བདག་གི་དགེ་རྒན་གྱི་མཚན་ལ།(ཞར་བཀོད་གཅིག་ཡོད)

བདག་གི་དགེ་རྒན་གྱི་མཚན་ལ་༧ཟོན་ཐར་རྒྱལ་ཟེར།།
གསེར་གྱི་ས་གཞི་ནི་ཁོ་དང་དུང་གི་སྒྲོག་གུའང་དེ།
དགེ་རྒན་གྱི་མདུན་སོ་ནི་མེ་ཏོག་ནི་ལག་པ་ཡིན།།
དགེ་རྒན་གྱི་མིག་ཟུང་ནི་པདྨའི་ལོ་འདབས་འོག་གི་མཚེའུ་དེ།།
བདག་གི་དགེ་རྒན་གྱི་གནས་གཞི་ནི་པེ་ཅིན་དང༌།།
ཕ་ཡུལ་དང་པེ་ཅིན་བར་དུ་སྤྱི་ལེ་ག་ཚོད་ནི་གདའ་འམ།།
བདག་གི་དགེ་རྒན་གྱི་སྤྲིན་པ་ནི་མེ་འཁོར་དང༌།།
དུས་ཚོད་ནི་མེ་འཁོར་གྱི་ལྕགས་ལམ་ཡིན་ནམ།།
བདག་གི་དགེ་རྒན་གྱི་སེམས་སུ་ཉ་མོ་ཞིག་ཡོད་དམ།།
བདག་གི་དགེ་རྒན་གྱི་སེམས་སུ་གཙང་བོ་ཞིག་ཡོད་དམ།།
བདག་གི་དགེ་རྒན་ནི་ནུབ་ལྭ་གྱོན་པའི་རྨ་རྒྱལ་གངས་རི་དེ་ཡིན་ནམ།།
བདག་གི་དགེ་རྒན་ནི་མེ་རུ་འབར་གྱིན་པའི་གྲུ་གཟིངས་ཤིག་ཡིན་ནམ།།
བདག་གི་དགེ་རྒན་ནི་སྡོང་རྒན་སྟེང་གི་འུག་པ་དེ་ཡིན་ནམ།།
བདག་གི་དགེ་རྒན་གྱི་རྐུབ་ཤ་གཞན་ནི་འཁྱག་པ་དང་གཞན་ནི་ཚ་བོ་དག་ཡིན་ནམ།།
བདག་གི་དགེ་རྒན་ནི་ཡེ་ཤུ་མ་ཤུ་ཀའི་ཕ་རྒན་དེ་ཡིན་ནམ།།
བདག་གི་དགེ་རྒན་ནི་ཡུམ་བུ་བླ་སྒང་མདུན་གྱི་ཉ་མོ་ཞིག་ཡིན་ནམ།།
བདག་གི་དགེ་རྒན་ནི་“མ་ཕམ་གཡུ་མཚོའི་ནང་དུ་འཐིག་པའི་ཁྲག་ཐིགས”དེ་ཡིན་ནམ།།
བདག་གི་དགེ་རྒན་ནི་གཙང་བོ་ཞིག་སྟེ།།
གཙང་བོ་ནི་གང་དུ་བཞུར་རྩིས་ནི་ཡོད་དམ།།
      
         མེ་ཏོག་པདྨ་རྒྱང་རིང་ཡང༌།།
མེ་ཏོག་པདྨ་རྒྱང་རིང་ཡང༌།།
མིག་ལྡན་གཞན་ལས་ལྷག་པར་མགྱོགས།།
གང་ཞིག་ཉིན་བརྒྱ་སོང་བ་ན།།
སུ་ར་རུ་དུ་ན་ལ་ཏུ།།
གང་ཞིག་གཟིགས་ཤིང་གསུང་པ་ཡིས།།
མཁྱེན་དང་སྟོན་པ་བླ་ན་མེད།།
རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང༌།།
གཟིགས་ཤིང་འདོམས་པ་དེ་ལ་འདུལ།།
ཕར་འགྲོ་དུས་གྲུ་ཆུང་ཞིག་སྟེ།།
ཚུར་འོང་དུས་ཀྱང་གྲུ་ཆུང་ཞིག།།
བུ་མོའི་རྒྱལ་ཁབ་ཅིག་ཀྱང་ཡོད་པར་ངེས།།
ཀྱེ་མ་བལ་ཡུལ་བོད་ཡུལ་འབྲས་ཡུལ་འབྲས་ལྗོངས།།
པི་ཝང་གི་སྒྲ་ཚངས་སྲས་སྒྲ་ད་ཕོ་ཡི་སྒྲ།།
རྒྱལ་ཀུན་ཡེ་ཤེས་ཐིག་ལེ་ལྟར་ཆགས་པ།།
བདག་གི་དཔྲལ་བའི་མིག་དང་ཁོང་གི་སྙིང༌།།
རོ་སྒམ་དང་དེའི་ནང་གི་ཆང༌།།
རོ་སྒམ་དང་དེའི་ནང་གི་གློག་སྐུད།།
ཡི་དམ་གྱིས་གངས་རི་ཁུར་ཏེ་ཕྱི་རྒྱལ་ལ་བུད་སོང༌།།
ཐག་རིང་གི་པོ་ཏཱ་ལ་དང་དེའི་སྟེང་གི་བྱེའུ།།
བྱེའུའི་མཆུ་འདབས་ཀྱི་ལི་ཤིའི་ལྕུག་ཕྲན།།
བྱེའུའི་མགོ་ཐོག་གི་ཉི་མ་དང་སྤྲིན་པ།།
ཟླ་བ་དང་ཉེའུ་དང་སྲིན་བུ།།
ལ་དོན་གྱི་ཕྲད་དང་བདག་གི་མིག་ཆུ།།
ཀྱེ་མ་ཁྱོད་ཀྱི་ཕོ་མཚན་གྱི་སྟེང་དུ།།
གསེར་མདོག་གི་ཉི་མ་འཚེར་བཞིན་ཡོད་དམ།།
དངུལ་མདོག་གི་ཟླ་བ་ནི་འཚེར་གྱིན་ཡོད་དམ།།
ཁྱོད་ཀྱི་གྲུ་ཆུང་གི་སྟེང་དུ།།
སོ་བྱ་ཁ་ཅིག་ནི་གདའ་འམ།།
རྩྭ་ཡི་ཞྭ་མོ་ནི་ཡོད་དམ།།
ཀྱེ་མ་ཀྱེ་མ་འབྲི་མཚམས་ནི་མི་འཇོག་གམ།།
ཀྱི་ཧུད་ཀྱི་ཧུད་ཁཱ་པོ་ཡང་བོར་སོང༌།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་དགེ་རྒན་གྱི་མཚན་ལ།(ཞར་བཀོད་གཅིག་ཡོད)

2008-12-26 དྲན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།