ལོ་དེའི་རྟ་དམར།

ཆུ་བོ་ཞིག་ཤང་ཤང་དུ་བཞུར་བ་དྲན་ནམ་མི་དྲན་པའི་ངང་
སྡོང་ལོ་ཞིག་ལྷབ་ལྷུབ་ཏུ་འཐོར་བ་ཚོར་རམ་མི་ཚོར་བའི་ངང་
མདུན་དུ་བསྐྱོད་ཞོར་
ལབ་གླེང་བྱེད་ཞོར་
འཛུམ་དཀར་སྟོན་བཞིན་
སྐད་ཆ་དེ་སྙན་ཨེ་འགྲོ་བསམ་བཞིན་
ཁྱེད་ཀྱི་རྗེས་དེད་ཅིང་ཁྱེད་དང་འགྲོགས་

མཚམས་སྤྲིན་གྱིས་ཁྱེད་ཀྱི་ཡིད་སེམས་བཀུག་ཨེ་འགྲོ་སྙམ་ནས་
མཚམས་སྤྲིན་གླེང་   མཚམས་སྤྲིན་བསྟད་
ལྷ་ས་ཡིས་ཁྱེད་སེམས་བཀུག་ཨེ་འགྲོ་སྙམ་ནས་
ལྷ་ས་གླེང་   ལྷ་སར་བཞུད་འགྲོ་རབས་གླེང་
རྒྱང་བཞུད་ཀྱིས་ཁྱེད་ལ་བྲལ་མི་ཐུབ་པའི་སྣང་བ་ཞིག་སྟེར་ཨེ་ཡོང་སྙམ་ནས་
རྒྱང་བཞུད་གླེང་   ཁྱོད་དང་ཚེ་འདིར་ཕྲད་མི་ཡོང་རབས་གླེང་

ཁྱོད་ཀྱི་གདོང་ལ་བལྟ་བཞིན་ 
གསེར་མདོག་གི་ལོ་མ་ཞིག་སྟེར་ན་འགྲིག་སྙམ་ནས་སྟོན་ཀ་ཐོན་ན་སྙམ་
དཀར་གཙང་གི་ཁ་བ་ཞིག་བབས་ན་འགྲིག་སྙམ་ནས་དགུན་ཁ་ལ་བསྒུགས་
སྙན་འཇེབས་ཀྱི་ཁུག་བྱུག་ཅིག་གྲགས་ན་སྐྱིད་སྙམ་ནས་དཔྱིད་དུ་ལ་འཁྲེང་
གཞུ་དབྱིབས་ཀྱི་འཇའ་ཚོན་ཅིག་ཤར་ན་མཛེས་སྙམ་སྟེ་དབྱར་དུ་ལ་རེ་
ཁྱོད་དང་མཉམ་དུ་འགྲོགས་འདོད་ཀྱིས་
མི་ཚེ་ནི་ཐུང་རབས་གླེང་   རིང་རབས་གླེང་
སྡུག་བསྔལ་ནི་སྐྱིད་རབས་གླེང་   སྡུག་རབས་གླེང་
མཛེས་སྡུག་ཅིག་རང་ལ་དབང་རབས་གླེང་
ཁྱོད་ལ་སྟེར་རབས་གླེང་ 
ཁ་བའི་ ཁྲོད་དུ་མེ་ཏོག་ཅིག་སེམས་ལ་ཤར་བཞིན་
སྡོང་ལོ་སེར་བོ་ཞིག་སྔོན་ཆད་འབུལ་ཐུབ་མོད་
དེ་ཡིས་རྟེན་ཐབས་མ་བྱུང་བར་ཁུ་བྱུག་གི་སྐད་སྙན་སྒྲོག་དུས་བུད་སོང་བའི་
རྒྱང་རིང་མིན་རུང་   ཁ་ཚིག་གསུམ་གྱིས་ལ་ལུང་དགུའི་ཕ་རོལ་དུ་གཡུགས་པའི་
ངས་ཁྱོད་ལ་སྨྲས་བའི་སྐད་ཆ་དྲན་   དམ་བཅའ་དྲན་
འོན་ཀྱང་   མཚན་མོ་རེ་འགའི་རིང་ལ་དུས་ཚིགས་བཞི་ག་ལེར་
བྱེའུ་ཆུང་གི་གཤོག་ཁུག་ནས་འཕུར་ཚར་དུས་
ངས་ཁྱོད་ལོ་དེར་རྒྱང་དུ་གྱེས་བ་འང་དལ་གྱིས་བརྗེད་
ངོ་གདོང་དེ་ཡང་
དངུལ་ལོར་གྱིས་ཉོ་ཐུབ་མིན་རབ་རིབ་ཅིག་ལས་མ་དྲན་
དུས་ཚིགས་རེ་རེའི་བརྗེད་མི་ཉན་བསམ་པའི་མཛེས་སྡུག་དག་ཀྱང་བརྗེད་མོད
ཕང་སེམས་སྐྱེ་རྒྱུ་དེའང་བརྗེད་   ཕྱིར་དྲན་བྱེད་རྒྱུ་དེ་ཡང་དཀའ་ངལ་གྱིས་ཁྱེར་

དུས་ཤིག་ཏུ་མི་མང་ཤོས་ཤིག་ལྷན་དུ་འདུས་ནས་
བྱིས་དུས་ཀྱི་གཅེར་བུ་དང་ངུ་ངག  ས་རྡོའི་འདམ་རྫབ་ནི་མཛེས་སྡུག་རེད་ཟེར་དུས་
ངས་ཀྱང་ཨ་རག་གི་བཟི་ཁ་ལས་ཕྱིར་དྲན་ནི་མཛེས་སྡུག་ཅིག་རེད་སྙམ་ནས་
གློ་བུར་དེ་རུ་ལོག་ན་འདོད་ཞོར་   ག་ལེར་བཟི་ནས་གཉིད་དུ་ཡུར་
                  ༢༠༠༦   ༣   ༡༥ཕྱི་དྲོར་རྨ་ཆུའི་གཞུང་སྒྲུབ་ཁང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་དེའི་རྟ་དམར།

2008-12-24 བསྒྲལ་རྡོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།