ཁུ་སིམ་མེར་རོལ་དབྱངས་དེར་ཉན་རྗེས།
འདུ་ལོང་དྲག་པོ་ཞིག་གི་རྗེས་སོར ངས་མལ་ཁང་དོག་མོ་དེ་ན
རང་ཉིད་དུང་བའི་རོལ་དབྱངས་དར་བཟོ་ཅན་ཞིག་ལ་ཉན་སོང
ཕྱི་རོལ་དུ་ཉི་ཐིགས་བཀྲ་ སྒེའུ་ཁུང་སྔར་བཞིན་དྭངས་ཤིང་གཙང
རོལ་དབྱངས་དེའི་འཕེལ་གྲིབ་ཁྲོད རང་ཉིད་ལན་འགར་ཆགས་པ་ཆེ
ལན་འགར་ཁོང་ཁྲོའི་ངུར་སྒྲ་སྒྲོགས ཅི་ཡང་ཉན་ཐུབ་པའི་རོལ་དབྱངས་ཨ
ཚིག་གདངས་དེ་ཚོས་ངའི་ཡོད་ཚད་མུ་མཐུད་དུ་གླེང་འོང
མཐོ་དམན་མི་གཉོམ་པའི་གླུ་སྐད་དེས་ངའི་ཐམས་ཅད་རྩ་བ་ནས་སྔོག
ཅི་ཡང་གླེང་ཆོག་པའི་རོལ་དབྱངས ང་ད་དུང་རོལ་དབྱངས་དེར་ཉན་བཞིན་ཡོད
རྒྱུ་མཚན་ཡང་གསལ་པོ་ཡིན་ཏེ སྒེའུ་ཁུང་སླར་རླུང་གིས་འགུལ་དུས
ནམ་ཞིག་ལ་ཤེལ་སྒོ་དེ་ཆག་གྲུམ་དུ་ཤོར་ངེས་ཨང
ཉི་ཐིགས་དེ་ཚོ་ཆར་སྤྲིན་གྱིས་སྒྲིབ་དུས འཇིག་རྟེན་ཞིག མཛེས་སྡུག་ཅིག
མུན་ནག་གིས་བཅོམ་པའི་ཕྱིར་ན ང་ཚོར་རོལ་དབྱངས་དེ་འདྲ་ཞིག་ལས་ཅི་ཡང་མེད
རོལ་དབྱངས་དེ་ཆེས་སྔ་མོ་ནས་ཁྲོམ་ན་གྲགས་སོང་ཟེར ཚང་མས་མགྲིན་གཅིག་ཏུ
ངས་གཅིག་ཚོར་དུས ཏག་ཏག་ངའི་ཕམ་ཉེས་དེའི་འདུ་ལོང་ལ་སྨན་ནས་འདུག
རོལ་དབྱངས་དེར སྒམ་ལྷིང་གིས་ཉན་དུས གནས་ལུགས་ཤིག་གླེང་བ་འདྲ
རོལ་དབྱངས་དེར སེམས་པའི་སྦུབས་ལ་ཉར་དགོས་དུས རིན་ཐང་ཆེ་བ་འདྲ
ང་སླར་ཡང བསམ་གཞིགས་བསྐྱར་མ་ཞིག་བྱེད་དགོས་བྱུང ཨུ་ཚུགས་མིན
ཤེལ་སྒོ་དེ་ཆག་གྲུམ་མ་ཤོར་གོང ཉི་ཐིགས་ཚོ་ཆར་སྤྲིན་གྱིས་མ་སྒྲིབ་གོང
༢༠༠༧ ༨ ༡༤ཉིན།
རྩོམ་ཁུངས། ངེད་དྲ་བ།