སྙན་ངག་རིང་མོ། ཟླ་བར་ཕུལ་བ།

ཟླ་བ་ནི་མཁའ་དབྱིངས་ནས་དལ་གྱིས་འཕགས་པའི་འོད་གོར་དེ་ཡིན་སྲིད
ཟླ་བ་ནི་བདག་སེམས་ནས་འཛུམ་གྱིས་བཞད་པའི་མེ་ཏོག་རྐང་གཅིག་ཡིན་སྲིད
ཟླ་བ་ནི་རྫིང་བུ་རུ་ལྷོད་ཀྱིས་ཤར་བའི་གཟུགས་བརྙན་དེ་ཡིན་སྲིད
ཟླ་བ་ནི་བདག་སེམས་ལ་རྟག་ཏུ་འཁྱིལ་བའི་དྲོད་ཁོལ་དེ་ཡིན་སྲིད
             གླེང་གཞི
 
     དང་བོ།
ཆུ་བོའི་བཞུར་རྒྱུན་དང་རླུང་བུའི་གཡུགས་སྟངས་ལ་འགྱུར་བག་རྒོད་དུས
ངས་ཁུ་སིམ་མེར་ཁྱོད་ཀྱི་འཛུམ་ཟེར་ལ་ཅེར་ཡོད
ཁྱོད་ཀྱིས་སྐར་ཚོགས་དང་སྤྲིན་པའི་སེམས་གསོ་མེད་པར
ཧ་ཅང་ཁེར་རྐྱང་གི་རྣམ་པས་བསིལ་ཟེར་གཏོར་དུས
ང་ཁོ་ནས་ཁྱོད་ལ་དགའ་བསུ་བྱེད་ཀྱིན་ཡོད
མཐའ་འཁོར་གྱི་སྐྱེ་དངོས་ཡོད་ཚད་ཀྱིས་ངལ་གསོས་ཟིན་ན་ཡང
ང་ཁོ་ནས་ཁྱོད་ཀྱི་ལྷིང་འཇགས་སྲུང་ཡོད
 
ང་ནི་བསིལ་ཟེར་གྱི་ཆེད་དུ་ཁྱོད་རང་འཚོལ་མཁན་དེ་མིན་ལ
ང་ནི་འོད་ཟེར་གྱི་ཆེད་དུ་ཁྱོད་རང་འཚོལ་མཁན་དེ་ཡང་མིན
ཡིན་ཡང  ངས་ཁྱོད་ཀྱི་ཆེད་དུ་ཁྱོད་རང་འཚོལ་བཞིན་པ
སུ་ལའང་གསང་མི་ཚུགས་པའི་དོན་དངོས་ཉིད
 
ཁྱོད་རང་དུས་རྟག་ཏུ་མཁའ་དབྱིངས་ནས་ཆས་དོན
མཁའ་དབྱིངས་ལ་ཅེར་བའི་བདག་གི་ཆེད་ཡིན་མི་སྲིད་ནའང
ང་རང་ཚོད་ཚོད་ལ་རི་བོར་འགོས་ཤིང
སྐབས་སྐབས་སུ་མལ་ནས་ལྡང་འགྲོ་བ་འདི
ཁྱོད་རང་སྙིང་ནས་འཚོལ་ཆེད་ཅི་ལ་མིན
 
ལ་ལས་ཁྱོད་ཀྱི་མྱུར་ཚད་དལ་བར་འདུག་ཟེར
ཡིན་ཡང  བདག་གི་བསམ་པར་ནི
ཁྱོད་རང་མཁའ་དབྱིངས་ནས་བགྲོད་པའི་ཡུན་ནི་སྐད་ཅིག་ཙམ་སྟེ
དེ་ལྟ་མིན་ན   ངས་མྱུར་ཤུགས་ཡོད་ཚད་རྩལ་དུ་བཏོན་ནས
སེམས་གཏམ་དང་སྨོན་འདུན་ཇི་ལྟར་ཞུས་ཀྱང
ཏག་ཏག་བདག་གི་སྐད་ཆའི་མཇུག་མ་རྫོགས་བར་དུ
ཁྱོད་རང་བཞུད་ཚར་བས་སོ
 
              གཉིས་པ།
གློག་སྒྲོན་མོག་མོག་ཅིག་གི་འོད་ལ་ཁེན་ནས
སེམས་པའི་མཁའ་དབྱིངས་ལ་མིག་ཟུང་གཏད་ཚེ
བདག་ལ་བསིལ་ཟེར་དང་འཛུམ་ཞལ་སྟོན་མཁན་ནི་གཅིག་སྟེ
ཉ་གང་བའི་འོད་དཀར་ཟླུམ་པོ་དེའོ
 
སེམས་པའི་མཛེས་པའམ་རང་ཉིད་ཀྱི་དགའ་ཕྱོགས་དེ་འཚོལ་དགོས་ན
མལ་ཐུལ་ལས་བུད་ནས་ལན་ཀན་དུ་འཛེག་དགོས་པ་ཆོས་ཉིད་དུ་གྲུབ་པས
ངས་ཀྱང་དུང་སྣང་གི་གོམ་པ་རེ་རེ
ཚོར་རེག་བྲལ་བའི་ལན་ཀན་སྟེང་བསྒྱུར་བ་ཡིན
 
དབང་བོ་གཞན་དག་གི་བྱེད་ནུས་གཅིག་ཏུ་བསྡོམས་ནས
ཁྱོད་ལ་འཁྲེང་བའི་མིག་དབང་ལ་སྣོན་པ་རྒྱབ་ཚེ
ཏག་ཏག་ཁྱོད་ཀྱི་མཛེས་པ་སྟེ  ཁྱོད་ཀྱི་དྲི་མས་མ་གོས་ཤིང
ཚོན་གྱིས་མ་བྲིས་པའི་སེམས་པའི་མེ་ལོང་དེ
ངས་གསལ་བོ་ནས་རྗེན་ཆར་དུ་མཐོང་གིན་འདུག
མེ་ལོང་དེའི་ངོས་སུ་ཤར་བ་བདག་མིན་ནའང
ངས་མེ་ལོང་དེའི་ནང་གི་གཟུགས་བརྙན་རྣམས་གསལ་བོར་མཐོང་གིན་འདུག
 
       གསུམ་པ།
ཁྱོད་ཉིད་སྙིང་དུ་འདོགས་དྲགས་པས
སྐབས་སྐབས་སུ་རང་ཉིད་ལའང
བཟོད་མེད་ཀྱི་རྨ་ཁ་བཟོས་འགྲོ་ནའང
སྤྲིན་པའི་འཇབ་རྒོལ་དང་སྐར་མའི་འདུ་འཛིའི་སྔ་རོལ་ནས
ངས་ཁྱོད་ཀྱི་འོད་སྣང་རྙེད་དགོས
 
སེམས་པ་སྙིམ་པར་བཅུག་ནས་མཁའ་རུ་བཏེགས་ཀྱང
ཁྱོད་རང་གཞན་ཞིག་ལ་བྲེལ་བའི་རྣམ་པ་དེས
ངའི་སེམས་པའི་མིག་ཟུང་ལ་ས་རྡུལ་གཏོར་སོང
རེ་ལྟོས་ཀྱི་མིག་ཆུས་ང་རང་བསྣུབས་པར་བྱས་མོད
འདི་ནི་ཁྱོད་ལས་ཐོབ་པའི་བདག་གི་ཕམ་ཁ་དང་པོར་སྒོམ་ཆོག
ཕམ་ཁ་ལས་ཕུགས་འདུན་འཚོལ་དགོས་པ་བདེན་ན
ངས་ཕམ་ཁ་མང་བོ་ཞིག་བཟོད་འདོད་ཀྱི་སྟ་གོན་གྲུབ་ཡོད
 
ཕུགས་འདུན་ལྟ་བུའི་དགའ་ཕྱོགས་ཤིག་གམ
དགའ་ཕྱོགས་ལྟ་བུའི་ཕུགས་འདུན་ཞིག་གིས
ང་རང་ཁུ་སིམ་མེར་སྡོད་དུ་མ་བཅུག
ལོབས་ཕྱོགས་ལྟར་ཉ་མོས་མ་དཀྲོག་པའི་རྫིང་བུ་དེའི
ལྷིང་འཇགས་ལ་བློ་རྩེ་སྒྲིམ་དུས
སེམས་པ་འདི་གློ་བུར་འགྱུར་འགྲོ་སྟེ
ཁྱོད་རང་རྫིང་བུ་དེར་ལྷོད་ཀྱིས་འཛུམ་པས་སོ
 
         བཞི་བ།
ནམ་མཁའི་པང་བ་རུ་གང་སར་འཐོར་བའི
འོད་ཆེམ་ཆེམ་གྱི་སྐར་ཚོགས་དེ་དག
ཁྱོད་ཀྱིས་ང་ལ་ཕུལ་བའི་སེམས་གསོ་ཡིན་ནམ
ད་དུང  སུ་ཞིག་གིས་ལག་པ་བརྐྱངས་འདྲའི་སྨེ་བདུན་དེ
ཁྱོད་ཀྱིས་ང་ལ་བཙུགས་པའི་ཐེམ་སྐས་ཡིན་ནམ
 
མཚན་མོ་འདིའི་དབྱིངས་རུམ་ན་དལ་གྱིས་རྒྱུ་བའི
འཁྱག་སིལ་སིལ་གྱི་རླུང་བུ་དེ་དག
ཁྱོད་ཀྱིས་ང་ལ་ཕུལ་བའི་འཛུམ་ཆུང་ཡིན་ནམ
ད་དུང  སུ་ཞིག་གིས་གཙང་མར་བཟོས་འདྲའི་མཁའ་དབུགས་དེ
ཁྱོད་ཀྱིས་ང་ལ་བསྐུར་བའི་ཁམས་འདྲི་ཡིན་ནམ
 
སེམས་པ་ནང་དུ་བཀུག་ནས་ཞིབ་ཏུ་བསམ་ན
འདི་དག་ཡོད་ཚད་ཀྱིས་ག་ནས་ཚད་དེ  ད་དུང
སྤྲིན་པ་དེ   ཟླ་འཁྱིམས་དེ    ཀུ་མུད་དེ
 
           ལྔ་བ།
བདག་གི་འཇིག་རྟེན་ན་ཡིད་འོང་གི་བྱ་དངོས་གང་ཡང་མེད་པ་མིན་མོད
ངས་ཏག་ཏག་ཁྱོད་རང་གཅིག་བུ་རེ་བས་འཚོལ་འདོད
 
ད་ནངས་གློ་བུར་བབས་པའི་བསིལ་ཆར་འཇམ་པོ་དེ
ཁྱོད་རང་གྱེས་ཁ་མའི་མིག་ཆུ་ཨེ་ཡིན་སྙམ་ན
སེམས་པ་འདི་གཟུགས་མེད་ཀྱི་ཚོར་བས་བཟུང་འགྲོ
ཁྱོད་ལ་ལྟ་འདོད་ཀྱི་འདུན་པས་སྒུལ་ཏེ་མཁའ་ལ་ཅེར་དུས
འཁྱག་སིབ་སིབ་ཀྱི་ཆར་ཐིགས་ཤིག་བདག་གི་མིག་ལ་ཐིམས་ཤིང
དེ་ནས་ཀྱང་འདུག་བཟོད་མེད་པ་ཇི་བཞིན
བདག་གི་ངོ་གདོང་ལ་འཁྱག་སིབ་སིབ་ངང་འགྲིལ་བྱུང
 
ད་ནི་ང་རང་ཅིས་ཀྱང་གཡའ་དག་པའི་ནམ་མཁའ་དེ་བྱེད་དགོས་ཏེ
དེ་ལྟར་བྱས་ཚེ་ཁྱོད་རང་པང་བར་བཟུང་ནས
ཡུན་རིང་སེམས་ལ་ཉར་བའི་སྡུག་ཡུས་དང་འཁང་ར་མང་བོ་ཞིག
ཁ་ཁོག་མེད་པར་ཁྱོད་ལ་གསོང་བོར་ཞུས་ཆོག
 
དེ་དུས་ཉེ་འཁོར་གྱི་སྐར་མ་མང་བོས་བདག་གི་འཁང་ར་ཐོས་ནས
སེམས་སྐྱོ་བའི་ཤུགས་རིང་འབྱིན་ངེས་ལ
འོད་ཁྱེར་བའི་ཟླ་འཁྱིམས་དེ་ཡང་བདག་གི་སྡུག་ཡུས་ཀྱི་ཚ་ཟེར་འོག
ཉི་འོད་ཁྲོད་ཀྱི་འཁྱག་དར་བཞིན་ཤུལ་མེད་དུ་འགྱུར་ངེས
 
                 དྲུག་པ།
ང་ནི་མཁའ་དབྱིངས་ལ་ཤས་ཆེར་ཆགས་པའི་བྱེའུ་དེ་ཡིན
བྱེའུ་དེའི་གཤོག་རྡེབ་ལས་ཐོན་པའི་ཤུགས་སྒྲ་དེའང་ཡིན
ང་ནི་མཁའ་དབྱིངས་ལ་ཕྱོགས་ཏེ་སྐྱེས་བའི་རྩི་ཤིང་རྐང་གཅིག་ཡིན
རྩི་ཤིང་དེའི་རྩེ་མོར་ལྷོད་ཀྱིས་ཆགས་པའི་ཟིལ་ཐིགས་དེ་ཡང་ཡིན་ཏེ
ཉི་ཟེར་ཁྲོད་ལང་ཚོ་བོར་ཅིང་མཚན་ལྗོངས་སུ་ཚེ་སྲོག་རྒྱས་པའི
ཉམ་ཆུང་གི་ཟིལ་ཐིགས་དེ་ནི་ང་རང་ཡིན
 
ང་ནི་སུས་ཀྱང་དོ་སྣང་མི་བྱེད་པའི་ཆུ་ཕྲན་ཞིག་སྟེ
ཚེ་སྲོག་གི་བཞུར་རྒྱུན་རིང་མོའི་ཁྲོད
གླུ་སྒྲ་དང་ཟུངས་ཁྲག་མཐའ་དག་གཅིག་ཏུ་བསྡོམས་ཤིང
མཐོང་ཐོས་དང་དཀའ་སྡུག་ཡོད་ཚད་སྐྱེས་སུ་བཏེགས་ནས
ཁྱོད་ཉིད་འཁྲུངས་སའི་རྒྱ་མཚོར་འབུལ་མཁན་དེ་ཡིན
 
ད་དུང   ཁུ་སིམ་པའི་ཁོར་ཡུག་དེའི་སྐྱོ་ངལ་ཁྲོད་དུ
ཡལ་གས་བསྐྱུར་བའི་སྡོང་བོ་དེར་ཁེན་ནས
ཡིད་སྐྱོ་བའི་དངན་པ་མཁའ་ལ་འཐེན་མཁན་དེ་ང་རང་ཡིན
ཆར་བས་ཕྱི་ནང་ཀུན་བརླན་པར་བྱས་ཀྱང
ཡིད་ཆད་པའི་མགོ་བོ་བྲང་ཁར་མི་སྨད་པ་དེ་ང་རང་ཡིན
 
ང་ནི་ང་སྟེ
འོད་སྣང་བསྐྱུར་ནས་མུན་པ་འཚོལ་མཁན་དེ་ང་རང་ཡིན
འཛུམ་མདངས་བཞག་ནས་སྡུག་བསྔལ་འཚོལ་མཁན་དེ་ང་རང་ཡིན
 
                བདུན་པ།
སེམས་པ་འདི་རེ་སྨོན་གྱིས་སྒུལ་ནས་མཁའ་ལ་ཅེར་ཐེངས་རེ་དང
ཁྱོད་ཀྱི་འཛུམ་མདངས་མཐོང་ནས་ཡ་ཆུང་ལ་སྐྱུར་ཤ་མཆེད་དུས་རེར
བདག་ནི་དབང་མེད་དུ་དོགས་འདྲི་མང་བོ་ཞིག་གི་རྒྱ་ལ་ཚུད་འགྲོ
 
སྟོང་འདང་གི་མཁའ་དབྱིངས་སུ་གན་རྐྱལ་དུ་ཉལ་ཚེ
བདག་གི་གདོང་ལ་བྱིལ་བྱིལ་བྱེད་པའི་བསིལ་རླུང་དེ་ཁྱོད་ཡིན་ནམ
བདག་གི་དབྱར་ལྗོངས་ལ་མཛེས་སྡུག་སྣོན་པའི་བསིལ་ཆར་དེ་ཁྱོད་ཡིན་ནམ
སྨག་གནག་པའི་མཚན་མོའི་དབྱིངས་རུམ་ན
འོད་ཀྱིས་འཁྱུག་པའི་གློ་བུར་བའི་གློག་དམར་དེ་ཁྱོད་ཡིན་ནམ
 
ཕུག་རོན་དེའི་གཤོག་སྒྲོར་བྲིས་པའི
ལྐོག་གྱུར་གྱི་རི་མོ་མཛེས་པོ་དེ་ཁྱོད་ཡིན་ནམ
ཁྲུང་ཁྲུང་དེ་དག་གི་བསྟར་ཕྲེང་ཁྲོད་ཀྱི
ཕྱི་མིག་ལྟ་བུའི་སྐྱ་མདའ་དེ་ཁྱོད་ཡིན་ནམ
ཀུ་མུད་དེའི་འདབ་མར་ལྷུང་བའི
ཕྱི་གསལ་ནང་གསལ་གྱི་ཟིལ་བ་དེ་ཁྱོད་ཡིན་ནམ
 
འོད་སྣང་དེ་ཁྱོད་ཡིན་ནམ   མུན་པ་དེ་ཁྱོད་ཡིན་ནམ
ཚ་ཟེར་དེ་ཁྱོད་ཡིན་ནམ    གྲང་ངར་དེ་ཁྱོད་ཡིན་ནམ
བརྒྱད་པ།
 
སྒེའུ་ཁུང་ཕྱི་རོལ་ན་རླུང་འཚུབ་ལྡང་དུས
ཁྱོད་རང་ཁོར་ཡུག་འདིའི་རྒྱན་དུ་མེད་པ་རྟོགས་ཀྱང
སེམས་པ་འདི་སྔར་བཞིན་སྒེའུ་ཁུང་བརྒྱུད་ནས་བུད་འགྲོ
 
རླུང་འཚུབ་ཁྲོད་མར་མེ་འཚོལ་མཁན་དང
སྟོང་འདང་ཁྲོད་དགའ་ཕྱོགས་འཚོལ་མཁན་དེ
སྡུག་ཡུས་མི་བཟོད་པའི་གླེན་པ་དེ་ཡིན་དུ་ཆུགས་ཀྱང
རེ་ལྟོས་དང་གདུང་སེམས་འདི་ཁྱོད་ཀྱིས་ཇི་ལྟར་མྱོང
 
ལུག་ཁྱུ་ལྟ་བུའི་སེམས་པ་འདི
ལུག་ར་ལྟ་བུའི་བྲང་ཁོག་ཏུ་བསྡུ་མ་ཐུབ་པའི་ང་རང
རླུང་ལུས་སུ་དེངས་དགོས་བའི་རི་ཁའི་དར་ལྕོག་ཇི་བཞིན
གདུག་རྩུབ་ཀྱི་རླུང་བུ་དེའི་ཁྲོད་དུ་དྲན་པ་གཏོང་དགོས་པ་ཡིན་ནམ
ཡང་ན  བདག་གིས་སེམས་པ་འདི་དམ་པོར་བཟུང་ནས
ཁྱོད་ལ་ཆེས་མཇུག་མཐའི་སྐྱེས་སུ་འདེག་དགོས་པ་ཡིན
 
བདག་ལ་རེ་བ་ལྷག་མ་ཅི་ཡང་མེད་དེ
ཁྱོད་རང་ཉིན་མོར་ཡང་མཐོང་ཐུབ་སོང་ན་དེ་ཡིས་ཆོག
བདག་ལ་སྙིང་གཏམ་ལྷག་མ་ཅི་ཡང་མེད་དེ
ཁྱོད་ཀྱིས་སྡུག་ཡུས་འདི་དང་འཁང་ར་འདི་ཐོས་སོང་ན་དེ་ཡིས་ཆོག
 
                  མཇུག་གི་བསྔོ་བ།
གཡའ་དག་པའི་ནམ་མཁའ་དེ་ཁྱོད་ཀྱི་མངའ་ཐང་ཡིན་པར་སྨོན
འོད་འཚེར་བའི་སྐར་ཚོགས་དེ་ཁྱོད་ཀྱི་སེམས་གསོ་ཡིན་པར་སྨོན
བདག་ལ་ཚོར་བ་སྦྱིན་པའི་སྦྲང་ཆར་བསིལ་མ་དེ
ཁྱོད་ཀྱིས་བདག་གི་ཆེད་དུ་བཏང་བའི་མིག་ཆུ་ཡིནཔར་སྨོན
 
ཁྱོད་ཀྱི་མདུན་ཐད་ན་གནས་བའི་སྤྲིན་ནག་ཚོམ་བུ་དེ
ཁྱོད་རང་རྒྱང་སྐྱོད་ཀྱི་བཀག་རྡོ་མིན་པར་སྨོན
ཁྱོད་ཀྱི་རྗེས་ཕྱོགས་ན་ལྡང་བའི་རླུང་འཚུབ་འཇིགས་པོ་དེ
ཁྱོད་ཀྱི་དུས་གཏན་གྱི་སྐྱེལ་མ་མིན་པར་སྨོན
 
བདག་གི་དྲི་མས་མ་སྦགས་པའི་ཁོར་ཡུག་འདི
མཁའ་དབུགས་འདི  ནམ་མཁའ་འདི
བདག་གི་གཡོ་སྒྱུས་མ་གྲུབ་པའི་སེམས་པ་འདི
ལུས་པོ་འདི མིག་ཟུང་འདི
ཁྱོད་ལ་ཕུལ་བའི་གཏང་རག་གི་མཆོད་པ་ཡིན་པར་སྨོན
ཁྱོད་ལ་ཞུས་བའི་ན་ཟུག་གི་སྡུག་ཡུས་ཡིན་པར་སྨོན

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རིང་མོ། ཟླ་བར་ཕུལ་བ།

2008-12-25 འཆིང་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།