འཕུར་ལ་དགའ་བ།
ལོ་ངོ་འདི་དག་ལ
གཤོག་པ་ཡོད་མེད་གཉིས་ཀྱིས་ནམ་མཁར་ཅེར
ཁ་ཡོད་ཚད་ཀྱིས་ཀི་རིང་འདེབས
གཏོར་བརླག་ཅིག་བརྒྱུད་ནས་འབར་ན་སྙམ་གྱིན་འདུག
ས་གཞི་དང་རྒྱལ་ཁམས་ཧང་ཅང་ཆེ་ནའང
ནོར་ལུག་གི་རྦ་རླབས་ངོས་སུ
གཞུང་ལུགས་ཤིག་མགོ་འབུས་བཞིན
ལྕགས་ཀྱི་འཁོར་ལོ་ཁ་ཤས་ཀྱི་གནས་ལུགས་བགྲང་བཞིན
གཙུག་ལག་ཁང་གི་ལྡེབས་རིས་ཀྱང ཁད་ཀྱིས་སྙིལ་གྱིན་འདུག
ད་ལྟ གས་ཆག་གི་རིགས་ལ་འོད་ཟེར་འཕྲོ་བཞིན་ཡོད
ནུབ་ཕྱོགས་ལ་དད་པའི་གོམས་སྲོལ་གྱིས
ཡིག་རིགས་གཞན་གྱི་གླེགས་བམ་རྙིང་བ་ལས
དྲི་བསུང་ཞིག་འཐུལ་བཞིན་པ་ཚོར
མི་རིང་བར་མེ་སྒྱོགས་ཤིག་འགས་པར་ངེས
སེམས་ཁམས་རྣལ་མ་ཞིག་འཐོར་བར་ངེས
དུ་བ་ལང་ལོང་གི་ཁྲོད་ནས
བླ་མཁར་ཞིག་ཀྱང་འགྱེལ་བར་ངེས
ཧབ་ཆ་མཐོ་བའི་དུས་སུ
རྒྱལ་ཁ་ཐོབ་པ་མིན་པ་ལྟར
ལམ་དེ་དེད་ནས་མུ་མཐུད་དུ་སོང་ན
ལྗན་ལྗིན་གྱིས་སྦགས་པའི་བགྲོད་ལམ་ཞིག་མཐོང
སྐད་ཆ་རེ་རེའི་རྣོ་དབལ་གྱིས་བརྟོལ་བའི་བུ་ག་རེ་རེ
མཐའ་མཇུག་གི་འགྲེམས་སྟོན་ངོ་མ་ཞིག་ཡིན་པར་ངེས
ཕྱི་ལོ༢༠༠༦ཟླ༥ཚེས༥ལ།
རྩོམ་ཁུངས། ངེད་དྲ་བ།