དགེ་འདུན་ཆོས་འཕེལ།
གཡའ་དག་པའི་བསམ་གཞིག་གྲངས་མེད་ཀྱིས
གངས་རིའི་ངོ་གདོང་གི་ཁ་དོག་མཐོང་བས
རྒས་དྲགས་པའི་འཕྲང་ལམ་གྱི་ཕ་མཐར་བརྒལ་ཏེ
དུས་རབས་དང་རང་དབང་གི་གཤོག་པ་བརྐྱངས
ངོ་མཚར་བའི་ཤེས་རབ་ཀྱི་མིག་ཟུང་རྣོན་པོ
ཚན་རྩལ་གྱི་སྒེག་མོར་དམ་དུ་འཁྱུད་དེ
འབྱམས་ཀླས་པའི་རྩྭ་ཐང་གི་པང་བར
དུས་ཚིགས་ཀྱི་ཞོགས་པ་ཅི་ནས་བསུས
ཁུ་སིམ་མེར ཁེར་རྐྱང་དུ
ཚུལ་འཆོས་ཀྱི་གདོང་འབག་གྱོན་པའི་མི་ཆེན་ཚོའི་མངའ་ཐང་འོག
ཕམ་ཁའི་མྱ་ངན་གྱིས་བགྲོད་པའི་ངལ་དུབ་ཀྱི་ཐིགས་པ་རེ་རེ
ཁ་བའི་ཚེ་སྲོག་གི་མཛེས་སྡུག་ཏུ་ཡང་ཡང་ཕུལ
༢༠༠༦་༦་༡༩
རྩོམ་ཁུངས། ངེད་དྲ་བ།