སློབ་ཁྲིད་སྟེགས་བུའི་སྟེང་ནས་རྩིས་རིག་ལ་སྡིགས་དམོད་བྱེད་པ།
གཅིག་གི་སྟེང་ལ་བཅུ་བསྣན་ན
འོག་མ་བོ་གཅིར་མི་འགྲོའམ
བརྒྱ་ཡི་ནང་ནས་བཅུ་འཐེན་ན
བཅུ་ཤོག་འགའ་ཡིན་ནམ ཉི་ཤུ་ཤོག་ཁ་ཤས་ཡིན
ཡང་ན སྒྱུར་རྟགས་དེ་འགྲོ་བ་མིའི་རིགས་ཀྱི
སྐྱེ་འཕེལ་བརྒྱུད་རིམ་ཞིག་ཡིན་ནམ
ཡང་ན བགོ་རྟགས་ཀྱི་ཕར་ཕྱོགས་ནའང
མཉམ་རྟགས་ཤིག་ཡོད་ན
ཁྱོ་ཤུག་ཁ་ཤས་འཐོར་ཏེ་བསྐྱར་ཏུ་འགྲིག་ནའང
ཅི་ལ་མི་ཆོག
ཡིག་རྩིས་ཁ་ཤས་ཀྱིས
ང་ཚོའི་མ་འོངས་པ་བཞིན
རང་གི་ཐོབ་འབྲས རང་གིས་ཀྱང་ཤེས་ཀྱི་མི་འདུག
གནའ་ཤི་བོ རྩིས་རིག་ཁྱོད
འདྲི་ཚིག་ཆེས་མང་བའི་བྱིས་པ་སྣབས་དྲུད་ཅིག་རེད
རྩོམ་ཁུངས། ངེད་དྲ་བ།