ཁ་བརྡ་ཞིག་བྱོས་དང་། ངས་ཅི་ཡང་བཤད་ཀྱི་མེད།


ཁ་བརྡ་ཞིག་བྱོས་དང
ངས་ཁ་བརྡ་ཞིག་ལས་ཅི་ཡང་བཤད་ཀྱིན་མེད

ང་ཐོན་བཞག  རང་ས་རང་ཡུལ་བསྙེགས་ནས
ད་སྐབས  ངེད་ཚང་གི་རུ་གང་ལ་བབས་ཡོད
དབྱར་སར་ཡོད་དམ  དགུན་སར་ཡོད

ངའི་དང་མའི་དགའ་རོགས་ཚང་གི་རུ་གང་ན་ཡོད
ས་རུབ་ཐེངས་རེ་རེར  འཆི་མེད་སུ་ཞིག་སྐེ་སོ་བྱེད་ཀྱིན་ཡོད
ཁོ་ཚང་གི་བཏགས་ཁྱི་དང་ཨ་ཕ་བཙན་པོ་དེ་ད་དུང་ཡོད་དམ

ཟོག་ལམ་གོང་ཁ་ན  ལུག་ཁྱུ་ཕར་འདེད་ཁུལ་བྱས་ནས
རྩྭ་ར་དང་ལྕགས་སྡོང་འབལ་རེས་བྱེད་ཀྱིན་ཡོད་དམ
ད་ལོའི་ཁངས་རྒན་དེས  ལུ་གུ་ག་ཚོད་ཤི་སོང

རྩྭ་སྐྱ་ཁ་བས་གནོན་དུས
ངའི་རྫི་བོ་ཚོས  དགུན་རྩགས་མཐུག་པོ་མཐུག་པོ་ཞིག་གོན་རུང
སེམས་པ  འཁྱག་པ་འཁྱག་པ་ཞིག་ཨེ་རེད

གསར་བུ་ཚོས་སྙན་ངག་འབྲི་དུས་ཀི་འདེབས་དགོས་ཟེར་གྱིན་འདུག་གམ
ན་མཉམ་ཚོར  རྒས་ཉམས་ཤར་དུས་སྐྱིད་པོ་མིན་ཡ

ལོ་ལོན་ཚོས་ཆུང་ཚུགས་འཕུད་ཀྱིན་ཡོད་དམ
བྱིས་པ་ཚོས་རྒན་བཤད་བྱེད་ཀྱིན་ཡོད་དམ
གང་ལྟར བུ་མོ་མཛེས་མ་ཚོ་ཕྱོགས་གང་ལ་དགའ་བཞིན་ཡོད

གོ་སོང་ངམ  གསར་འགྱུར་བརྒྱུད་ནས
འཛམ་གླིང་གི་ས་ཆ་སོ་སོར་ས་ཡོན་རྒྱུག་བཞིན་པ
ཡིན་ནའང  ང་སྐྱིད་པོ་བདེ་མོ་ཡིན
གང་སར་བྲོས་ཆོག་ཆོག་ཡིན་པའི་དྲིན་གྱིས

ཁ་བརྡ་ཞིག་བྱོས་དང 
ངས་ཁམས་འདྲི་ཞིག་ལས་ཅི་ཡང་བཤད་ཀྱིན་མེད
                    ༢༠༠༥ ༡༠ ༣༠
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བརྡ་ཞིག་བྱོས་དང་། ངས་ཅི་ཡང་བཤད་ཀྱི་མེད།

2008-12-13 གློག་ཞགས། ཀློག་གྲངས། མཆན ཡོད།


ཁ་བརྡ་ཞིག་བྱོས་དང
ངས་ཁ་བརྡ་ཞིག་ལས་ཅི་ཡང་བཤད་ཀྱིན་མེད

ང་ཐོན་བཞག  རང་ས་རང་ཡུལ་བསྙེགས་ནས
ད་སྐབས  ངེད་ཚང་གི་རུ་གང་ལ་བབས་ཡོད
དབྱར་སར་ཡོད་དམ  དགུན་སར་ཡོད

ངའི་དང་མའི་དགའ་རོགས་ཚང་གི་རུ་གང་ན་ཡོད
ས་རུབ་ཐེངས་རེ་རེར  འཆི་མེད་སུ་ཞིག་སྐེ་སོ་བྱེད་ཀྱིན་ཡོད
ཁོ་ཚང་གི་བཏགས་ཁྱི་དང་ཨ་ཕ་བཙན་པོ་དེ་ད་དུང་ཡོད་དམ

ཟོག་ལམ་གོང་ཁ་ན  ལུག་ཁྱུ་ཕར་འདེད་ཁུལ་བྱས་ནས
རྩྭ་ར་དང་ལྕགས་སྡོང་འབལ་རེས་བྱེད་ཀྱིན་ཡོད་དམ
ད་ལོའི་ཁངས་རྒན་དེས  ལུ་གུ་ག་ཚོད་ཤི་སོང

རྩྭ་སྐྱ་ཁ་བས་གནོན་དུས
ངའི་རྫི་བོ་ཚོས  དགུན་རྩགས་མཐུག་པོ་མཐུག་པོ་ཞིག་གོན་རུང
སེམས་པ  འཁྱག་པ་འཁྱག་པ་ཞིག་ཨེ་རེད

གསར་བུ་ཚོས་སྙན་ངག་འབྲི་དུས་ཀི་འདེབས་དགོས་ཟེར་གྱིན་འདུག་གམ
ན་མཉམ་ཚོར  རྒས་ཉམས་ཤར་དུས་སྐྱིད་པོ་མིན་ཡ

ལོ་ལོན་ཚོས་ཆུང་ཚུགས་འཕུད་ཀྱིན་ཡོད་དམ
བྱིས་པ་ཚོས་རྒན་བཤད་བྱེད་ཀྱིན་ཡོད་དམ
གང་ལྟར བུ་མོ་མཛེས་མ་ཚོ་ཕྱོགས་གང་ལ་དགའ་བཞིན་ཡོད

གོ་སོང་ངམ  གསར་འགྱུར་བརྒྱུད་ནས
འཛམ་གླིང་གི་ས་ཆ་སོ་སོར་ས་ཡོན་རྒྱུག་བཞིན་པ
ཡིན་ནའང  ང་སྐྱིད་པོ་བདེ་མོ་ཡིན
གང་སར་བྲོས་ཆོག་ཆོག་ཡིན་པའི་དྲིན་གྱིས

ཁ་བརྡ་ཞིག་བྱོས་དང 
ངས་ཁམས་འདྲི་ཞིག་ལས་ཅི་ཡང་བཤད་ཀྱིན་མེད
                    ༢༠༠༥ ༡༠ ༣༠
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།