ཁ་བ།
ཁ་བ གྲང་རླུང་ཁྲོད་ང་ཚོའི་གདོང་ལ་བབས
ཁ་བས དཀར་སོབ་སོབ་ཏུ་མི་ཡུལ་གྱི་རེ་སྒུག་གཡོགས
ཁ་བ མི་རབས་དུ་མའི་སྦས་སྐུང་གི་ལོ་ཟླ་མཐུག་པོ
དྲན་པ་རེ་རེ འཁྱག་སིབ་སིབ་ཀྱི་ཁ་བར་ཞེན་པས
ཡོད་ཚད དགུན་གཞུང་གི་རྔམས་ཁ་ན་སིག་སིག་འཕྱོ
ཁ་བས རྒྱང་རིང་གི་གླུ་སྒྲ་དང་རེ་སྨོན་བསྐྱལ་འོངས
ས་སྲོད་རབ་རིབ་ཀྱི་བསྣོལ་མཚམས་ན་འགྲེང་བའི་གླུ་བ་ཚོ
ལོ་ཟླའི་ཕ་རོལ་ལ་བརྒལ་བཞིན
རེ་སྒུག་ཁྲི་ཕྲག་གི་མཛའ་གཞས་དམར་བོ
ཡོད་ཚད་ཀྱི་མགྲིན་སྦུབས་ན ནམ་ཡང་འཚང་ཁ་ཤིག་ཤིག
ལོ་རྒྱུས་ཀྱི་ཟུངས་ཁྲག་ཆེས་ཟབ་ས་ན
ཁ་བ་འབབ་ཞོད་ཆེ་བའི་རེ་སྙེག་རེ་རེ
མི་རབས་དུ་མའི་རུས་གཏིང་ནས་ནམ་མཁར་འཕྱུར
ཁ་བ རྫ་ལུང་སྐམ་པོ་འདི་སུ་ཞིག་གི་རང་རྣམ་དམར་བོ་ཡིན
ཁ་བ ན་ཐང་སྐྱ་བོ་འདི་སུ་ཞིག་གི་ཕ་ཤུལ་སྟོང་བ་ཡིན
དོ་དགོང སྟོན་ནམ་ཁྲོད་རླུང་དམར་གཡུག་པས
རྒྱང་རིང་གི་གླུ་བ་ཚོའི་མིག་ཟུང་རབ་རིབ་ཀྱིས་བཅུམས
ཁ་བ དྲི་མེད་དྭངས་གཙང་གིས་བབས་པའི་ཁ་བས
མི་ཡུལ་གྱི་གཏམ་རྒྱུད་རིང་མོ་ལོ་ཟླའི་མིག་ཟུང་ལ་བྱོ
མཚན་ལྗོངས་ཀྱི་ཟླ་འོད་ངོགས་སུ་བབས
ཁ་བ སྐར་ཚོགས་ཀྱི་མིག་ཟུང་ལས་ཤོམ་ཤོམ་དུ་ཟགས
ཁ་བས ལོ་ཟླའི་སྐྲ་ལོ་ནག་པོར་སེར་ཐིགས་བརྐོས་ཀྱང
ནམ་ཡང གླུ་བ་ཚོའི་སྤོབས་པ་ལ་རྒས་གཉེར་མ་ཆགས
༡༩༩༩ ༦ ༡༥ མང་ར་རྫོང་ནས།
རྩོམ་ཁུངས། ངེད་དྲ་བ།