བསླུ་བྲིད།
བསླུ་བྲིད བསིལ་རླུང་བཞིན
ཁང་བ་འདིའི་སྒོ་དང་སྒེའུ་ཁུང་གང་རུང་ནས་ལྡང་འོངས
མ་གཞི བསླུ་བྲིད་ཀྱི་བདག་པོ
ཁང་བ་འདིའི་ཡང་སྟེང་ལ་སྤོས་འདུག
བདག་གིས་ཐབ་ཚང་འདིའི་མེ་རོ་ལྷག་མ་གཉོར་བཞིན
བསླུ་བྲིད་དེའི་ཁ་གཏད་དུ་འགྲེང་ཡོད
ནམ་ཞིག་ས་ཆེན་གྱི་བྲང་གཞུང་ནས
མེ་ལྕེ་ཆེན་པོ་ཞིག་སྦར་སྲིད
དེ་དུས་བསླུ་བྲིད་ཀྱི་བདག་པོ
ཁོ་ལ་དབང་བའི་སྡོད་ཁང་དུ་ལོག་ངེས་ཡིན
2007 2 21ཉིན།
རྩོམ་ཁུངས། ངེད་དྲ་བ།