རྟོག་པའི་གསང་རྣམ།
ལྷོ་ལམ་རྟོག་འགྱུས་སྐྲུན་པ་ལང་ཚོའི་དཔྱིད། །
སྐར་མའི་ལོག་མལ་སྙེག་པ་ཉིན་མོའི་ལྗོངས། །
སེམས་པའི་དམིགས་སྒྲ་ཕྱོགས་མེད་འཁྱམ་པའི་དུས། །
སྟོན་དུས་འབྲས་བུའི་བག་ཆགས་ས་ལ་ཐོར། །
མཆོར་སྒེག་བ་མོས་གདོང་ལ་མཛེས་པ་བསུ། །
རྨི་ལམ་སྒྱུ་མ་རྟོག་པའི་ལྗོངས་སུ་ཤར། །
རྒྱང་རིང་སྐལ་བའི་ངང་སྒུག་རལ་བའི་དུས། །
ལྷིང་འཇགས་འཆི་བའི་ཕྱོགས་སུ་ལན་བརྒྱར་ལྟ། །
ཉམས་ལན་བྱེད་པོའི་སྒལ་ཚིགས་དུས་ལ་རལ། །
དྲན་རྟོག་སྣང་བ་ཡར་ངོའི་ཟླ་ལ་འགྲན། །
ས་སྨུག་ཆར་གྱིས་བྲན་པའི་རྣམ་ཤེས་ལ། །
གྲིབ་མས་སེམས་རྩ་བཀབ་པའི་གདུང་བ་ལྕི། །
རལ་བའི་གོམ་འགྲོས་མི་ལྡོག་མཚོན་ལ་འཁྱོར། །
ཞོགས་པའི་རྨི་ལམ་སྐལ་བའི་མཐའ་ནས་ཟད། །
འཆལ་བོའི་ཚུལ་ལ་མ་རྨོངས་སེམས་ཁྲལ་གྱིས། །
བྲང་ལ་རུས་པ་སློང་བའི་ངེས་ཤེས་རྙེད། །
2007.5 བར་ཞིས་ཨན་ནས།
རྩོམ་ཁུངས། ངེད་དྲ་བ།