ཤིང་གི་ལོ་མ།(ཞར་བཀོད་གཉིས་ཡོད)
སྟོན་དུས། ཤིང་ལོ་སེར་པོ་རེ་རེ་བཞིན།
ངའི་མིག་ལམ་ནས་ཐད་དུ་ས་ལ་ལྷུང་འགྲོ
ཅི་འདྲའི་མྱ་ངན་གྱི་སྣང་ཚུལ་འདི་ཚོ། ངས་ཁྱོད་ལ་ཤོད།
སྟོན་དུས། ཤིང་ལོ་སེར་པོ་རླུང་གིས་དེད།
ངའི་སྣང་ཚོར་ལས་གློ་བུར་དུ་གང་སར་འཐོར།
ཅི་འདྲའི་འཇགས་དཀའ་བའི་རྦ་རླབས་ཤིག་རེད་ཨང༌། ངས་ཁྱོད་ལ་སྒུག
སྟོན་དུས། ཤིང་ལོ་སེར་པོ་དོང་སར་རང་བཞིན་དུ་འཁྱིལ།
ངའི་མིག་ལམ་ནས་ཆེས་སྟུག་པོའི་བེམ་གཟུགས་མང་དག་གཅིག་འཆར།
ཅི་འདྲའི་རབ་རིབ་ཀྱི་དྲན་གསོ་རྐང་གཅིག་མ་དེ་རེད་ཨང༌། ང་ཁྱོད་ལ་དུང༌།
ངོ་གདོང༌།
ངོ་གདོང ནག་པོ་དང་དཀར་པོ
ཕྱི་ཚུལ་དང་ནང་ཁྲོལ
ངོ་གདོང་གི་རང་གཤིས་དེས ཁྱོད་ལ་ཅི་ཞིག་གླེང་རྒྱུ་ཡོད
ངས་ཁྱོད་ལ་རྣ་བ་གཏད་ནས་ཉན་ཡོད
འོན་ཏེ ངས་ཁྱོད་ཀྱི་ངོ་གདོང་དེ་མཐོང་འདོད་མེད
རྩ་བ་ནས་མེད དུས་དེ་ཉིན་ནས་བཟུང
ཁྱོད་ལ་སྐད་ཆ་འདྲ་ཡོད་ན་ང་ལ་ཤོད
ངས་ཁྱོད་ལ་མཐའ་མཇུག་གི་ཚིག་གཅིག་བྱིན་ན་འདོད
ཁྱོད ངོ་གདོང་གིས་བསླུས་པའི་ཁྱོད
ངོ་གདོང ཁྱོད་ཀྱི་ཡོད་ཚད་ཀྱི་རིན་ཐང
ཐང་སྟོང་རྒྱལ་པོ།
(A)
ཐེངས་མང་པོར་ཐང་སྟོང་རྒྱལ་པོ
ལོ་རྒྱུས་ཀྱི་ཤོག་ལྷེ་དེ་དག་གི་བར་ནས
སྐྱིད་ཆུའི་བཞུར་སྒྲ་འཇམ་པོ་ཡོད་ཚད་ཀྱི་གསེང་ནས
སྐབས་འགར ཆགས་སྡང་གིས་འཆར་འོང
ལན་རེར ང་རྒྱལ་གྱིས་ངུ་ཤོར
(B)
མི་ལོ་སྟོང་ཕྲག་གི་ཕ་རོལ་ནས
མིང་ལ་ཐང་སྟོང་རྒྱལ་པོ་ཟེར་བ་ཞིག
བཟོ་བསྐྲུན་ལ་ཁྱད་འཕགས་ཅིག་ཡོད་སྐད
ལྷ་མོ་བ་རྣམ་དཔྱོད་ལྡན་པ་ཞིག་ཡིན་ཟེར
དེའི་ཐོག་ནས ཐང་སྟོང་རྒྱལ་པོ
ཕ་རོལ་དུ་ངོ་སོ་གང་མང་གིས་བུད་སོང
(C)
ཡོད་ཚད་ལ་ཚད་འཇལ་བའི་དུས་རབས་ཤིག་ལ
ཐང་སྟོང་རྒྱལ་པོ མགར་རྒྱུད་ཀྱི་བུ་ཕྲུག
རྗེས་རབས་པའི་གོ་ཐོས་ཙམ་ལས་གཞན་ཅི
ཐང་སྟོང་རྒྱལ་པོ ཐང་སྟོང་རྒྱལ་པོ
༢༠༠༧ ༥ ༧
རྩོམ་ཁུངས། ངེད་དྲ་བ།