ཆང་བཟི་བའི་ཆིག་ལབ།
མཚན་མོ་དེའི་འདུ་འཛོམས་ཁྲོད།
ང་རང་ཆང་གིས་བཟི་སོང༌།
སྲང་ལམ་གྱི་བཞི་མདོ་ནས།
གོམ་ཁ་མི་ཐུབ་པའི་ཁོ་བོ།
ཝི་རག་གི་དམ་བུར་དམ་དུ་འཇུས་ནས།
དཔའ་བོ་ཞིག་གི་སྐུ་རུ་བཞེངས།
ཨམ་ཕྲག་ན་དངུལ་ཁུག་སྟོང་བ་ཞིག
ཁ་ཁུག་ན་ཁ་ཆུ་མོད་པོ་ཞིག
ཝི་ཆང་རྔམ་འཐུང་ལ་བྲེལ་བའི་ང༌།
རྣལ་འབྱོར་པ་སུ་ཞིག་གི་ཡང་སྲིད་ཡིན་ནམ།
སྙིང་གཏམ་མེད་ཀྱང་ཉོག་བཤད་ལ་མཁས་པ།
སྤོབས་པ་མེད་ཀྱང་སྟོང་ལབ་ལ་བྱང་བ།
དབུགས་རྒྱུ་ཐ་མ་ཙམ་ལ་བརྟེན་པའི་ང༌།
དྲི་མ་ཚ་བའི་ཆང་རག་ལ་ཆགས་ནས།
མི་ཚོགས་ཀྱི་རྡོག་འོག་ན་འགྱེལ་མ་ལངས།
རྩོམ་ཁུངས། ངེད་དྲ་བ།