སེམས་ཀྱི་སྟོབས་ཤུགས།

སེམས་པ་འདི་གཞན་གྱིས་བསླུ་བར་དོགས་མོད
རོལ་དབྱངས་དེས་ང་ལ་མཁའ་དབྱངས་བསྩལ་བྱུང

མཐོ་བ་རི་རབ་ཀྱི་དཔུང་རྩེ
དམའ་བ་དམྱལ་ཁམས་ཀྱི་གཏིང་ཞབས
ད་དུང    དུར་ཁྲོད་དང་བེམ་པོ
ང་དང་ཁ་ཐག་ཉེ་བའི་གྲུ་ཟུར་གྱི་འཇིགས་སྣང་དུ་གྲུབ་ཡང
སེམས་དམར་པོ་དེ     མེ་དཔུང་བཞིན་སྟོབས་ཀྱིས་འཕྱོ་དགོས་བྱུང
སེམས་པ་དམར་པོ་དེ    ཉི་ཟླ་བཞིན་མཁའ་རུ་འཕགས་དགོས་བྱུང

གཞན་དབང་དུ་ཤོར་བའི་དབུལ་བོ་དེའི་བྲན་གཡོག་གི་མིག་ཆུ་
རང་དབང་གིས་འཚོ་བའི་རྒྱལ་སྲས་དེའི་མངའ་ཐང་གི་མཛེས་སྡུག
སུ་ལའང་དབང་ཆོག་པའི་འཁོར་སྐྱོད་ཀྱི་རེའུ་མིག་རྫིག་པོ་ཡིན་ལ
སུ་དག་གིས་ཀྱང་བློ་གཏད་མེད་པས    འཁྱུད་བཞུད་མའི་དྲན་ཤིང་དངོས་མ
ཨ་ཨ    ཡོད་ཚད་ནས་ཡོད་ཚད
མགོ་བརྩམས་ཏེ་མཇུག་སྒྲིལ་དགོས་ཡང
སེམས་པའི་འཕྱོ་སྟངས་དེ    སྲོག་རྩའི་ལྡིང་ཚད་དེ
ལྷད་ཀྱིས་མ་གོས་པའི་ཆུ་མིག་གི་དྭངས་ཤ་ཡིན་སོང་ན
འཇིག་མི་སྲིད་པའི་རྟག་བརྟན་གྱི་མཁའ་དབྱིངས་ཡིན་སོང་ན
ས་ཆེན་འདི་རང་ཉིད་ཀྱི་མངའ་ཐང་དང
སེམས་ཅན་རྣམས་རང་ཉིད་ཀྱི་སྡོངས་གྲོགས་ཡིན

འཇིག་རྟེན་གྱི་ངོ་དགོང་གང་རུང་དང
ས་ཆེན་གྱི་སེམས་པའི་འདོད་སྟེང་ནས
སྙིང་ཆུང་གི་འཕར་ལྡང་དེ་སྟོབས་ཀྱིས་འཕྱོ་ཐུབ་སོང་ན
བརྟན་དུ་ནུབ་མི་སྲིད་པ་དེ་ཡང      མི་གཤིས་ཀྱི་འོད་མདངས་ཡིན།
         Friday,March 02,2007 ཉིན་གྲོགས་གནམ་ལྷ་དང་ལབ་གླེང་བྱས་རྗེས་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་སྟོབས་ཤུགས།

2008-12-25 ལྡོང་མཚོ་ལྡེའུ། ཀློག་གྲངས། མཆན ཡོད།

སེམས་པ་འདི་གཞན་གྱིས་བསླུ་བར་དོགས་མོད
རོལ་དབྱངས་དེས་ང་ལ་མཁའ་དབྱངས་བསྩལ་བྱུང

མཐོ་བ་རི་རབ་ཀྱི་དཔུང་རྩེ
དམའ་བ་དམྱལ་ཁམས་ཀྱི་གཏིང་ཞབས
ད་དུང    དུར་ཁྲོད་དང་བེམ་པོ
ང་དང་ཁ་ཐག་ཉེ་བའི་གྲུ་ཟུར་གྱི་འཇིགས་སྣང་དུ་གྲུབ་ཡང
སེམས་དམར་པོ་དེ     མེ་དཔུང་བཞིན་སྟོབས་ཀྱིས་འཕྱོ་དགོས་བྱུང
སེམས་པ་དམར་པོ་དེ    ཉི་ཟླ་བཞིན་མཁའ་རུ་འཕགས་དགོས་བྱུང

གཞན་དབང་དུ་ཤོར་བའི་དབུལ་བོ་དེའི་བྲན་གཡོག་གི་མིག་ཆུ་
རང་དབང་གིས་འཚོ་བའི་རྒྱལ་སྲས་དེའི་མངའ་ཐང་གི་མཛེས་སྡུག
སུ་ལའང་དབང་ཆོག་པའི་འཁོར་སྐྱོད་ཀྱི་རེའུ་མིག་རྫིག་པོ་ཡིན་ལ
སུ་དག་གིས་ཀྱང་བློ་གཏད་མེད་པས    འཁྱུད་བཞུད་མའི་དྲན་ཤིང་དངོས་མ
ཨ་ཨ    ཡོད་ཚད་ནས་ཡོད་ཚད
མགོ་བརྩམས་ཏེ་མཇུག་སྒྲིལ་དགོས་ཡང
སེམས་པའི་འཕྱོ་སྟངས་དེ    སྲོག་རྩའི་ལྡིང་ཚད་དེ
ལྷད་ཀྱིས་མ་གོས་པའི་ཆུ་མིག་གི་དྭངས་ཤ་ཡིན་སོང་ན
འཇིག་མི་སྲིད་པའི་རྟག་བརྟན་གྱི་མཁའ་དབྱིངས་ཡིན་སོང་ན
ས་ཆེན་འདི་རང་ཉིད་ཀྱི་མངའ་ཐང་དང
སེམས་ཅན་རྣམས་རང་ཉིད་ཀྱི་སྡོངས་གྲོགས་ཡིན

འཇིག་རྟེན་གྱི་ངོ་དགོང་གང་རུང་དང
ས་ཆེན་གྱི་སེམས་པའི་འདོད་སྟེང་ནས
སྙིང་ཆུང་གི་འཕར་ལྡང་དེ་སྟོབས་ཀྱིས་འཕྱོ་ཐུབ་སོང་ན
བརྟན་དུ་ནུབ་མི་སྲིད་པ་དེ་ཡང      མི་གཤིས་ཀྱི་འོད་མདངས་ཡིན།
         Friday,March 02,2007 ཉིན་གྲོགས་གནམ་ལྷ་དང་ལབ་གླེང་བྱས་རྗེས་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།