བྱིས་པའི་སྙན་ངག་ཁག་དྲུག

        ཕུགས་རེ།
བྱ་གག་ཆུང་ཆུང༌།   ཆུ་རྐྱལ་ལ་མཁས།
རྐང་བ་གྲུ་ཁེམ་གྱི་དོད་དུ་བཙུགས་ན།
མིས་བཟོས་གཟིང་ཆུང་ནི་ཅི་ཡང་ཡིན་མི་སྲིད།

སློབ་གྲོགས་སྟོབས་ལྡན་ནི་མ་རབས་ཐ་ཤལ་ཅིག་སྟེ།
ཁོའི་བྱ་གག་ཆུང་ཆུང་ལ་རྡོ་ཡིས་གཞུས་བས།
ང་དང་དཔལ་མོའི་སྙིང་རྗེ་ནས་མིག་ཆུ་ཤོར་གྲབས་བྱེད་ནའང༌།
ཁོས ་་ཧ་ཧ།  བྱ་གག་གན་གི་མཆུ་སྤྲུགས་ཚུལ་ལ་ལྟོས་དང ་་ཞེས་དགོད་ཁ་ཤོར།

གྲོགས་པོ་ཆུང་ཆུང་ཚོ།  ཁྱེད་རྣམས་ཆུ་རྫིང་ཁར་འགྲོ་དུས།
མ་རབས་ཐ་ཤལ་གྱི་སློབ་གྲོགས་སྟོབས་ལྡན་ལྟར་མི་བྱེད་པར།
བྱ་གག་ཆུང་ཆུང་ལ་བྲོ་སྟེར་བར་གྱིས་དང༌།
ཁོས་བྱ་སྤྱོད་སྙིང་རྗེ་དག་ཁྱོད་ལ་སྟོན་སྲིད་ཅིང༌།
དམར་སེར་གྱི་མཆུ་གུག་གུག་བྱས་ནས ་་ཁྱོད་བདེ་མོ།   ཁྱོད་བདེ་མོ ་་ ཟེར་ངེས།

              ཨ་ཕ་དང་ཨ་མ།
ངའི་ཨ་ཕ་ནི་རྟ་བདུན་དབང་པོ་དང༌།
ངའི་ཨ་མ་ནི་ཟླ་གཞོན་སྒོར་སྒོར་དེ་ཡིན།

ཉིན་གང་ཕྱི་རུ་ལས་ཀ་ཕྱིན་པའི་ཕ་ལགས་ནི།
རྔུལ་ཆུ་ཁྲོམ་ཁྲོམ་གྱིས་ཁྱིམ་དུ་ལོག་ཡོང་དུས།
ང་དང་ཨ་མའི་བཟའ་ཚལ་སྣ་ཚོགས་གྲ་སྒྲིག་བྱས་ཏེ།
བརྩེ་བའི་ཕ་ལགས་ལ་སྣེ་ལེན་ཞུས།

ངའི་ཨ་མའི་གདོང་དཀར་པོ་དཀར་རྐྱང་ཡིན།
ངའི་ཨ་མ་གཤིས་བཟང་ངག་འཇམ་ཡིན་ཙང༌།
ཕ་ལགས་ནས་བྱམས་པོ་ཞེ་བོ་བྱེད་ཅིང༌།
ངའི་ཨ་མ་ནི་བཟའ་ཚལ་བརྔོ་བར་ཧ་ཅང་མཁས།

ངའི་ཨ་ཕ་ནི་རྟ་བདུན་དབང་པོ་དང༌།
ངའི་ཨ་མ་ནི་ཟླ་གཞོན་སྒོར་སྒོར་དེ་ཡིན།
ང་ནི།   ང་ནི་མིག་ཟུམ་ཟུམ་བྱེད་པའི་རྒྱུ་སྐར་ཆུང་ཆུང་ཡིན།

               ཡར་ཞུ།
བྱམས་བརྩེ་ལྡན་པའི་དགེ་རྒན་ལགས།
སློབ་གྲོགས་ཁ་ཤས་ཀྱི་སློབ་ཁྲིད་ལ་མི་ཉན་པར།
བསྟན་བཤིག་ཚ་བོས།   གཞན་ལ་འུར་ཁ་བསླངས།

བྱམས་བརྩེ་ལྡན་པའི་དགེ་རྒན་ལགས།
ཡིག་ཚད་གཏོང་དུས་ལ་ཤས་ཀྱི་གཞན་ནས་བརྐུ་འབྲི་བྱེད།
ངས་བློ་རྩེ་སྒྲིམ་ནས་མགོ་བོ་མགྱོག་ཙམ་ཡང་མ་ཕོད།

བྱམས་བརྩེ་ལྡན་པའི་དགེ་རྒན་ལགས།
སློབ་གྲོགས་ཀ་བས་ཁ་བར་བརྙས་སྨོད་བྱས།
ངས་བར་བཤོལ་ནས་འཆམ་པོ་མཐུན་པོར་བཟོས།

བྱམས་བརྩེ་ལྡན་པའི་དགེ་རྒན་ལགས།
ང་རང་འཛིན་དཔོན་ལ་བཞག་ན་ཇི་འདྲ་རེད།
 
           ན་ནིང༌།    ད་ལོ།
ན་ནིང༌།   ངས་ལྡུམ་རའི་ནང་མེ་ཏོག་བཏབ།
མེ་ཏོག་པད་མ་དང༌།   ཨུག་ཆོས།   རྒྱ་མེན་སོགས།
དཀར་དམར་ཁྲ་གསུམ།

ན་ནིང༌།  ངས་ལྡུམ་རའི་ནང་སིལ་སྡོང་བཙུགས།
ཀུ་ཤུ་དང༌།   ཁམ་བུ།   ལི་འབྱམས་སོགས།
ཁྲ་ཆིལ་དགུ་ཆིལ།

ན་ནིང༌།   ངས་ལྡུམ་རའི་ནང་ཚལ་རིགས་བཏབ།
པད་ཚལ་དང༌།    ལ་ཕུག   ཚོད་མ་མགོ་རིལ་སོགས།
སྔོ་ལྗང་ལྗང༌།

ད་ལོ།  ངས་ཉིན་གང་བསམ་བློ་བཏང་བར།
ལྡུམ་རའི་ནང་དུ་ཅི་ཞིག་འདེབས་དགོས་སམ།

             བསྟན་འཛིན།
བསྟན་འཛིན་ནི་ངའི་སློབ་གྲོགས་དང༌།
ངའི་རྩེད་གྲོགས་འདང་ཆེན་ཡིན།

ད་ཆ།  ཁོ་ལ་སེམས་ཚེགས་ཆེ་བའི་བྱ་བ་ནི།
ཁོའི་ཕ་མ་གཉིས་མ་འཆམ་པའི་སྡུག་བསྔལ་ཡིན་ལ།
དེའི་ཐད་བསྟན་འཛིན་ནས་བསམ་བློ་ཐེངས་མང་བཏང་མྱོང༌།

ཐེངས་ཤིག  ཁོའི་འདི་ལྟར་འདོད།
་་ ཕ་མ་གཉིས་གཉེན་འཐོར་རྗེས།
ཁོའི་རྩྭའི་སྤྱིལ་ཆུང་བཟོས་ཏེ།
སློབ་གྲྭའི་ཐག་ཉེ་ཞིག་ནས།
བདེ་སྐྱིད་ཀྱི་འཚོ་བ་རོལ་དགོས་སྙམ།  ་་

          བྱེའུ་ཆུང༌།
ང་ལ་བྱ་རྒོད་ཀྱི་གཤོག་རྩལ་བྲལ།
ང་ལ་རྟེའུ་ཆུང་གི་གོམ་ལག་དབེན།

ལྗང་མདོག་གི་མཛེས་ལྗོངས་སུ།
ང་རང་འཕུར་ན་འདོད།     འཕུར་ན་འདོད།

དྲིན་ཆེན་གྱི་ཕ་མས་ང་རང་དོར།
རང་བྱུང་གི་འཇིགས་པས་ང་ལ་གཙེས།
འོན་ཀྱང༌།   ང་རང་དབང་གིས་འཚོ་ན་འདོད།
འཚོ་ན་འདོད།

ང་ནི་བདག་མེད་ཀྱི་བྱེའུ་ཆུང་སྟེ།
རེ་བ་ཆུང་ཆུང་འདི་འདྲ་ཡོད་ཆོག་གམ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱིས་པའི་སྙན་ངག་ཁག་དྲུག

2008-12-24 རོང་བོ་གངས་དཀར། ཀློག་གྲངས། མཆན ཡོད།

        ཕུགས་རེ།
བྱ་གག་ཆུང་ཆུང༌།   ཆུ་རྐྱལ་ལ་མཁས།
རྐང་བ་གྲུ་ཁེམ་གྱི་དོད་དུ་བཙུགས་ན།
མིས་བཟོས་གཟིང་ཆུང་ནི་ཅི་ཡང་ཡིན་མི་སྲིད།

སློབ་གྲོགས་སྟོབས་ལྡན་ནི་མ་རབས་ཐ་ཤལ་ཅིག་སྟེ།
ཁོའི་བྱ་གག་ཆུང་ཆུང་ལ་རྡོ་ཡིས་གཞུས་བས།
ང་དང་དཔལ་མོའི་སྙིང་རྗེ་ནས་མིག་ཆུ་ཤོར་གྲབས་བྱེད་ནའང༌།
ཁོས ་་ཧ་ཧ།  བྱ་གག་གན་གི་མཆུ་སྤྲུགས་ཚུལ་ལ་ལྟོས་དང ་་ཞེས་དགོད་ཁ་ཤོར།

གྲོགས་པོ་ཆུང་ཆུང་ཚོ།  ཁྱེད་རྣམས་ཆུ་རྫིང་ཁར་འགྲོ་དུས།
མ་རབས་ཐ་ཤལ་གྱི་སློབ་གྲོགས་སྟོབས་ལྡན་ལྟར་མི་བྱེད་པར།
བྱ་གག་ཆུང་ཆུང་ལ་བྲོ་སྟེར་བར་གྱིས་དང༌།
ཁོས་བྱ་སྤྱོད་སྙིང་རྗེ་དག་ཁྱོད་ལ་སྟོན་སྲིད་ཅིང༌།
དམར་སེར་གྱི་མཆུ་གུག་གུག་བྱས་ནས ་་ཁྱོད་བདེ་མོ།   ཁྱོད་བདེ་མོ ་་ ཟེར་ངེས།

              ཨ་ཕ་དང་ཨ་མ།
ངའི་ཨ་ཕ་ནི་རྟ་བདུན་དབང་པོ་དང༌།
ངའི་ཨ་མ་ནི་ཟླ་གཞོན་སྒོར་སྒོར་དེ་ཡིན།

ཉིན་གང་ཕྱི་རུ་ལས་ཀ་ཕྱིན་པའི་ཕ་ལགས་ནི།
རྔུལ་ཆུ་ཁྲོམ་ཁྲོམ་གྱིས་ཁྱིམ་དུ་ལོག་ཡོང་དུས།
ང་དང་ཨ་མའི་བཟའ་ཚལ་སྣ་ཚོགས་གྲ་སྒྲིག་བྱས་ཏེ།
བརྩེ་བའི་ཕ་ལགས་ལ་སྣེ་ལེན་ཞུས།

ངའི་ཨ་མའི་གདོང་དཀར་པོ་དཀར་རྐྱང་ཡིན།
ངའི་ཨ་མ་གཤིས་བཟང་ངག་འཇམ་ཡིན་ཙང༌།
ཕ་ལགས་ནས་བྱམས་པོ་ཞེ་བོ་བྱེད་ཅིང༌།
ངའི་ཨ་མ་ནི་བཟའ་ཚལ་བརྔོ་བར་ཧ་ཅང་མཁས།

ངའི་ཨ་ཕ་ནི་རྟ་བདུན་དབང་པོ་དང༌།
ངའི་ཨ་མ་ནི་ཟླ་གཞོན་སྒོར་སྒོར་དེ་ཡིན།
ང་ནི།   ང་ནི་མིག་ཟུམ་ཟུམ་བྱེད་པའི་རྒྱུ་སྐར་ཆུང་ཆུང་ཡིན།

               ཡར་ཞུ།
བྱམས་བརྩེ་ལྡན་པའི་དགེ་རྒན་ལགས།
སློབ་གྲོགས་ཁ་ཤས་ཀྱི་སློབ་ཁྲིད་ལ་མི་ཉན་པར།
བསྟན་བཤིག་ཚ་བོས།   གཞན་ལ་འུར་ཁ་བསླངས།

བྱམས་བརྩེ་ལྡན་པའི་དགེ་རྒན་ལགས།
ཡིག་ཚད་གཏོང་དུས་ལ་ཤས་ཀྱི་གཞན་ནས་བརྐུ་འབྲི་བྱེད།
ངས་བློ་རྩེ་སྒྲིམ་ནས་མགོ་བོ་མགྱོག་ཙམ་ཡང་མ་ཕོད།

བྱམས་བརྩེ་ལྡན་པའི་དགེ་རྒན་ལགས།
སློབ་གྲོགས་ཀ་བས་ཁ་བར་བརྙས་སྨོད་བྱས།
ངས་བར་བཤོལ་ནས་འཆམ་པོ་མཐུན་པོར་བཟོས།

བྱམས་བརྩེ་ལྡན་པའི་དགེ་རྒན་ལགས།
ང་རང་འཛིན་དཔོན་ལ་བཞག་ན་ཇི་འདྲ་རེད།
 
           ན་ནིང༌།    ད་ལོ།
ན་ནིང༌།   ངས་ལྡུམ་རའི་ནང་མེ་ཏོག་བཏབ།
མེ་ཏོག་པད་མ་དང༌།   ཨུག་ཆོས།   རྒྱ་མེན་སོགས།
དཀར་དམར་ཁྲ་གསུམ།

ན་ནིང༌།  ངས་ལྡུམ་རའི་ནང་སིལ་སྡོང་བཙུགས།
ཀུ་ཤུ་དང༌།   ཁམ་བུ།   ལི་འབྱམས་སོགས།
ཁྲ་ཆིལ་དགུ་ཆིལ།

ན་ནིང༌།   ངས་ལྡུམ་རའི་ནང་ཚལ་རིགས་བཏབ།
པད་ཚལ་དང༌།    ལ་ཕུག   ཚོད་མ་མགོ་རིལ་སོགས།
སྔོ་ལྗང་ལྗང༌།

ད་ལོ།  ངས་ཉིན་གང་བསམ་བློ་བཏང་བར།
ལྡུམ་རའི་ནང་དུ་ཅི་ཞིག་འདེབས་དགོས་སམ།

             བསྟན་འཛིན།
བསྟན་འཛིན་ནི་ངའི་སློབ་གྲོགས་དང༌།
ངའི་རྩེད་གྲོགས་འདང་ཆེན་ཡིན།

ད་ཆ།  ཁོ་ལ་སེམས་ཚེགས་ཆེ་བའི་བྱ་བ་ནི།
ཁོའི་ཕ་མ་གཉིས་མ་འཆམ་པའི་སྡུག་བསྔལ་ཡིན་ལ།
དེའི་ཐད་བསྟན་འཛིན་ནས་བསམ་བློ་ཐེངས་མང་བཏང་མྱོང༌།

ཐེངས་ཤིག  ཁོའི་འདི་ལྟར་འདོད།
་་ ཕ་མ་གཉིས་གཉེན་འཐོར་རྗེས།
ཁོའི་རྩྭའི་སྤྱིལ་ཆུང་བཟོས་ཏེ།
སློབ་གྲྭའི་ཐག་ཉེ་ཞིག་ནས།
བདེ་སྐྱིད་ཀྱི་འཚོ་བ་རོལ་དགོས་སྙམ།  ་་

          བྱེའུ་ཆུང༌།
ང་ལ་བྱ་རྒོད་ཀྱི་གཤོག་རྩལ་བྲལ།
ང་ལ་རྟེའུ་ཆུང་གི་གོམ་ལག་དབེན།

ལྗང་མདོག་གི་མཛེས་ལྗོངས་སུ།
ང་རང་འཕུར་ན་འདོད།     འཕུར་ན་འདོད།

དྲིན་ཆེན་གྱི་ཕ་མས་ང་རང་དོར།
རང་བྱུང་གི་འཇིགས་པས་ང་ལ་གཙེས།
འོན་ཀྱང༌།   ང་རང་དབང་གིས་འཚོ་ན་འདོད།
འཚོ་ན་འདོད།

ང་ནི་བདག་མེད་ཀྱི་བྱེའུ་ཆུང་སྟེ།
རེ་བ་ཆུང་ཆུང་འདི་འདྲ་ཡོད་ཆོག་གམ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།