གཟའ་ཉི་མའི་ཝུ་ཆང་།

སྒྲོལ་དཀར་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-25

གཞན་དབང་དང་སུན་སྣང་གི་རླུང་ཡམས་ཁྲོད
ཐོབ་ཤོར་དང་གྱེས་བྲལ་གྱི་རྨི་ལམ་རྣོན་པོ
ཁ་བ་བཞིན་དབང་རྩའི་སྦུབས་སུ་སིམ

གཟའ་ཉི་མའི་ཝུ་ཆང་གི་མངར་ཁ་ཀུན་གྱི་སྙིང་ལ་ལྷུང་དུས
ང་ཚོས་རང་ཉིད་ཀྱི་མཁའ་དབུགས་ལ་བདེན་ཁ་བྲིས་མོད
ལས་དབང་དང་ཕ་ས་གཉིད་དུ་གཡུར་ཟིན
ང་ཚོ་ལ་ཐུན་མོང་གི་ཕ་ས་ཡོད་ལ་ཕུ་ནུ་ཡང་ཡོད་པས
ངོ་གདོང་དང་གོས་ལྷམ་མ་རལ་བར་དུ་འགྲོ་དགོས

ལྷག་བསམ་དང་འདང་བརྩེའི་ཝུ་བ་མཐོ་རུ་འཕྱོ་དུས
གཟའ་ཉི་མའི་སྐྱེལ་ཆང་གི་བཟི་ཁ་རྒོད་པོ
ཡིད་འཕྲོག་མའི་འཇོ་སྒེག་གི་གོམ་འགྲོས་བཞིན
ལས་དབང་གཉོམ་པའི་གྲོགས་པོ་ཚོའི་སྙིང་ལ་བཞུར
ཝུ་ཆང་གི་གྱེས་སྟོན་ལྷག་བསམ་ཡིན་ལ
རྙེད་དཀའ་བའི་བརྩེ་དུང་གི་དྲན་ཤིང་ཡང་ཡིན

ཝུ་ཆང་གནས་མལ་ན་བདེ་བ་འཚོལ་བའི་གྲོགས་པོ་ཚོ
ང་ཚོ་ངོ་མ་རྒྱང་རིང་རྒྱང་རིང་ལ་འགྲོ་དགོས
ང་ཚོའི་འཁུན་སྒྲ་དང་མིག་ཆུས་བསླེས་པའི་སྨྱུག་སླེ་ཁུར་ཏེ
ལས་སྐལ་ཀྱི་ལྷ་མོ་དང་མཐའ་མཇུག་གི་བྲག་ལྩིབས་འཚོལ་དགོས
ང་ཚོས་ཝུ་ཆང་གི་སྦྲིད་ལམ་ནས་ལབ་རྡོལ་ཇི་ལྟར་འབྱིན་ཡང
ལུག་ཁྱུ་ཞིག་གི་འཚོ་སྟངས་གླེང་དགོས་ལ
སྐྱ་གོག་གོག་གི་ཡུལ་ལྗོངས་ཤིག་ལ་ལྗང་མདོག་གི་ས་བོན་འདེབས

གཟའ་ཉི་མ་རྒྱལ་ཁ་ཞིག་གི་སྔོན་འགྲོ་ཡིན་ལ
ཕམ་ཁ་ཞིག་གི་མཇུག་སྡོམ་ཡང་ཡིན་སྲིད
གཟའ་ཉི་མ    ང་ཚོའི་གཟའ་ཉི་མ
ངའི་དྲན་པའི་ནེའུ་གསེང་གི་སུ་རུའི་མེ་ཏོག་གམ
འཇགས་ཐབས་བྲལ་བའི་གདུང་འབོད་ཀྱི་དབྱངས་རྟ་ཡིན།

         ཕུག་རོན་དཀར་པོ།
རེ་བའི་མར་མེ་གངས་རྩེར་སྤར་བའི་མཁར་ཤུལ་དུ
འཐོར་རླུང་གིས་འབྲོང་ཁྱུ་གཅུན་པའི་དགུན་གཞུང་དེར
དད་མོས་སྟོང་ཕྲག་གི་རླབས་རྩེར་གཡོ་བའི་ཕུག་རོན་དཀར་པོ
གྲང་སིལ་སིལ་གྱི་སེམས་པའི་ཨམ་ཕྲག
རླབས་གཉེར་ལྟེབ་པའི་རྫིང་བུ་བཞིན་སྐྱོམ
ལྗིད་ཏིག་ཏིག་གི་གཤོག་ཟུང་རྒྱང་ལ་བཏེགས་ཏེ
ཆུ་མོ་ཤང་ཤང་གི་དབྱངས་རྟར་དྲན་གཞས་བསྐུར་ཉིན
པོ་ཏ་ལར་སྨྲེང་སེམས་ཀྱི་གཤོག་ཟུང་བརྡར་བཞིན་འཕུར
འཕུར་ཟིན་པའི་ཕུག་རོན་དཀར་པོ
སེམས་ཀྱི་ལྷིང་འཇགས་དཀྲོལ་བའི་ཅོང་བརྡ་བཞིན
ཐུན་མཚམས་སེར་པོའི་སྤང་ཁུག་རེ་ན
སེམས་དོན་གྱི་རྒྱ་གླིང་ཁྱེད་ལ་འབུད
རྒྱང་ཕྱག་གང་མང་གི་གར་སྟབས་ཁྲོད་ན
དད་འདུན་གསོན་པོས་ཁྱེད་ལ་གཡབ་མོ་བྱེད
གོམ་ཁ་ལྩི་བའི་སྦྲ་ནག་གི་རུམ་ཁ་ནས
གཏན་འཛོམས་ཀྱི་གདུང་སེམས་ཁྱེད་ལ་འཐེན
འཁྲེང་ཞེན་ལོ་ཟླ་ཁུར་བའི་ཕུག་རོན་དཀར་པོ
ཁྱེད་ཀྱི་བྱིས་བློའི་སྤང་ཁུག་ཏུ
ནོར་ནག་གི་ངུར་སྒྲས་ཁྱེད་རང་གླེང
གཡང་དཀར་གྱི་འབའ་སྒྲས་ཁྱེད་རང་སྒུམ
ཁ་བ་རི་བོ་ཁྱེད་ཀྱི་ཚེ་སྲོག་གི་མཆེད་ས་ཡིན་ན
ལས་སྐལ་གྱི་ལྷ་མོ་ཁྱེད་ལ་ཅིས་མི་དབང
ཕུག་རོན་དཀར་པོ   གངས་རིའི་མཁའ་མཐའ་ནས་འཕུར་ཤོག
གཞིས་འདུན་གྱི་མེ་ཏོག་ཚལ་དུ་འཕུར་ཤོག
དུས་རབས་ཀྱི་ཟེ་བ་ནས་བདེན་སྟོབས་ཀྱིས་འཕུར་ཤོག
ཨ་ང་ཙིའི་གསེས་པ་ཧམ་ཁྲག་གིས་གད་ལ་ཉེ
འཕུར་ཤོག   ཕུག་རོན་དཀར་པོ
དད་དུང་གི་མཆི་མ་མིག་ཀོང་དུ་བསྙལ་བའི
སེམས་པ་ཁྲི་སྟོང་གི་རེ་བའི་བྲག་ལྩིབས་སུ་ཕེབས་དང
ང་ཚོས་ཁྱེད་ལ་གངས་ལྷ་མེ་ཏོག་གིས་བསུ་མ་བྱེད
ཕེབས་ཤོག    ཕུག་རོན་དཀར་པོ་་་་་་་་

                    ༡༩༩༧ལོའི་ཟླ་༩པའི་ཚེས་༡༠ཉིན་ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟའ་ཉི་མའི་ཝུ་ཆང་།

2008-12-25 སྒྲོལ་དཀར་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།