ང་ཚོའི་གཞུང་གསར་འཛིན་གྲྭ
ཀ་ཡེ་ཆོལ་གསུམ་ཁ་བའི་ཕྱོགས་ནས་ཡོང་བ་ཡི།།
ག་ཡང་དེ་རིང་ང་ཚོའི་གཞུང་གསར་འཛིན་གྲྭ་སྡེ།།
ཅ་དག་བྱེད་པའི་ཆ་ལུགས་མཐུན་སྣང་ཀུན་གྱི་ངོར།།
ཇ་ཡུན་རིང་ཡང་ཉ་གང་ཤེས་བྱའི་གནས་འཛིན་ཚོགས།།
ཏ་ལེར་གངས་ལྗོངས་ཐ་དད་རིག་པའི་གཞུང་ཆེན་དག།
ད་སྐབས་བློ་གསལ་ན་གཞོན་ལྷན་ཚོགས་རིས་མེད་གཞུང༌།།
པ་ཊུའི་གཞུང་དོན་ཕ་སོན་ལུང་རིགས་ངར་སྒྲ་ཡིས།།
བ་གའི་སྟོང་ཉིད་མ་ལུས་སྙིང་པོ་དོན་གྱི་མཛོད།།
ཙ་ཏུར་གྲངས་ཀྱིས་ཚ་གྲང་མནར་བའི་རིགས་དྲུག་ཚོགས།།
ཛ་ལང་ངོ་གདོང་ཝ་ལེར་ངོམས་པའི་སྙིགས་དུས་འདིར།།
ཞྭ་དཀར་བོན་སོགས་ཟ་མའི་ཏོག་ལས་ལྷག་པའི་བསྟན།།
འ་ཅག་བསྟན་འགྲོ་ཡ་རབས་འདྲེན་པའི་གནས་ཀྱི་མཆོག།
ར་བ་གངས་བསྐོར་ལ་རྒྱ་བོད་ཀྱི་གནས་ཆེན་བཅུ།།
ཤ་ཁྲག་འདུས་བྱས་ས་རྡོ་བཅུད་ཀྱི་སྙིང་གི་ནོར།།
ཧ་ཅང་འབད་པའི་ཧ་ལམ་སེམས་ཀྱིས་བརྩོན་འགྲུས་གྲོགས།།
ཨ་ཅང་ལྟ་སྤྱོད་ཨ་ལ་མཐུན་སྒྲིལ་རྡོ་རྗེ་ཡོངས་སུ་མཐུད།།
ཨ་མའི་བུ་ཚོགས་ཨ་ཧོ་གངས་ལྗོངས་ཆེད་དུ་གསོན།།
རྩོམ་ཁུངས། ངེད་དྲ་བ།