མེ་ལོང་ནང་གི་གཟུགས་རིས།(ཞར་བཀོད་གསུམ་ཡོད)

མི་རྣམས་དུས་རྒྱུན་མེ་ལོང་ལ་བལྟ་བར་དགའ
མདུན་ཕྱོགས་ཀྱི་མེ་ལོང་རེ་རེ་ལས
རང་སྟེང་གི་སྐྱོན་ཆ་འཚོལ་ཅི་ཐུབ་བྱེད

རང་ཉིད་དང་ཁ་གཏད་དུ་འགྲེང་བའི
མེ་ལོང་ནང་གི་གཟུགས་རིས་དེ
ཁྱོད་དང་མཉམ་དུ་དགོད་ལ
ཁྱོད་དང་མཉམ་དུ་ངུ་བར་བྱེད
 
མི་ལ་ལ་མེ་ལོང་ལས་གཟི་འོད་འབར
མི་ལ་ལ་མེ་ལོང་གིས་ཐལ་བར་གཏོང

མེ་ལོང་ལ
གྲོགས་པོའི་མེ་ལོང    མི་རིགས་ཀྱི་མེ་ལོང
སྤྱི་ཚོགས་ཀྱི་མེ་ལོང………
མདོར་ན   ཁྱོད་རང་ཉིད་ཀྱང
དེ་དག་གི་ཆ་ཤས་སུ་གྱུར་བའི་མེ་ལོང་ཞིག

        རྟག་བརྟན་གྱི་བརྩེ་དུང༌།
སྙིང་སྡུག་མ  ལྗང་སྨྱུག་གིས་ས་རྡོ་བརྟོལ་བའི་དུས་ཚུགས་སུ
ལྷོ་བཞུད་ཀྱི་སྤྲིན་པས་འུ་གཉིས་ཀྱི་འདང་བརྩེའི་རྣམ་ཤེས་སྦྲུམ་ན
སྦྲང་ཆར་བསིལ་མ་དེ   ཁྱོད་དང་ངའི་རེ་སྨོན་གྱི་ས་བོན་སྨིན་པའི་དབུགས་རྒྱུན་ཡིན
 
སྙིང་སྡུག་མ   ནོར་འཛིན་སྒེག་མོས་སྔོ་ལྗང་གི་སྨད་གཡོགས་ངོམ་དུས
གཙང་ཆབ་སྔོན་མོས་འུ་གཉིས་ཀྱི་སེམས་སྒྲ་གྱེར་བཞིན་རྒྱང་དུ་བསྐྱེལ་ན
ཞི་བདེ་རྒྱ་མཚོ་ནི    ཁྱོད་དང་ངའི་དགའ་སྐྱོ་ཟུང་གི་མིག་ཆུས་ཟགས་པའི་སྙན་ངག་ཡིན
 
སྙིང་སྡུག་མ    སྡོང་ལོ་ས་ལ་ཐོར་བས་ཁུ་བྱུག་གི་གདུང་བ་ལྩི་ཡང
གསེར་ཁུས་ས་ཆེན་བྲན་པ་འུ་གཉིས་ཀྱི་བརྩེ་དུང་གི་བཀྲགས་མདངས་ཡིན་ན
སྙེ་འབྲས་ཁུར་དུ་ལྩི་བ   ཁྱོད་དང་ངའི་སེམས་ངོགས་ན་བཞད་པའི་རྟག་བརྟན་གྱི་མེ་ཏོག་ཡིན
 
སྙིང་སྡུག་མ   ཁུ་བྱུག་དང་འབྲུག་སྒྲ་གཉིད་པའི་མཚན་མོ་དེ་དག་ལ
ཁ་བའི་མེ་ཏོག་གིས་འུ་གཉིས་ཀྱི་འཛུམ་མདངས་འཐུ་ཞིང་སྙིང་གཏམ་བརླན་ན
གངས་རི་དཀར་པོ་དེ    ཁྱོད་དང་ངའི་བརྩེ་དུང་གི་དཔང་བོར་བཞེངས་བའི་རྡོ་རིང་ཡིན

            རྟོད་ཐག  རྟ་ཕོ།
རྟ་ཕོ་དེ་རྟོད་ཐག་གི་སྣེ་མོར་འཕྱོ་ཞིང་འཚོ
རྟོད་ཐག་དེ་རྟ་ཕོ་ཡི་རྗེས་ན་གཡོ་ཞིང་འཁྱུག

ཆར་རླུང་རྗེས་ཀྱི་ཞོགས་པ་དེ
རྨི་ལམ་གྱི་ཁམས་བཞིན
ཉི་འོད་དྲོ་ཞིང་འཇམ་ལ
མཁའ་དབུགས་གཙང་ཞིང་བསིལ

རྟོད་ཐག་སྣེ་མོའི་རྟ་ཕོ་དེ
རྒྱུན་ལྡན་ལས་ལྷག་པའི་མཁའ་དབུགས་ཁྲོད
བདག་པོའི་བཀོད་འདོམས་དང་རེ་བ་ལྟར
རྩྭ་ཆུ་མོད་ས་ཞིག་ནས
རྒྱུན་ལྡན་ལྟར་འཚོ

རྩྭ་ཐང་ནི་མཐའ་ཡས་ཤིང་འབྱམས་ཀླས
རྟ་ཕོའི་མིག་ལམ་གྱི་ཤྭ་བ  གླ་བ  རྐྱང  རི་བོང
ཡོད་ཚད་ནས་ཡོད་ཚད་དེ་འདྲའི་རང་དབང་ཅན
དེ་དག་མཐོང་བས   རྟ་ཕོས་ཀྱང་རྨི་ལམ་མང་པོ་རྨིས
ཡིན་ཡང   རྟོད་ཐག་དེས་དབང་གིས
བརྩེ་དུང་་ལ་བརྒྱུས་བའི
རེ་སྨོན་གྱིས་བཏེགས་པའི
ཞེན་ཆགས་ཀྱིས་གྲུབ་པའི
ལས་དབང་གིས་སྦྲེལ་བའི་རྟོད་ཐག་དེས་དབང་གིས
སླར་ཡང  མགོ་བོ་སྨད་དེ
རྟོད་ཐག་གི་སྣེ་མོར་བསྐྱར་སྐོར་རྒྱག

རྟ་ཕོ་དེ་རྟོད་ཐག་གི་སྣེ་མོར་འཕྱོ་ཞིང་འཚོ
རྟོད་ཐག་དེ་རྟ་ཕོ་ཡི་རྗེས་ན་གཡོ་ཞིང་འཁྱུག
                        2007.4.2

             ཁྱེད་ཀྱི་མིག་ཆུ་དེ།
                      -------གནས་ཡུལ་འགྲིམས་པའི་ཨ་ཆེ་ལ་ཕུལ་བ།
ལས་དབང་གི་བཀོད་པའི་དབང་གིས།
འུ་མིང་སྲིང་ཚོ།   རྩྭ་ཐང་གི་མེ་ཏོག་ཚོམ་བུ་བཞིན།
ཤ་ཁྲག་གི་རྒྱུན་ཐག་ལ་བརྒྱུས་ཏེ།
གཞིས་ཁྱིམ་གཅིག་ནས་ཚེ་སྲོག་ཐོར་ཞིང་འཚར་ལོངས་བྱུང་ལ།
ཚོན་མདངས་བཀྲ་བའི་བྱིས་དུས་ཀྱི་ལོ་ཟླ་རེ་རེར།
འུ་ཚོས་མཉམ་དུ་ལུག་ཁྱུ་རི་ལ་དེད་པར་ཇི་འདྲའི་སྤྲོ་སྐྱིད་ལྡན་ཨང༌།
ཁ་བ་དང་བུ་ཡུག་གིས་ངོ་གདོང་གཙེས་ཀྱང༌།
དྲག་ཆར་དང་སྨུག་ལོང་གིས་འགྲོ་ལམ་བཀག་རུང༌།
དཀའ་ཁག་ཁྲོད་འཐོར་མི་སྲིད་པ་ནི་ཁྱེད་ཀྱི་མིག་ཆུའི་ཕྲེང་ཐག
ད་དུང༌།   ནམ་ཡང་ཕམ་མ་མྱོང་བའི་སྙིང་སྟོབས་དེ……
 
ཁུ་བྱུག་གི་གསུང་སྐད་འཇགས་ཤིང༌།
གྲང་རླུང་ལ་མངའ་ཐང་རྒྱས་བའི་དུས་ཚིགས་ཤིག་ལ།
ཁྱེད་རང༌།   གོས་ཚར་དང་དར་ཡུག་གིས་བཏུམས་ཤིང༌།
ལྕགས་རིགས་དང་རྡོ་ཆས་ཀྱིས་གཡོགས་ནས།
ཉམ་ཆུང་ངང༌།   ངའི་མིག་མདུན་དུ་ཐོལ་གྱིས་མངོན་ཏེ།
བྲག་རྡོའི་སེམས་པ་སྒུལ་བའི་སྐྱོ་གཞས་དང་མཉམ་དུ།
མི་ཚོགས་ཀྱི་དབུས་ནས།   གདུང་བ་ལྩི་མོས།
སྤྱི་འགྲོས་ཤིག་ལ་བདེན་ཁ་སྟེར་བཞིན་བཞུད་སོང༌།
དེ་དུས།   ཁྱེད་ཀྱིས།
རང་ཉིད་ཀྱི་གྲུབ་གཟུགས་ཐོག་མར་བོར་བས།
དྭངས་གཙང་གི་མིག་ཆུ་སྐྱོ་གདུང་གིས་ཟགས་བཞིན།
མིང་སྲིང་ཚོའི་རྩེད་ར་དང་གཏན་དུ་གྱེས་སོང༌།
 
              ལོ་སར་ཚེས་འགོ
ཕུ་ནུ་ལྷན་འཛོམས་ཡོང་བའི་བཀྲ་ཤིས་དུས་བཟང༌།
ལྷ་དར་དང་མཆོད་ཆང་དགུང་དུ་བཏེགས་ནས།
ཁྱེད་ཀྱིས།   གོམ་སྟབས་ཡང་མོ་གྲལ་དཀྱིལ་དུ་སྒྱུར་བཞིན།
འཛུམ་མདངས་དང་དགོད་སྒྲ་བརྟོལ་བའི་གླུ་ཞིག་བླངས་སོང༌།
སྙན་འཇེབས་ཀྱི་གླུ་སྐད་ལ་མིག་ཆུའི་འགྱུར་ཁུགས་ཀྱིས་སྤྲས་བས།
ཕ་ཨ་ཁུ་སྨྲེང་ནས་དངན་པ་ཤོར།
ནང་སྤུན་ཟླ་སྐྱོ་ནས་མགྲིན་པ་བརྣངས།
གླུ་ཚིག་གིས་སྐྱོར་བའི་ལས་དབང་གཉོམ་པོ།
རོ་སྐྱུར་བའི་མིག་ཆུས་བརླན་ཞིང༌།
དཀར་ཤ་དམར་མདངས་ཀྱི་བཞིན་རས་ལའང༌།
མིག་ཆུའི་བཞུར་རྒྱུན་གྱིས་གཉེར་རིས་ཕབ།
 
དོ་ནུབ།   ཁྱེད་ཀྱི་མིག་ཆུ་དེ།
ངའི་སྙན་ངག་གི་ཕུང་བོར་ཞུགས་ཏེ་སྨྱུག་རྩེ་ནས་བཞུར་བས།
སླར་ཡང༌།   ཁྱེད་ཀྱི་འཕྲིན་ལས་ལ་གསོལ་འདེབས་ཐེངས་ཤིག་གི་རྗེས་སུ།
ཁྱོད་དང་འབྲོག་མོ་ཚོའི་མཁུར་གོང་ནས་འགྲིལ་བའི༌།
མིག་ཆུ་དེའི་འགོ་ཁུངས་དང་ཟབ་ཚད་གླེང་ཡང༌།
དེ་ལ།   ལོ་ཟླའི་བརྩེགས་རིམ་གྱི་གསང་བ་སྦས་ཤིང༌།
རྒྱུན་ཆགས་སུ་ཡོད་པའི་རིགས་རྒྱུད་ཅིག་གི་སྲོལ་རྒྱུན་ཀྱང་ཉར་བ་རྟོགས།
འོན་ཏེ།   མདུན་ལྗོངས་ཀྱི་སྨུག་རྒྱུའི་གསེབ་ནས།
ཁྱེད་ཀྱི་སེམས་སྒྲ་དང་གླུ་ངག་གིས་བཞེངས་བའི་གུར་ཁྱིམ་ཞིག
དུས་རབས་སྒེག་མོའི་གོམ་སྒྲ་དང་བསྡོངས་ནས།
ཁྱེད་དང་ཇེ་ཉེ་ནས་ཇེ་ཉེར་འགྲོ་བ།
ནུ་བོ་བདག་གིས་མངོན་སུམ་དུ་མཐོང་བྱུང༌།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལོང་ནང་གི་གཟུགས་རིས།(ཞར་བཀོད་གསུམ་ཡོད)

2008-12-25 གནམ་ལྷ་ཡག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།