གླིང་བུ་རྒྱང་འབུད།(ཞར་བཀོད་གཉིས་ཡོད)

ཟླ་བཞི་པའི་ཚེས་འགོ་འདིར།
ཁུ་བྱུག་བུ་མོས་གསུང་སྐད་ལྷང་ལྷང༌།
སྙིང་ཉེ་བའི་གཤོག་ཟུང་གཏད་དེ་གནས་འདིར་བྱོན།

གནས་འདིས་མཁའ་དབུགས་དྭངས་ཤིང་ཉི་འོད་རབ་ཏུ་གསལ།
གཡའ་དག་པའི་མཁའ་དབྱིངས་སུ།
རྒོད་པོ་འགའ་ལྡིང་སྐོར་ལ་བྲེལ་ཅིང༌།
ཚུལ་དེ་ནི་གང་ཞིག་གནས་འདིར་བསུ་ཆེད།
མཛེས་པའི་སེར་སྦྲེང་བསྒྲིག་པར་མཚུངས།

ལུག་རྫི་བུ་མོས།  སྐད་སྙན་ངག་ལ་དྲངས།
མཚམས་སྤྲིན་ལྟ་བུའི་རྫི་གླུའི་གོང་ཁ་ནས།
བྲག་ཐེམ་ལ་འཁོར་བའི་མཛའ་གཞས་་རེ་རེས།
བདག་ཡིད་ཀྱི་ཞིང་ས་སློག་ཅིང༌།
སླར་ཡང་མཁའ་མཐའི་འདྲེས་མཚམས་ནས་ཡལ་བར་བྱེད།

            ཆར་བའི་ཁྲོད་དུ།
གཡེལ་དྲིལ་སིང་སིང་གིས།
བྱ་འདབ་ལས་ལྷུང་བའི་ཆུ་ཐིགས།
རེ་རེ་བཞིན།   སར་ལྷུང་བར་སྒུག

ཆར་བ་ཤག་ཤག   སེམས་པ་ཤམ་ཤམ།
སྐབས་འདིར་བརླན་གྱིས་གཤེར་བའི་དྲན་པ་ཡོད་ཚད།
མཚོ་རྫིང་ཏུ་ཐིམ་ཏེ་ཝུ་བར་གྱུར་ཅིང་དེ་ནས་མེད་པར་གྱུར།

སྒྲོལ་མ།    ཆར་བའི་ཁྲོད་དུ།
ངའི་དྲན་གདུང་གི་མིག་ཆུ་ས་རུ་ལྷུང༌།

                སྟོན།
ང་ནི་བརྔ་བཞིན་པའི་ལོ་ཏོག་སྟེ།
སེར་པོར་གྱུར་བའི་ལོ་ཏོག་ཡིན།
ངས་ས་གཤིན་གྱི་རོ་བཅུད་མྱངས་ནས།
ཕྱོགས་ཕྱོགས་སུ་དྲི་བསུང་གཏོར་གྱིན་ཡོད།

ངའི་མགོ་ལ་དབྱུག་པས་རྡེག་པར་མཛོད་དང༌།
ང་ནི་སྨིན་ཐག་ཆོད་པའི་ལོ་ཏོག་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླིང་བུ་རྒྱང་འབུད།(ཞར་བཀོད་གཉིས་ཡོད)

2008-12-14 རོང་བོ་གངས་དཀར། ཀློག་གྲངས། མཆན ཡོད།

ཟླ་བཞི་པའི་ཚེས་འགོ་འདིར།
ཁུ་བྱུག་བུ་མོས་གསུང་སྐད་ལྷང་ལྷང༌།
སྙིང་ཉེ་བའི་གཤོག་ཟུང་གཏད་དེ་གནས་འདིར་བྱོན།

གནས་འདིས་མཁའ་དབུགས་དྭངས་ཤིང་ཉི་འོད་རབ་ཏུ་གསལ།
གཡའ་དག་པའི་མཁའ་དབྱིངས་སུ།
རྒོད་པོ་འགའ་ལྡིང་སྐོར་ལ་བྲེལ་ཅིང༌།
ཚུལ་དེ་ནི་གང་ཞིག་གནས་འདིར་བསུ་ཆེད།
མཛེས་པའི་སེར་སྦྲེང་བསྒྲིག་པར་མཚུངས།

ལུག་རྫི་བུ་མོས།  སྐད་སྙན་ངག་ལ་དྲངས།
མཚམས་སྤྲིན་ལྟ་བུའི་རྫི་གླུའི་གོང་ཁ་ནས།
བྲག་ཐེམ་ལ་འཁོར་བའི་མཛའ་གཞས་་རེ་རེས།
བདག་ཡིད་ཀྱི་ཞིང་ས་སློག་ཅིང༌།
སླར་ཡང་མཁའ་མཐའི་འདྲེས་མཚམས་ནས་ཡལ་བར་བྱེད།

            ཆར་བའི་ཁྲོད་དུ།
གཡེལ་དྲིལ་སིང་སིང་གིས།
བྱ་འདབ་ལས་ལྷུང་བའི་ཆུ་ཐིགས།
རེ་རེ་བཞིན།   སར་ལྷུང་བར་སྒུག

ཆར་བ་ཤག་ཤག   སེམས་པ་ཤམ་ཤམ།
སྐབས་འདིར་བརླན་གྱིས་གཤེར་བའི་དྲན་པ་ཡོད་ཚད།
མཚོ་རྫིང་ཏུ་ཐིམ་ཏེ་ཝུ་བར་གྱུར་ཅིང་དེ་ནས་མེད་པར་གྱུར།

སྒྲོལ་མ།    ཆར་བའི་ཁྲོད་དུ།
ངའི་དྲན་གདུང་གི་མིག་ཆུ་ས་རུ་ལྷུང༌།

                སྟོན།
ང་ནི་བརྔ་བཞིན་པའི་ལོ་ཏོག་སྟེ།
སེར་པོར་གྱུར་བའི་ལོ་ཏོག་ཡིན།
ངས་ས་གཤིན་གྱི་རོ་བཅུད་མྱངས་ནས།
ཕྱོགས་ཕྱོགས་སུ་དྲི་བསུང་གཏོར་གྱིན་ཡོད།

ངའི་མགོ་ལ་དབྱུག་པས་རྡེག་པར་མཛོད་དང༌།
ང་ནི་སྨིན་ཐག་ཆོད་པའི་ལོ་ཏོག་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།