ཁྱོན་ནས་བརྗེད་ཐབས་མི་འདུག

སེམས་ལ་སྤར་བའི་རྐང་རྗེས་དག
ཉི་མ་རེ་རེ་བཞིན་ངང་གིས་ཡལ

ཐབས་ཤེས་ཡོད་ཚད་ཐེན་རྗེས
ད་དུང་ཡལ་མ་ཐུབ་པའི་ཟླ་བའི་འོད་ཐིགས
མཚན་མོ་རེ་རེ་སྙིང་ཁར་འཕྱུར་འོང་

ལྷིང་འཇགས་ཀྱི་ཁང་མིག་གྲུ་བཞི
ཁྱོད་ཀྱིས་གསལ་བར་མཛད་ཚེ
བདག་གིས་ཅི་ཞིག་བོར་བ་བཞིན   ཁྱོད་ཁོ་ནར་ཅེར་འདོད

མིག་འབྲས་བྲལ་བའི་ལྗང་ལོ་དག
བདག་གི་འགྲོ་རོགས་ཡིན་མི་སྲིད
གཤོག་པ་ཆད་པའི་རྒོད་པོ་ཚོ
ཐག་རིང    ཐག་རིང་ནས་མཐོང་གི

ཁྱོད་ཀྱི་ཕྱོགས་སུ་འོང་འདོད་དུས
སྤྲིན་པ་ལེབ་མོ་དག་གི་ངོ་གདོང་
བདག་གི་མདུན་ཕྱོགས་བཀྲམས་བྱུང་

རྔམ་མཐུག་པའི་རི་བོ་དག
རྔུལ་ཆུ་ཁྲམ་ཁྲམ་གྱིས་བརླན་དུས
ལུས་པོའི་ཤ་དང་རུས་པ
སྐོམ་ཐན་གྱིས་ཡོངས་སུ་བཟུང་

འབད་འབུངས་ཁྱོན་ནས་ལྷོད་མ་མྱོང་
དེ་ལྟར་ཁྱོད་ཀྱི་ཕྱོགས་ས་ཆས་པར་བརྩམས
ཐ་ན་འོད་ཐིགས་ཙམ་ཡང་མི་སྣང་བའི་དུས
ཁྱོད་ཀྱི་ཉེ་འགྲམ་གྱི་སྐར་ཚོམ་དག་ལ་ཅེར་རེར་ལྟ་མྱོང་

གང་ལྟར    ཁང་མིག་འདི་འཁྱག་དྲགས
མལ་གདན་འདི་སྲབ་དྲགས་པ་མི་ཤེས
ནམ་ཡང་ཁྱོད་རང་གཅིག་པུ་དྲན་གི

བདག་གི་ནམ་མཁའ་ཆུང་ཆུང་འདིའི་ཉི་མ་དང་ཟླ་བ
བདག་གི་སེམས་པ་དམར་བོ་འདིའི་དྲན་ཤིང་གི་ལྗོན་པ
ཁྱོན་ནས་བརྗེད་ཐབས་མི་འདུག       ཁྱོན་ནས་བརྗེད་ཐབས་མི་་་་་་་
                                         ༢༠༠༦ ༢ ༢༢ དགོང་མོ་ལན་གྲུ་ནས་སྦྱར།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོན་ནས་བརྗེད་ཐབས་མི་འདུག

2008-12-14 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

སེམས་ལ་སྤར་བའི་རྐང་རྗེས་དག
ཉི་མ་རེ་རེ་བཞིན་ངང་གིས་ཡལ

ཐབས་ཤེས་ཡོད་ཚད་ཐེན་རྗེས
ད་དུང་ཡལ་མ་ཐུབ་པའི་ཟླ་བའི་འོད་ཐིགས
མཚན་མོ་རེ་རེ་སྙིང་ཁར་འཕྱུར་འོང་

ལྷིང་འཇགས་ཀྱི་ཁང་མིག་གྲུ་བཞི
ཁྱོད་ཀྱིས་གསལ་བར་མཛད་ཚེ
བདག་གིས་ཅི་ཞིག་བོར་བ་བཞིན   ཁྱོད་ཁོ་ནར་ཅེར་འདོད

མིག་འབྲས་བྲལ་བའི་ལྗང་ལོ་དག
བདག་གི་འགྲོ་རོགས་ཡིན་མི་སྲིད
གཤོག་པ་ཆད་པའི་རྒོད་པོ་ཚོ
ཐག་རིང    ཐག་རིང་ནས་མཐོང་གི

ཁྱོད་ཀྱི་ཕྱོགས་སུ་འོང་འདོད་དུས
སྤྲིན་པ་ལེབ་མོ་དག་གི་ངོ་གདོང་
བདག་གི་མདུན་ཕྱོགས་བཀྲམས་བྱུང་

རྔམ་མཐུག་པའི་རི་བོ་དག
རྔུལ་ཆུ་ཁྲམ་ཁྲམ་གྱིས་བརླན་དུས
ལུས་པོའི་ཤ་དང་རུས་པ
སྐོམ་ཐན་གྱིས་ཡོངས་སུ་བཟུང་

འབད་འབུངས་ཁྱོན་ནས་ལྷོད་མ་མྱོང་
དེ་ལྟར་ཁྱོད་ཀྱི་ཕྱོགས་ས་ཆས་པར་བརྩམས
ཐ་ན་འོད་ཐིགས་ཙམ་ཡང་མི་སྣང་བའི་དུས
ཁྱོད་ཀྱི་ཉེ་འགྲམ་གྱི་སྐར་ཚོམ་དག་ལ་ཅེར་རེར་ལྟ་མྱོང་

གང་ལྟར    ཁང་མིག་འདི་འཁྱག་དྲགས
མལ་གདན་འདི་སྲབ་དྲགས་པ་མི་ཤེས
ནམ་ཡང་ཁྱོད་རང་གཅིག་པུ་དྲན་གི

བདག་གི་ནམ་མཁའ་ཆུང་ཆུང་འདིའི་ཉི་མ་དང་ཟླ་བ
བདག་གི་སེམས་པ་དམར་བོ་འདིའི་དྲན་ཤིང་གི་ལྗོན་པ
ཁྱོན་ནས་བརྗེད་ཐབས་མི་འདུག       ཁྱོན་ནས་བརྗེད་ཐབས་མི་་་་་་་
                                         ༢༠༠༦ ༢ ༢༢ དགོང་མོ་ལན་གྲུ་ནས་སྦྱར།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།