སྙན་ངག་གི་རྟ་ལྗང་དང་རྫོགས་མེད་ཀྱི་གཏམ་རྒྱུད།


བརྟན་གཡོའི་སྣོད་བཅུད་ཀྱི་བདག་པོ་དེ།
ལྷ་དབང་གིས་བྱས།

འགྲོ་བ་མིའི་ལོ་རྒྱུས་སུ་གྲགས་པའི་ཉི་ཝ་ནི།
ལྷ་དབང་གི་སྲས་མོ་སྟེ་ལྷ་མོ་ཉི་ཝ་ཡིན།

བྱིས་པའི་རོལ་རྩེད་དུངས་བའི་ལྷ་མོ་ཆུང་ཆུང༌།
ཤེས་རིག་གི་གཤོག་པ་དང་བློ་གྲོས་ཀྱི་རྩལ་ཁ་མ་རྒྱས་བ་ཡིན་སྲིད་དེ།
མིན་ན།    ས་སྒང་ཟླུམ་པོ་དང༌།    ནམ་མཁའ་སྔོན་པོ།
རྡོ་བ་སྲ་མོ།    ཆུ་ཕྲན་གཤེར་བོ་བཅའ་དགོས་དོན་གང་ན་ཡོད།   
ལྷག་པར་དུ་ཚབས་ཆེ་བ་ནི་མི་ཕོ་མོ་གཉིས་བཟོས།
ཆགས་སྡང་གིས་རྒྱུད་གང་བར་བྱས་བ་དེའོ།   །

མཚར་འཛིན་ཆེ་བ་ནི་བྱིས་པའི་སྡོད་ལུགས་ཤིག་སྟེ།
ལོ་ན་ཕྲ་བའི་སྲས་མོ་དེའི་བློའི་གཡོ་བ་སྔོན་དུ་བཏང་ནས།
རྟ་ལྗང་གུ་དེ་མཁའ་དབྱིངས་སུ་འཕུར་ཏུ་བཅུག
་་ཨེ་མ་ལའོ།   ངོ་མཚར ་་ ཅེས་བཤད་དུས།
རྟ་ལྗང་དེས་གོ་ལར་དཀྲིས་གསུམ་བརྒྱབ།

དེའི་རྗེས་སུ།    ལྷ་མོ་དེ་གྲོངས་ཡོད་ཀྱི་རེད།
ནམ་མཁའ་སྔར་བཞིན་སྔོ་ནའང༌།
ལྷ་མོ་དེའི་བཞིན་རས་འཆར་ཐུབ་ཀྱི་མེད།

བྱིས་བློའི་དྲི་མ་ཡལ་བའི་ལྷ་མོ་ཆུང་ཆུང༌།
རྗེས་སུ་མི་རྣམས་ཀྱི་མགོན་སྐྱབས་སུ་གྱུར།
སྔོ་ཞིང་བསངས་བའི་མཁའ་དབྱིངས་ཀུནཏུ།
སྙན་ངག་གི་རྟ་ལྗང་ངམ་རྟ་ལྗང་གི་འཕུར་གྲུ་གཏོང་གིན་གདའ།
                                                 ༢༠༠༦ལོའི་ཟླ་༣ཚེས་༢༤ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གི་རྟ་ལྗང་དང་རྫོགས་མེད་ཀྱི་གཏམ་རྒྱུད།

2008-12-13 རོང་བོ་གངས་དཀར། ཀློག་གྲངས། མཆན ཡོད།


བརྟན་གཡོའི་སྣོད་བཅུད་ཀྱི་བདག་པོ་དེ།
ལྷ་དབང་གིས་བྱས།

འགྲོ་བ་མིའི་ལོ་རྒྱུས་སུ་གྲགས་པའི་ཉི་ཝ་ནི།
ལྷ་དབང་གི་སྲས་མོ་སྟེ་ལྷ་མོ་ཉི་ཝ་ཡིན།

བྱིས་པའི་རོལ་རྩེད་དུངས་བའི་ལྷ་མོ་ཆུང་ཆུང༌།
ཤེས་རིག་གི་གཤོག་པ་དང་བློ་གྲོས་ཀྱི་རྩལ་ཁ་མ་རྒྱས་བ་ཡིན་སྲིད་དེ།
མིན་ན།    ས་སྒང་ཟླུམ་པོ་དང༌།    ནམ་མཁའ་སྔོན་པོ།
རྡོ་བ་སྲ་མོ།    ཆུ་ཕྲན་གཤེར་བོ་བཅའ་དགོས་དོན་གང་ན་ཡོད།   
ལྷག་པར་དུ་ཚབས་ཆེ་བ་ནི་མི་ཕོ་མོ་གཉིས་བཟོས།
ཆགས་སྡང་གིས་རྒྱུད་གང་བར་བྱས་བ་དེའོ།   །

མཚར་འཛིན་ཆེ་བ་ནི་བྱིས་པའི་སྡོད་ལུགས་ཤིག་སྟེ།
ལོ་ན་ཕྲ་བའི་སྲས་མོ་དེའི་བློའི་གཡོ་བ་སྔོན་དུ་བཏང་ནས།
རྟ་ལྗང་གུ་དེ་མཁའ་དབྱིངས་སུ་འཕུར་ཏུ་བཅུག
་་ཨེ་མ་ལའོ།   ངོ་མཚར ་་ ཅེས་བཤད་དུས།
རྟ་ལྗང་དེས་གོ་ལར་དཀྲིས་གསུམ་བརྒྱབ།

དེའི་རྗེས་སུ།    ལྷ་མོ་དེ་གྲོངས་ཡོད་ཀྱི་རེད།
ནམ་མཁའ་སྔར་བཞིན་སྔོ་ནའང༌།
ལྷ་མོ་དེའི་བཞིན་རས་འཆར་ཐུབ་ཀྱི་མེད།

བྱིས་བློའི་དྲི་མ་ཡལ་བའི་ལྷ་མོ་ཆུང་ཆུང༌།
རྗེས་སུ་མི་རྣམས་ཀྱི་མགོན་སྐྱབས་སུ་གྱུར།
སྔོ་ཞིང་བསངས་བའི་མཁའ་དབྱིངས་ཀུནཏུ།
སྙན་ངག་གི་རྟ་ལྗང་ངམ་རྟ་ལྗང་གི་འཕུར་གྲུ་གཏོང་གིན་གདའ།
                                                 ༢༠༠༦ལོའི་ཟླ་༣ཚེས་༢༤ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།