗེས   སློབ་གྲོགས་རྣམས་རེ་རེ་བཞིན་གཤར་སོང   
ཆེས་མཇུག་ཏུ་ལུས་པ་ནི་ང་དང་ཁྱོད   
ང་དང་ཁྱོད་ཁོ་ན་ལུས་པས  
ཁུ་སིམ་པའི་བར་སྣང་གིས་ང་རང་འཁྱག་རེངས་སུ་བྱས   
ང་ནི་སྡོད་གནས་ནས་འགུལ་ཀྱང་མི་ཐུབ  
ཡུན་རིང་འགོར་རྗེས་ཁྱོད་རང་ངའི་འགྲམ་དུ་ཐོན་བྱུང  
ང་ཚོ་འགྲོ    གློག་ཀྱང་གཟིམ་ལ་ཉེ   
སྐད་ངག་འདི་འདར་གྱིན་ཡོད་ལ་ལག་པའང་འདར་གྱིན་འདུག    

སེམས་པ་གཉིས་ལ་སེམས་འདུན་ལྩི་ཡང   
སེམས་པ་གཉིས་སྤོབས་པ་དང་འཇིགས་སྐྲག་གིས་མནར་ནས་ཡུན་རིང་འགོར    
རིམ་བཞིན་གོམས་འོང་བའི་ཆོས་ཉིད་ཀྱིས   
ངེད་གཉིས་ཀྱིས་གཡུ་རླབས་ཀྱི་ཞིང་ཁ་བརྒྱུད་ཅིང   
གྲིབ་བསིལ་གྱི་ལྗོན་གསེང་ཉུལ་ནས   
སོ་སོའི་བྲང་ཁོག་ལ་སྙིང་གཏམ་གྱི་མེ་ཏོག་བཙུགས   
ང་ཡི་དགའ་ཕྱོགས་ཏེ   གྲོང་བརྡལ་གྱི་མཚན་མོ་བལྟ་བར   
ཁྱོད་ཀྱིས་ང་རང་ཡང་ཡང་ཁྲིད་དེ   
དེའུ་མགོ་དེ     ལྷིང་འཇགས་ངང  
ངེད་གཉིས་འདུ་འཛོམས་ཡུལ་དུ་བྱས     

གུང་གསེང་(དབྱར་སྒར)གི་སྐབས་ཤིག་ལ    
སློབ་གྲོགས་ཚོའི་རྩེད་དགོད་རས་གུར་གྱིས་མ་ཁེག    
ནེའུ་གསིང་གི་རྩྭ་ལྗང་དང་མེ་ཏོག   
ངེད་ཚོ་ལ་བྱམས་དུང་གིས་འཁྱིལ   
ངེད་གཉིས་ཀྱིས་དཔུང་བ་སྦྲེལ་ནས་ཆུ་ཁར་ཐོན   
ཆུ་ཁ་ན་ཅི་ཡང་མེད་པས      
ཁོམ་པ་ལྟར   ངེད་གཉིས་ཀྱིས་རྡེའུ་འཐུ་མགོ་ཚུགས     
ཁྱོད་ཀྱིས    རྡེའུ་རྣམས་ཁྱོད་ཡོད་པས་ཧ་ཅང་ཡག་ཟེར   
ངས་ཚེ་གང་པོར་གཅེས་སྤྲས་བྱེད་ཟེར   
ཡུད་ཙམ་ནས་ངས་དེ་དག་བརྗེད་སོང    

དུས་ཚོད་ཀྱི་མདོ་ཁར་ཉིན་རེ་ནས་ཉིན་རེ་རྒྱུག་པས 
འཇིགས་རུང་གི་མཇུག་འབྲས་ཤིག་ལྷགས་ལ་ཉེ  
དེ་བས   ཨུ་ཐུག་པའི་ལག་ཐབས་ཀྱིས    
ངས་འཇོག་མི་འདོད་པའི་བདེ་མོ་བཞག    
ཁོར་ཡུག   གོམས་སྲོལ   བར་ཐག་གི་རྒྱུ་རྐྱེན་བགྲང་སྟེ   
ཁྱོད་ཀྱི་མཆི་མ་དེས་ལུས་ཡོངས་བརླན་པར་བྱས  
བསྒྱུར་ཏུ་མེད་པ་བརྩེ་དུང་དང་དམ་བཅའ     
བདག་གི་རུས་པའང་སེམས་འགུལ་གྱིས་སྙི་མོར་བཏང     
བརྩེ་དུང་གི་འདྲེན་ཤུགས་འདི་བླ་མེད་ཀྱི་སྟོབས་ཤུགས་ཡིན   
རི་ཆུ་སྟོང་ཕྲག་གི་ཕན་ཚུན་ནས    
དྲན་གཞིག་གི་སྐར་མ་བཏུས་ཏེ  
སྙིང་གཏམ་གྱི་ཡིག་འབྲུ་རེ་རེ   དྲན་པའི་འཚོས་པའི   
འབྲི་མར་དང་འོ་ཞོ་ལྟ་བུའི་འཕྲིན་པ་རེ་རེས   
མི་མངོན་པའི་བརྩེ་སྐུད་འཐེན   
འཕྲིན་པ་རྣམས་དགའ་སྤྲོ་དང་ན་ཟུག་གི་མཆི་མ་ཡིན་པས    
ཁྱོད་ཀྱིས་རང་དབང་བརྩོན་ལེན་གྱིས    
རང་ཉིད་ཀྱི་སེམས་འདུན་ཕ་མར་ལབ   

འཚོ་བས་སྨིན་པའི་ཁྱོད་ཀྱི་ཡབ་ཡུམ་གྱིས   
ང་ལ་རྒྱུས་ལོན་ཞིག་བྱས་རྗེས་སྔམ་པ་ཞིག་ཤོར་སྐད   
བུ་མོ་གནས་ལ་མ་འགྲོ  མག་པར་བསུས་དང   
ཁྱོད་ཀྱི་རེ་བ་སྐོང་ངེས་གསུངས     
མིན་ནོ་མིན་ནོ   དེ་ནི་ག་ལ་རུང   
ཁྱོད་ཀྱིས་ང་དང་ངའི་ཆེད་དུ    
འགྱུར་མེད་ཀྱི་དམ་བཅའ་བཞག་སྐད   
གནས་ལུགས་ཀྱི་གོ་རིམ་བཤད་སྐད  
འོན་ཀྱང   ཕ་མ་གཉིས་ཁྱོད་དང་གྱེས་ནས་བུད་སོང    

དྲན་གདུང་གི་རྟིང་མར་མི་འདོད་པའི་རྡོ་བ་བསྣན་པས   
ཁྱོད་ཀྱིས་དུས་ཚོད་ཀྱི་ངང་སྒུག་ཁྲོད  
མེ་ཏོག་འདྲ་བའི་རྨི་ལམ་སླེས་ཀྱིན    
སྟོབས་ཤུགས    རྒྱལ་ཁ    ཡིད་ཆེས་ཀྱིས   
ཕམ་མི་རུང་གི་བརྩེ་བཞག་ལ་གཉོར་སྐྱོང་བྱས   
བསྐལ་བའི་ལས་འཕྲོ་དང་བསླད་མེད་བསམས་ནས    
དང་པོའི་བརྩེ་དུང་དང་མཇུག་འབྲས་བསམས་ནས    
མེ་ཏོག་གི་དྲི་བ་ཕྱོགས་སུ་བཏང་མྱོང   

སྲོལ་རྒྱུན་གྱི་སེམས་པ་རྡོ་ལ་མ་བྱས་རུང   
ཐལ་ལྕག་གི་མནར་གཅོད་གདོང་ལ་ཐེལ་དུ་བབས    
ཀྱེ་མ     ཀྱེ་ཧུད    དེ་ལས་ཀྱང་སྡུག་པ་ནི     
ཨ་ཕའི་སྙིང་རླུང་འཚངས་ཏེ་མལ་དུ་ལོག   
ཨ་མས་དམོད་མོ་གྱེར་ཏེ་ཕྱི་རུ་དེད    
གཅེན་གཅུང་མིང་སྲིང་གི་མིག་མདངས་ཀྱང་ཐེ་ཚོམ་གྱིས་འཚེར་བས     
ཁྱོད་རང་གང་དུ་ཕྱིན་ན་འགྲིག་གམ    
ཕ་མས      གདམ་ང་འདི    ཐོག་ལྟར་ཁྱོད་ལ་འཕངས     
ཡུལ་དང་མཛའ་བོ་གཉིས་ལས་གཅིག་རང་འདོམས     
དེ་རིང་ནས་གཅིག་དེ་ཡོད་ན་གཅིག་དེ་མེད       

ཁྱོད་ལ་ཐམས་ཅད་དབང་བའི་བསོད་ནམས་མེད་དམ     
ཁྱོད་རང་མཚན་ནུབ་རིང་མོ་ངུས་ཏེ་ཉི་མ་བསུས   
གསོན་ཤུགས་བྲལ་བར་ལས་ཀ་ཙམ་བྱས་རྗེས    
གཞི་ནས་རང་ཉིད་ལ་ཡུལ་མེད་པའི་སྣང་བ་ཤར    
དུས་ཚིགས་འདི་དལ་བུར་གྱུར་ལ་ན་ཟུག་འདི་བླ་ལྷག་འཕེལ     
མཛའ་བོ་ལགས     ཁྱོད་ཀྱིས་ག་ཚོད་ན      
ང་ཡི་ཡོད་ཚད་རྟོགས་ཡོད་དམ    
ངའི་བརྗོད་འདོད་འདི་ཆུ་བོ་ཞིག་ཡིན་ན་རི་བོའང་འཁུར་ངེས    
ངའི་གླེན་རྟགས་འདིར་རྡོ་བ་ཞིག་ཡིན་ཀྱང་མཆི་མ་ཡང་འདོན་སྲིད     
ཕེབས་ཤོག   ཕེབས་ཤོག       
འཛུམ་མདངས་དང་དགོད་སྒྲ་སྣོམ་ལ  
བྱམས་བརྩེ་དང་འཇམ་ཤ་ཁྱེར་ཏེ     
ད་ལྟ་ཉིད་དུ     ང་ཡི་མདུན་དུ་ཕེབས་ཤོག    

ང་རང་གདོད་མའི་རི་གྲོང་ཞིག་ན     
ས་རྡུལ་གྱི་ཁང་མིག་ཞིག་ན    
ཁྱོད་ཀྱི་འདྲ་པར་གྱི་འཛུམ་མདངས་ལ་རློམ་གྱིན      
དྲན་གདུང་གི་ཐ་སྙད་རེ་རེ་སྙན་ངག་གིས་སྒྲུག་ནས    
འཆར་འགོད་རབ་རིབ་དང་སྟོང་བསམ་ཐན་ཐུན་ངང      
ཆུ་ཚོད་ཀྱི་ཆུ་མོ་དལ་གྱིས་བརྒལ     
བརྩེ་དུང      རླབས་ཆེན་དང་འདྲེན་ཤུགས་ཀྱིས་འབར   
ས་ཆེན་པོ་འདིའི་རྒྱན་ཆ་བརྩེ་དུང་མིན་ནམ    
གནམ་སྔོན་པོ་འདིའི་གཅེས་ཕྲུག་བརྩེ་དུང་མིན་ནམ      
བརྩེ་དུང་གི་རྐྱེན་པས    
དྲིན་ཆེན་ཕ་མ་ཡི་བཀའ་རྒྱ་ཕོག་ཐུག་གཏོང་ཕོད     
མཛའ་བཤེས་གཅེན་གཅུང་གི་འཁང་ར་རྒྱབ་ཏུ་སྐྱུར་ཕོད    
མཇུག་འབྲས་ཤིག་འདོད་དོན་བཞིན     
ད་དུང    སྨིན་ཡོང་མི་སྲིད་ཀྱང    
སུ་ལའང་གཞར་ཡང་འཁང་སེམས་བྲལ    
སྨོན་འདུན་དང་མཆི་མ    དགའ་དུང་གིས    
ངེད་གཉིས་དེ་ནས་བཟུང……….
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རིང་མོ། ན་ཟུག་གི་བརྒྱུད་རིམ།

2008-12-14 ཀུན་ཐར་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།