འགྲམ་ལྕག་གཞུས།
༡
འཚོ་བ་ལྗང་མདོག་གི་ཞིང་ས་ནས ངས་ཁུ་སིམ་མེར
འདས་སོང་བའི་དོན་གནད་གཅིག་ལ་བསམ་མནོ་ཡང་ཡང་བཏང
༢
ཐབས་རྡུག་གི་ང་རང རླུང་གིས་དེད་པའི་ལྗོན་ལོའི་ཕྲག་དོག་དང
འདབ་ཆགས་ཀྱི་མུ་ཅོར་ལས་ཕམ་ཉེས་ཤིག་གི་ཚོར་བ་དྲག་ཏུ་འཕྱོ
འདར་སིག་སིག་གི་ལག་ཆུང་འདིས ཚད་མེད་ཀྱི་འགྲམ་ལྕག་གཅིག་གཞུས
༣
ཁྱོད་ཀྱིས་ཤེས་ཐབས་མེད་ལ སུས་ཀྱང་མེད
འགྲམ་ལྕག་དེ་གནད་ལ་འཁེལ་པོ་ཞིག་བྱུང་སོང་བས་ཡིན་ནམ
འདས་སོང་གི་དོན་གནད་དེ་བཟོད་བསྲན་ཐུབ་པ་ཞིག་མ་རེད
༤
རླུང་བུ་ད་དུང་གཡུགས་ཤིང ལྗང་ལོ་ད་དུང་འཕྱོ
༥
རང་ཉིད་ཀྱིས་རང་ཉིད་ལ་འགྲམ་ལྕག་དེ་འདྲ་ཞིག་གཞུས་སོང
ཡོད་ཚད་ལ་གསང་ནས་ད་བར་ལོ་ངོ་ཇི་སྙེད་འདས་སོང་སྙམ
༢༠༠༧ ༧ ༣༠
རྩོམ་ཁུངས། ངེད་དྲ་བ།