ཟླ་ངོ་གཅིག་ལྷག་ལ་བྲིས་པའི་སྙན་ངག་ཚན་པ་གཅིག

                 —— ཡང་ན་ངོ་གདོང་ལ་ཁ་བ་འབབ་སྲིད།
ངོ་གདོང་ལ་ཁ་བ་འབབ་སྲིད    ཁ་བ་ལེབ་མོ་ལེབ་མོ་འབབ་སྲིད
ཁ་བའི་ཁྲོད་དུ་རྐང་རྗེས་ནར་མོ་ནར་མོ་ཕབ་ཡོད
ཁྱོད་ཀྱི་རྐང་རྗེ་རེ་རེ   ཁྱོད་ཀྱི་ཞབས་རྗེས་རེ་རེ
འཚོལ་སྙེག་གི་འདུན་མས་མ་དཀྲོལ་བར་སོང་ན་ཐོན་སྲིད
སྐྱེས་རི་ལྟ་བུའི   བྲག་རི་ལྟ་བུའི་བདག་གི་སྣ་ཁུང་ལ་འཕྲད་སྲིད
རི་རྒྱུད་ཅིག་དང་འདྲ་རུང་གཏེར་ཁ་མེད
ལུང་ཆེན་ཞིག་དང་མཚུངས་ཡང་ལམ་བུ་མེད
དེ་ལས་གཞན་ཆུ་མིག་ལྟ་བུའི་མིག་ཟུང་དང་འཕྲད་སྲིད
ཚ་གྲང་ཆེ་བར་རློམ་ན་ང་ལ་དྭངས་གཙང་གི་མིག་ཆུ་ཡོད
ཁྱོད་ཀྱིས་འཐུང་བར་མི་འདོད་ཀྱང་ཨུ་ཚུགས་སློང་དོན་མི་དགོས

ནགས་ཚལ་ཅིག་དང་འདྲ་བའི་བདག་གི་སྨིན་མ    སྨིན་མས་ཁྱོད་རང་ལོག་ལམ་དུ་འཁྲིད་མི་སྲིད་གནང
ཉི་མ་ཡོད་པའི་སྣང་བ་སྟེར་ཀི་མིན
ཁྱོད་རང་འཁོར་འཁོར་ཏེ    ཁྱོད་རང་སོང་སོང་ན
ཨ་ཐང་ཆད་པའི་དུས་ལ་སླེབས་སྲིད
ནམ་ཡང་འཚོལ་ཅིང་སྙེག་གིན་པའི་ལོག་མལ་དུ་ཐོན་སྲིད
ལོག་མལ་འདི     ཁྱོད་ཀྱི་འབབ་ཐང་ལྟ་བུའི
ལོག་མལ་འདི     བདག་གི་དཔྲལ་བ་མ་ཡིན
སུས་ཀྱང་བཏང་སྙོམས་ལ་སྣང་དོགས་མ་གཅུད་པའི
ངའི་ཁ་ཡིན   དུང་སོ་སུམ་ཅུ་ཤོང་སའི་ཁ་ཡིན
འཇིག་རྟེན་ཡོད་རྒུ་མི་ཤོང་བའི་ཁ་ལས
ཁྱོད་ཀྱིས་གཏིང་ལ་ལྷུང་བའི་མིག་ཟུང་གཉིས་ཀ
ལྷིང་ལ་བུད་པའི་ཉི་ཟླ་གཉིས་ཡིན་ཟེར་ནའང
དེ་ཉིད་ཁ་བ་འབབ་སྲིད་པའི་བདག་གི་ངོ་གདོང་ན་ཡོད


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་ངོ་གཅིག་ལྷག་ལ་བྲིས་པའི་སྙན་ངག་ཚན་པ་གཅིག

2008-12-25 མདོ་སྨད་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

                 —— ཡང་ན་ངོ་གདོང་ལ་ཁ་བ་འབབ་སྲིད།
ངོ་གདོང་ལ་ཁ་བ་འབབ་སྲིད    ཁ་བ་ལེབ་མོ་ལེབ་མོ་འབབ་སྲིད
ཁ་བའི་ཁྲོད་དུ་རྐང་རྗེས་ནར་མོ་ནར་མོ་ཕབ་ཡོད
ཁྱོད་ཀྱི་རྐང་རྗེ་རེ་རེ   ཁྱོད་ཀྱི་ཞབས་རྗེས་རེ་རེ
འཚོལ་སྙེག་གི་འདུན་མས་མ་དཀྲོལ་བར་སོང་ན་ཐོན་སྲིད
སྐྱེས་རི་ལྟ་བུའི   བྲག་རི་ལྟ་བུའི་བདག་གི་སྣ་ཁུང་ལ་འཕྲད་སྲིད
རི་རྒྱུད་ཅིག་དང་འདྲ་རུང་གཏེར་ཁ་མེད
ལུང་ཆེན་ཞིག་དང་མཚུངས་ཡང་ལམ་བུ་མེད
དེ་ལས་གཞན་ཆུ་མིག་ལྟ་བུའི་མིག་ཟུང་དང་འཕྲད་སྲིད
ཚ་གྲང་ཆེ་བར་རློམ་ན་ང་ལ་དྭངས་གཙང་གི་མིག་ཆུ་ཡོད
ཁྱོད་ཀྱིས་འཐུང་བར་མི་འདོད་ཀྱང་ཨུ་ཚུགས་སློང་དོན་མི་དགོས

ནགས་ཚལ་ཅིག་དང་འདྲ་བའི་བདག་གི་སྨིན་མ    སྨིན་མས་ཁྱོད་རང་ལོག་ལམ་དུ་འཁྲིད་མི་སྲིད་གནང
ཉི་མ་ཡོད་པའི་སྣང་བ་སྟེར་ཀི་མིན
ཁྱོད་རང་འཁོར་འཁོར་ཏེ    ཁྱོད་རང་སོང་སོང་ན
ཨ་ཐང་ཆད་པའི་དུས་ལ་སླེབས་སྲིད
ནམ་ཡང་འཚོལ་ཅིང་སྙེག་གིན་པའི་ལོག་མལ་དུ་ཐོན་སྲིད
ལོག་མལ་འདི     ཁྱོད་ཀྱི་འབབ་ཐང་ལྟ་བུའི
ལོག་མལ་འདི     བདག་གི་དཔྲལ་བ་མ་ཡིན
སུས་ཀྱང་བཏང་སྙོམས་ལ་སྣང་དོགས་མ་གཅུད་པའི
ངའི་ཁ་ཡིན   དུང་སོ་སུམ་ཅུ་ཤོང་སའི་ཁ་ཡིན
འཇིག་རྟེན་ཡོད་རྒུ་མི་ཤོང་བའི་ཁ་ལས
ཁྱོད་ཀྱིས་གཏིང་ལ་ལྷུང་བའི་མིག་ཟུང་གཉིས་ཀ
ལྷིང་ལ་བུད་པའི་ཉི་ཟླ་གཉིས་ཡིན་ཟེར་ནའང
དེ་ཉིད་ཁ་བ་འབབ་སྲིད་པའི་བདག་གི་ངོ་གདོང་ན་ཡོད


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།