བཙོན་ཁང་ནས་ཆུང་མ་དྲན་ཚུལ།
རང་ཉིད་ལ་ཐོབ་པའི་དེ་དག་རང་ལ་མི་དབང་བའི་དོ་ནུབ
ངས་བཙོན་ཁང་གི་སྒོ་འགྲམ་ལ་ཐོད་པ་བཞག་ནས
འུ་གཉིས་ཀྱི་སྔ་གཞུག་ལ་སྨོན་ལམ་ཡག་པོ་བརྒྱབ་ཡོད
ངས་མྱི་མ་བསད་ ངས་རྟ་མ་ཁྱེར་ ངས་བཙན་གཡེམ་མ་བརྒྱབ
ཅིའི་ཀྱང་ གོམ་པ་སྤོ་ས་ཞིག་རྙེད་ཐབས་མ་བྱུང
རོ་སྒམ་ལྟ་བུའི་ མོ་མཚན་ལྟ་བུའི
གནམ་ས་མེད་པའི་འཁོར་བ་འདི
ངའི་མི་ལོ་ཉི་ཤུའི་ལང་ཚོ་ཁྱེར་བའི་ཇག་པ་དེ་རེད
ཟླ་བའི་གོམ་འགྲོས་ལྟ་བུའི་ཁྱེད་རང་དྲན་ཚུལ་དེ་
བྲང་འོག་ཏུ་གནོན་ཐབས་མ་བྱུང་
བརྩེ་བའི་ལག་ཟུང་ཉི་འོ་ད་ཀྱི་འདབ་མར་འཇུས་ནས
ཁྱེད་ཁོ་ནའི་རི་ལུང་དུ་བབས་ཡོད
སློབ་རའི་རྐང་ལམ་ན་མདུདར་བའི་ ང་ཡི་སྐལ་བཟང་མ་ཡ
སྐྲ་ལོ་བཅད་པའི་མི་ཚོགས་ངོ་གདོང
མདུན་གྱི་ཕོར་བ་ཅི་བཞིན་མིག་ཟུང་ལ་ལྷུང་དུས
ངའི་དྲན་པའི་ཕོ་བྲང་དུ་འཁོར་བ་ རུས་པའི་ཟབ་ས་ནས་དྲན་པ
བག་ཆགས་ཀྱིས་བགོས་པའི་ཆུང་མའི་སྐྲ་ལོ་དེའོ
2007.2.13
རྩོམ་ཁུངས། ངེད་དྲ་བ།