ལྷ་ས།

རྨོག་རུ་ཤེས་རབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-14

བོད་པ་ཚོའི་སེམས་ན་མཛེས་པའི་ལྷ་ས
རྒྱ་ནག་པའི་མིག་ན་བརྗིད་པའི་ལྷ་ས
ཕྱི་གླིང་བའི་པར་ལེན་འཕྲུལ་ཆས་མདུན་གྱི་གསང་བའི་ལྷ་ས
ཨ   ལྷ་ས   ལྷ་ས
ས་ཆེན་གྱི་སྤྱི་གཙུག་ན་རླུང་གིས་གཙབ་ཅིང་རལ་བའི་གནའ་བོའི་
གཏམ་རྒྱུད
ལོ་རྒྱུས་ཀྱི་གཙང་བོའི་བཞུར་རྒྱུན་ཁྲོད
ད་ལྟ      ཁྱེད་རང་ཕྱེ་མའི་རང་བཞིན་གྱིས་ཆུ་ལ་འབྱིང་གི་འདུག་ཨང

མི་ལ་ལས་ལྷ་ས་ནི་རྡོ་བའི་གྲོང་ཁྱེར་ཞིག་ཏུ་བཤད
མི་ལ་ལས་ལྷ་ས་ནི་ཁེར་རྐྱང་གི་གྲོང་ཁྱེར་ཞིག་ཏུ་བརྗོད
ཡང་ལ་ལས་ལྷ་ས་ནི་ཉི་མའི་གྲོང་ཁྱེར་ཏུ་འང་སྨྲ
གང་ལྟར་ཡང    ལྷ་ས་གླེང་དུས་པོ་ཏ་ལ་སུས་ཀྱང་དྲན་ངེས
གནའ་བོའི་བཟོ་བཀོད་དེ་བློ་ལས་དགོངས་ནའང
དུས་ཀྱི་ཆར་རླུང་འཚུབ་ཤུལ་དུ
ཕོ་བྲང་པོ་ཏ་ལ་སྟོང་བར་ལུས་འདུག་པ་མ་ཡིན་ནམ
ཡང་ན་སྒོ་གཏན་པའི་ཁང་ལག་དག་ནི་ལྐོག་གྱུར་གྱི་གནས་དེ་ཡིན
ལྷ་ས     སེམས་ཀྱི་ལྷ་ས
བོད་མི་ཁྲི་ཕྲག་དུ་མའི་ཕྱག་དང་ཐོད་པས་བཏེགས་པའི་ལྷ་ས
རྨི་ལམ་དམར་བོའི་ཁུད་ཀྱི་ལྷ་ས
སྨད་འཚོང་མའི་གཡེམ་དྲིའི་ཁྲོད་ཀྱི་ལྷ་ས
གླུ་བ་གླུ་མ་ཡིག་ལོང་བ་དག་གི་མགྲིན་པའི་རྩེ་ཡི་ལྷ་ས
ཨ       ལྷ་ས     ལྷ་ས
ཁྱོད་རང་རྩི་ཤིང་གི་རྩེ་མོར་ཆགས་པའི་ཟིལ་ཐིགས་དེ་ཡིན་ནམ
ཁྱོད་རང་ཤིང་སྡོང་རྒས་པོའི་ཡལ་གའི་སྟེང་གི་སྟོན་གྱི་ལོ་ན་དེ་ཡིན་ནམ

ལྷ་ས་ན་ཁྲམ་དང་གཡོ་སྒྱུ་དགུ་སྒྲིག་ཏུ་འཛོམས་པའི་རྔ་བའི་ཚོང་བ་མང
ལྷ་ས་ན་ནད་དང་མུ་གེ་མཉམ་དུ་བྱུང་བའི་ལ་ལུང་གི་སྤྲང་བོ་མང
ལྷ་ས      ཨ་མདོའི་ཉེས་ཅན་དག་སྦས་བསྐུངས་བྱ་སའི་གད་ཕུག་ཨང
ཁྱེད་རང་སྐྱ་རེངས་དུས་ཀྱི་སྐར་མ་བཞིན་མིག་གིས་ཟིན་དཀའ

ལྷ་ས་མ་མཇལ་བའི་སྔོན་ལ
བོད་ཀྱི་གླུ་བ་ཚོས"ལྷ་ས་སྐྱིད་པ་ལ  ལྷ་ས་མཛེས་པ"ལཟེར་དུས
ངས་ཀྱང་དེ་འདྲ་ཞིག་ཡིན་ངེས་སྙམ་ལ
དེ་འདྲ་ཞིག་ཡིན་པར་སེམས་ནས་སྨོན
རྗེས་སུ       རྗེས་སུ་ལྷ་སར་འབྱོར་བ་ན
ལྷ་སའི་སྐྱིད་ཆུ་ངལ་དུབ་ཀྱིས་བཞུར་ལ
ལྷ་སའི་བར་སྐོར་གད་སྙིགས་ཀྱིས་ཁེངས
ངས     ཡང་བསྐྱར་ལྷ་ས་ནས་ལྷ་ས་དྲན་བྱུང་ལ
ལྷ་སའི་སྐོར་གྱི་གཏམ་རྒྱུད་གཞན་དག་ཀྱང་དྲན
                                ༢༠༠༦. ༣ .༢༠
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ས།

2008-12-14 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།