ལྕགས་ཐབ་འཁྱག་པ་འདི།
ལྕགས་ཐབ་འཁྱག་པ་འདི
བཟའ་བ་གཉིས་གཉིད་ཤུལ་གྱི་མཚན་དཀྱིལ་ཡིན་ནམ
མི་རྐྱང་དབུལ་བོ་ཞིག
ཁྱིམ་དང་བྲལ་རྗེས་ཀྱི་ཉིན་བཅུ་བ་དེ་ཡིན
ལྕགས་ཐབ་འཁྱག་པ་འདི
ཚ་རྨུགས་ཁྲོད་ཀྱི་དབྱར་ཁ་གཅེར་བུ་དེ་ཡིན
ཇ་ཁོལ་རྗེས་ཀྱི
ཕྱུག་པོ་སེར་སྣ་ཅན་དེའི་ལྕགས་ཐབ་འདང་ཅན་དེ་ཡིན
ལྕགས་ཐབ་འཁྱག་པ་འདི
རེ་སྒུག་ཁ་ཆེ་དེའི་ཁོག་པ་ཡིན་ནམ
ཁྱོད་དང་ངའི་སྐྱོ་ངལ་སྲ་མོ་དེ་ཡིན
ལྕགས་ཐབ་འཁྱག་པ་འདི
ཡང་ན གོ་ལ་ཁེར་འདུག་འདིའི
ནམ་མཁའ་སྟོང་བ་དེ་ཡིན
རྩོམ་ཁུངས། ངེད་དྲ་བ།