བུད་མེད།(ཞར་བཀོད་གཉིས་ཡོད)

རྔ་བ་རྒྱལ་ཁམས་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-24

འོད་གསལ་གྱི་སྒྲོན་མེ་སྤར་བའི་མེ་ཆ།
འཇིག་རྟེན་གྱི་ལས་དབང་སྤྱོད་པའི་འཚེར་ཡ།
སྐྱིད་སྡུག་གི་ཚ་གྲང་འཐབ་པའི་གཡུལ་ས།
ཁྱིམ་གྱི་གཞི་འཛིན། གྲོས་ཀྱི་སྟེགས་བུ།
མཁའ་ལྟར་ཡངས་མོད། ཁབ་མིག་ལྟར་དོག
རི་བཞིན་ལྩི་ཞིང༌། བྱ་སྤུ་ལྟར་ཡང༌།
སྡོམ་གྱི་དྲ་བ། ལྕགས་ཀྱི་ཚགས་མ། འཇའ་ཡི་ཁུག་པ།
སྒྲོལ་མ། ཨ་མ། ཆུང་མ།
          ༼སྒོམ།༽
མྱ་ངན་དང་མྱ་ངན་གྱི་འཇིག་རྟེན།
མྱང་འདས་ཀྱི་མྱང་འདས་ཀྱི་ཞིང་ཁམས།
གཟུགས་མེད་ཀྱི་འོད་སྐུད་མཐས་ཡས་པས་བཏགས་པ།
དཀར་ནག་གི་སྣང་བ་ཐད་ཀར་ཞིག་པའི་ཕ་རོལ་ན།
ནམ་ཡང་ང་ཚོ་དང་ཁ་བྲལ་མ་མྱོང་བའི་སྦས་མཐའི་གསང་བ།
གཟའ་ཆེན་སྤེན་པའི་གདུབ་གོར་ལྟ་བུའི་ཟླུམ་ཐིག
དགུ་ཚིགས་ཀྱི་དཀྱིལ་འཁོར་ཟློག་པའི་འཕུར་མདའ་བདས་ཀྱང་མི་སླེབས།
ས་ཆེན་པོ་གཞོམས་པར་ནུས་པའི་རྡུལ་མཚོན་གྱིས་མི་འཇིག
ཐིག་མཐའ་བསྐུམས་ན་ནམ་མཁའ་ཡང་འཁུམས།
ཐིག་མཐའ་བརྐྱངས་ན་ནམ་མཁའ་ཡང་ཡངས།
         
   ༼མེས་པོའི་བང་སོ་བསྔོགས་པའི་གཏམ་རྒྱུད།༽
              དང་བོ།
བཙན་པོའི་བཀའ་ཡིག  གཉོམ་པོའི་ཞུ་འབུལ།
དཔའ་བོའི་ཀི་བསོ། རྟ་ཕོའི་རྨིག་སྒྲ། རུ་དར་ལྷབ་ལྷུབ་གཡོ།
མདའ་མདུང་གྲི་དང་དགྲ་སྟ།
ཁྲབ་རྨོག་ཕུབ་སོགས་བརྡབས་པའི་བྲག་ཅ་ཆེན་པོ་ཞིག
གློག་བརྙན་ཞིག་གི་རྒྱབ་ལྗོངས་ལྟར།
གདོད་མའི་དུར་ཐང་དུ་རིམ་གྱིས་ཐིམ།
མི་རབས་དང༌། དུས་རབས་ཤིག་གི་བླ་ཚེ་སྲོག་གསུམ།
རང་ཉིད་ཀྱི་འཚོ་བཅུད་དུ་ཐོབ་མྱོང་བའི་མཐོ་སྒང༌།
ཁྱོད་ཀྱི་རང་གཤིས་ནི། ཆེས་ཐོག་མའི་དེ་རིང་ལྟར།
ངའི་ལས་དབང་གི་བྱ་ར་དང༌། ཚེ་སྲོག་གི་སྲུང་འཁོར་རེད།
            གཉིས་པ།
ནམ་མཁའི་ལྟོ་བ་ནས་འཕངས་པའི་འོད་ཐིག
ས་ཆེན་པོའི་གཙུག་ཏོར་དུ་ཟུག
རྣོ་མྱུར་གྱི་རལ་གྲི་དང༌། མཐུ་སྟོབས་ཀྱི་རྡོ་རྗེས།
ལྷས་བྱིན་ཁྲོས་པའི་གཡུལ་བཟློག་ཀྱང༌།
རྭ་གུར་གྱི་དམིགས་འོག་ཏུ་མ་འཆུན་པའི་ཤམ་བྷ་ལ།
ཁྱོད་ཀྱི་དབྱངས་གསལ་སྦྱོར་བའི་དུར་ཁྲོད་ཀྱི་ནང་ན།
འཇག་སྐྱའི་ཤུགས་གླུ་དང་བསྡེབས་ནས་བྲོ་རྡུང༌།
          གསུམ་པ།
ཡེ་ནས་དག་པའི་དྲང་སྲོང་གི་ཞལ་གདམས།
རིགས་པས་མི་རྩོད། གཡུལ་གྱིས་རྩོད།
ཆེ་དགུ་ཅི་ཙམ་དུད་ཀྱང༌། བུ་སློབ་ཅི་ཙམ་རྒྱས་རུང༌།
ཆེན་པོས་འཕངས་པའི་རྒྱང་ཞགས་ཀྱི་ཁུགས་སོ་ན།
ཆུ་སྲིན་གྱི་སྡེར་མོ་རྣོ་ཞིང་མཁྲེགས།
གངས་སེང་གི་གད་རྒྱངས་ཕྲ་ཞིང་གཉོམ།
ངས་མང་པོ་མི་བཤད། བཤད་ན་ལྷ་ཀླུ་ལ་གནོད་འོང༌།
དེ་བས་འབྱུང་བཞིར་ཐིམ་ཟིན་པའི་མེས་པོའི་བང་སོའི་ཐོག
ང་ཚོས་ནམ་རྒྱུན་ལྟར་མར་མེ་ཁྲི་སྟོང་སྤར།
གསོལ་བ་འདེབས། བསྟོད་གླུ་ལེན།
དད་སེམས་བཞེངས། བྱིས་སྒྲུང་ཀློག
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུད་མེད།(ཞར་བཀོད་གཉིས་ཡོད)

2008-12-24 རྔ་བ་རྒྱལ་ཁམས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།