ཁྱོད་རང་བདག་ལ་འཐིམ་རྒྱུ་ཡིན་ནམ།

ཀླུ་ཚང་སྨྱུག་གསར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-26

སྔར་ལོ་ཞིག་ལ   བདག་འདི་ལྟར
མཛེས་སྡུག་གིས་བསླུ་བྲིད་ཐེངས་ཤིག་གིས
རང་ཉིད་ལ་རྡོག་རྫིས་ཐེངས་ཤིག་བྱས་མྱོང
ད་ལྟ་ཡང་ཁྱོད་རང  འདི་ལྟར
འཇབ་འཇབ་ཀྱིས་བདག་གི་རུས་རྐང་ཟིན་སོང
 
ཉིན་འདི་དག  བདག་གིས
ཇི་ལྟར་ཕར་ལ་བསྐྱལ་ན་ཡང
ངས་བསླུ་བྲིད་འདིར་གཡོལ་ཐབས་མ་བྱུང
 
ཁྱོད་རང་འདི   བདག་གི་ཅི་ཞིག་ཡིན་ནམ
སྐྱེ་བ་སྔོན་མར་ལས་འབྲེལ་གང་ཞིག་ཡོད་དམ
ངོ་མ  ངས་གཞར་ཡང་གཡོལ་ཐབས་མེད་པ
ཁྱོད་རང་གཅིག་པུ་མིན་ན་ཡང   ཁྱོད་རང
འཇབ་འཇབ་གཉིས་ཀྱིས་བདག་ལ་འཐིམ་དགོས་སམ
 
མི་རིང་བའི་ཉིན་མོ་ཞིག་ལ
ཁ་པར་བརྒྱུད་དེ  གློག་ཀླད་བརྒྱུད་དེ
ལྷན་འཛོམས་ལྟ་བུའི་རྨི་ལམ་ལས
བཤད་ཆོག་ཆོག་གི་སྙིང་གཏམ་གང་ཞིག་ཡོད་དམ
གླེང་ཆོག་ཆོག་གི་དུང་བ་གང་ཞིག་སྟེར་རམ
 
སྟོང་སྟོང་གི་སེམས་པས  དེ་རིང
བདག་གི་ཅི་ཞིག་བརྐུས་སོང་ངམ
སྟོང་སྟོང་གི་སྣང་བས  དེ་རིང
བདག་གི་ཅི་ཞིག་འཕྲོག་སོང་ངམ
 
ཁྱོད་རང་ཉེ་སར་མེད་པའི་ང་རང
ཁྱོད་ལ་འབྲེལ་འདྲེས་མེད་པའི་ང་རང
དུང་སྣང་ཁོ་ནས་ཟུག་གཟེར་ལངས་དུས
སེམས་པ་འདིའི་ཟབ་སར་སུ་ཞིག་བསྐུང་འདུག་གམ
འདོད་པ་འདིའི་ཉེ་སར་ཅི་ཞིག་བཅར་འདུག་གམ
 
མི་རིང་བར་ང་ཚོས   གང་ཞིག་གི་ཟབ་ས་གླེང་ནས
སེམས་པ་དང་སེམས་པའི་ན་ཟུག་བསྐུར་ཆོག་གམ
འཚོ་བ་དང་ཁེར་རྐྱང་གི་དུང་སྣང་བསྐུར་ཆོག་གམ
དེ་དུས    ང་ཁྱོད་ཀྱི་སྙིང་ཉེ་བྱས་ཆོག་གམ
       2007/8/18ཉིན་གློག་ཀླད་ཁང་ནས་ཤར་མར་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་རང་བདག་ལ་འཐིམ་རྒྱུ་ཡིན་ནམ།

2008-12-26 ཀླུ་ཚང་སྨྱུག་གསར། ཀློག་གྲངས། མཆན ཡོད།

སྔར་ལོ་ཞིག་ལ   བདག་འདི་ལྟར
མཛེས་སྡུག་གིས་བསླུ་བྲིད་ཐེངས་ཤིག་གིས
རང་ཉིད་ལ་རྡོག་རྫིས་ཐེངས་ཤིག་བྱས་མྱོང
ད་ལྟ་ཡང་ཁྱོད་རང  འདི་ལྟར
འཇབ་འཇབ་ཀྱིས་བདག་གི་རུས་རྐང་ཟིན་སོང
 
ཉིན་འདི་དག  བདག་གིས
ཇི་ལྟར་ཕར་ལ་བསྐྱལ་ན་ཡང
ངས་བསླུ་བྲིད་འདིར་གཡོལ་ཐབས་མ་བྱུང
 
ཁྱོད་རང་འདི   བདག་གི་ཅི་ཞིག་ཡིན་ནམ
སྐྱེ་བ་སྔོན་མར་ལས་འབྲེལ་གང་ཞིག་ཡོད་དམ
ངོ་མ  ངས་གཞར་ཡང་གཡོལ་ཐབས་མེད་པ
ཁྱོད་རང་གཅིག་པུ་མིན་ན་ཡང   ཁྱོད་རང
འཇབ་འཇབ་གཉིས་ཀྱིས་བདག་ལ་འཐིམ་དགོས་སམ
 
མི་རིང་བའི་ཉིན་མོ་ཞིག་ལ
ཁ་པར་བརྒྱུད་དེ  གློག་ཀླད་བརྒྱུད་དེ
ལྷན་འཛོམས་ལྟ་བུའི་རྨི་ལམ་ལས
བཤད་ཆོག་ཆོག་གི་སྙིང་གཏམ་གང་ཞིག་ཡོད་དམ
གླེང་ཆོག་ཆོག་གི་དུང་བ་གང་ཞིག་སྟེར་རམ
 
སྟོང་སྟོང་གི་སེམས་པས  དེ་རིང
བདག་གི་ཅི་ཞིག་བརྐུས་སོང་ངམ
སྟོང་སྟོང་གི་སྣང་བས  དེ་རིང
བདག་གི་ཅི་ཞིག་འཕྲོག་སོང་ངམ
 
ཁྱོད་རང་ཉེ་སར་མེད་པའི་ང་རང
ཁྱོད་ལ་འབྲེལ་འདྲེས་མེད་པའི་ང་རང
དུང་སྣང་ཁོ་ནས་ཟུག་གཟེར་ལངས་དུས
སེམས་པ་འདིའི་ཟབ་སར་སུ་ཞིག་བསྐུང་འདུག་གམ
འདོད་པ་འདིའི་ཉེ་སར་ཅི་ཞིག་བཅར་འདུག་གམ
 
མི་རིང་བར་ང་ཚོས   གང་ཞིག་གི་ཟབ་ས་གླེང་ནས
སེམས་པ་དང་སེམས་པའི་ན་ཟུག་བསྐུར་ཆོག་གམ
འཚོ་བ་དང་ཁེར་རྐྱང་གི་དུང་སྣང་བསྐུར་ཆོག་གམ
དེ་དུས    ང་ཁྱོད་ཀྱི་སྙིང་ཉེ་བྱས་ཆོག་གམ
       2007/8/18ཉིན་གློག་ཀླད་ཁང་ནས་ཤར་མར་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།