མགོ་དཀྲིས་བཤིག་པ།(ཞར་བཀོད་གཉིས་ཡོད)

མིག་བཙུམས་ཤིང་ཁ་གདངས་ནས་རྩྭ་ཐང་གི་པང་དུ་འགྲེང་བའི་སྐད་ཅིག་མ་དེར
སྔ་མོ་ཞིག་ནས་ང་རང་དང་འགྲོགས་པའི་ངའི་སྙིང་ནད་དེ
ལྷག་མ་ཙམ་ཡང་མེད་པར་བདག་གི་གློ་ནད་ལ་ཐིམས་ཤིང
བདག་གི་གློ་ནད་དེ་བདག་གི་མཆིན་ནད་ལ་ཐིམས་སོང
དེ་ནས་བདག་གི་མཆིན་ནད་དེ་བདག་གི་སུན་སྣང་དང་དྲེགས་སྙེམས
གཡོ་སྒྱུ་དང་འཕྲུལ་སྣང་བཅས་ལ་ཐིམས་ཤིང
དེ་ལྟ་བུའི་གཟུགས་འདུས་ཀྱི་ཕུང་བོ་ཟླུམ་པོ་དེའང
ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་དྲུད་པ་བཞིན
ནག་ནོག་མ་ཡིན་པའི་རྩྭ་ཐང་གི་མཁའ་དབུགས་དྭངས་མོ་དེར་འདྲེས་པས
ཏག་ཏག་སྐད་ཅིག་མ་དེར
ང་རང་གཅིག་བུ་དཀར་སང་ངེར་རྩྭ་ཐང་གི་པང་དུ་འགྲེང་འདུག
                        2006 10 4ཉིན་ཕ་ཡུལ་དུ།
 
      ཁྱོད་ཀྱི་གདོང་ན་དུས་ཚོད་ཀྱི་རྐང་རྗེས་མི་འདུག
སྔ་མོ་སྔ་མོ་ཞིག་ནས་དུས་ཚོད་ཅེས་བ་འདིས
རིང་ཐུང་མ་ཤོར་ཞིང་ཐུང་ལེན་ཡིན་པའི་གོམ་པ་མང་བོ
ཁོད་སྙོམས་པའི་འཇིག་རྟེན་གྱི་བྲང་གཞུང་དང
མདོག་མ་ཡལ་བའི་བདག་ཉིད་ཀྱི་ལང་ཚོ
དྲིས་མ་གོས་བའི་ཁྱོད་ཀྱི་ཞལ་རས་བཅས་ལ་ནན་གྱིས་སྤོས་ནའང
ཏག་ཏག་ཁྱོད་ཀྱི་གདོང་ན་དུས་ཚོད་ཀྱིས་རྐང་རྗེས་བཞག་མི་འདུག
འོ  རེད་ཡ  གལ་ཏེ་ཁྱོད་ལའང་སྲིད་ཇུས་ཀྱི་བརྩེ་བ་དང
དཔལ་འབྱོར་གྱི་འཛུམ་མདངས་སྙིང་རྗེ་བོ་དེ་མེད་རྒྱུ་ན
དུས་ཚོད་ཀྱིས་གཞན་དག་དང་འདྲ་བར་ཁྱོད་ལའང་ཉེས་ཆད་གཅོད་སྲིད
                      2006 10 6ཉིན་ཀོས་ནན་རྫོང་དུ་བྲིས།
 
     འཕྲིན་ཐུང་བསྐུར་བ
ཕ་ཡུལ་ནས་ཕྱིར་དགོན་པར་འབྱོར་མ་ཐག
ངས་ལག་པར་བླངས་ནས་གྲོགས་པོ་ཚོར་འཕྲིན་ཐུང་རེ་བསྐུར་བ་ཡིན
ཐོག་མར་གྲོགས་པོ་ཞིག་ལ་ཁྱོད་བདེའམ་ཞེས་བསྐུར
དེ་ནས་ཁྱོད་ད་ལྟ་གང་ན་ཡོད
ངས་ཁྱོད་རང་ཧ་ཅང་དྲན་གྱིན་འདུག
ང་རང་ཕྱིར་ཐོན་ཡོད   ཁྱོད་ཀྱིས་ཅི་བྱེད་ཀྱིན་ཡོད
ཁོམ་པ་ཡོད་ན་ཁ་པར་རེ་གཏོང་རོགས
དེ་ལྟར་རིམ་བཞིན་གྲོགས་པོ་ལྔ་ལ་འཕྲིན་ཐུང་རེ་བསྐུར་མོད
ང་ལ་ཚུར་འཕྲིན་ཐུང་བསྐུར་མཁན་ནི
དེ་དག་གང་དུའང་མི་གཏོགས་པའི་མི་ཞིག་རེད་དེ
དེས་ནི་ཁྱོད་མེད་པའི་ཉི་མ་རེ་རེར
ངས་སྒུག་ས་ནི་ཁྱོད་རང་གཅིག་བུ་ཡིན་ཞེས་བསྐུར་འདུག
                            2006 10 6ཉིན་བྲིས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགོ་དཀྲིས་བཤིག་པ།(ཞར་བཀོད་གཉིས་ཡོད)

2008-12-25 འཆིང་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།