ནོར་བུ་སྐྱིད་ལ་བྲིས་པའི་བརྩེ་གཏམ།
གཏམ་རྒྱུད་དེ་ཁྱོད་ཀྱི་སྐད་ངག་བཞིན
ངའི་སེམས་པའི་སྣང་ངོར་བབས་རྗེས
ལོ་ཟླའི་འཁོར་ཤིང་གི་ངོས་སུ
ཡིག་འབྲུ་ལྟ་བུའི་ཤུལ་རྗེས་ཞིག་འབུར
ཁ་བ་མེད་པའི་དགུན་དུས་ཀྱི་ནམ་ཟླ་རིང་མོ
ཁྱོད་ཀྱི་མཛུམ་ཆུང་ལྟར་
ངའི་ཉེ་ལོགས་སུ་བཅར་དུས
སྐྲ་གཏིང་དུ་བ་མོ་འཇོག་གྱིན་བའི
ལང་ཚོའི་སྣེ་མོ་ན
འཐབ་ར་གང་ཞིག་གི་འཚོ་བ་ལུས་ཡོད
བརྩེ་བ་ལྟར་དགོད་་ཀྱིན་པའི
དྲན་སྣང་གི་རྣོ་ངར་རེ་རེ
སེམས་པའི་གཏིང་སོ་ནས
ཕྱིར་འདང་གི་དྲ་རྒྱར་འཇུག་དུས
ལག་འཇུ་མེད་ལ
གྱེས་གཏམ་གླེང་མྱོང་བའི་སྒེའུ་ཁུང་གི
སྙིང་གཏམ་བར་ན་ཡོད་ཚད
ཡིད་ཆེས་ཀྱིས་སྐྱོ
ནོར་བུ་སྐྱིད
བརྩེ་བ་ལྟ་བུའི་དྲན་ཤིང་གི་བདག་མོ
ངའི་སྨྱུག་རྩེ་ན་འཛུམ་ཀྱིན་པའི
གླུ་སྐད་ཀྱི་གདངས་རིང་སྙན་མོ
ངའི་རྟག་དུ་གླེང་གིན་བའི་
རྟོགས་བཏགས་ཀྱི་རྣམ་ཤེས་སྨུག་པོ
2007 1 15ཉིན་ཆབ་ཆ་ནས།
རྩོམ་ཁུངས། ངེད་དྲ་བ།