ཁྱོད་ཉིད་འཚོལ་བ་ལས་གཞན་ཅི་ཡང་མ་རྙེད།
ངས་མེ་ཏོག་ཅིག་མཛེས་སྡུག་གིས་སྐྱེ་བར
ཆར་ཆུ་དང་ཉི་འོད་འཇམ་པོ་ཞིག་ལ་རེ་བ་བྱས
ངའི་སེམས་ནས་གཅེས་པར་འོས་པའི་མེ་ཏོག་རེ་རེ
དཔྱིད་ཀྱི་དཔལ་ཡོན་དང་མཉམ་དུ་འཛུམ་གྱི་ལེར་ཡོད་ནའང
གློ་བུར་ཆར་རླུང་གི་ཤུགས་སེམས་དྲག་པོ་དེའི་འོག
ད་ལྟ ངའི་སྙིང་ལ་ཉེ་བའི་མེ་ཏོག་ཅིག་སྐྱེ་ཐབས་མི་འདུག
ངས་ལྷིང་འཇགས་ཀྱི་ཡུལ་ལྗོངས་ཤིག་རྙེད་པར
ཕ་ཡུལ་གྱི་གངས་རི་དང་རྩྭ་ཐང་སེམས་པར་བཅངས
ངས་བརྩེ་བར་འཁྱིལ་བའི་ནོར་ནག་དང་རི་སྐྱེས་ཚོགས
ཕ་ཡུལ་གྱི་སྒང་གཞོང་ཀུན་ན་རང་དབང་གིས་འཚོལ་བཞིན་ཡོད་ནའང
དོ་ནུབ་ཁ་བ་བབས་དྲག་པའི་དུས་ཚིགས་དེའི་འོག
ད་ལྟ ངའི་ཡིད་དུ་འོང་བའི་ཕ་ཡུལ་དེ་རྙེད་ཀྱི་མི་འདུག
རྩོམ་ཁུངས། ངེད་དྲ་བ།