གདུང་མཆོད།

སྒྲོལ་དཀར་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-24


མདང་ནུབ་ཁ་བ་བབས་པས་ང་ཚོས་གྲང་འདར་བརྒྱབ
གྲང་འདར་སིག་སིག་གི་མཐོ་སྒང་གི་མཚན་མོར
བསང་ཆུའི་རླབས་ངོས་ནས་ཁྱེད་རང་ལམ་ལ་ཆས
ཁ་བའི་རྔམས་ཁ་མཐུག་ལ
ཡོད་ཚད་གྲང་བས་བཟི
ཁྱེད་ཀྱིས་ཆུང་ཆུང་མིན་པའི་རང་གི་རྡོག་ཁྲེས་ལ་ལྟ་བཞིན
ཧི་མ་ལའི་སྒང་གཤོང་ལྟེབས་ཞོར
སྨོན་འདུན་གྱི་ཚལ་དུ་འཕུར།
                               ༢
འབྱོར་བྱུང
གསོལ་འདེབས་སྐྱེན་པའི་རྣམ་ཤེས་ཚོའི་ཕོ་ཉ
སྙིང་ཆུང་དྲོན་པོའི་གསང་གཏམ་ཁུར་བའི་རྒོད་པོ
འདང་བརྩེ་སྨུག་པོའི་རྒྱལ་ཁབ་དུ་འབྱོར་བྱུང༌།
སྐབས་དེར  ང་ཚོ་ཁྱེད་ཀྱི་ཐུ་འོག་དང་སློང་ཕོར་གྱི་ཁ་རུ
བགད་མྱོང་ལ་ངུ་ཡང་མྱོང
དེ་ནི་དྲོ་ཡང་དྲོ་ལ་གྲང་ཡང་མི་གྲང་བའི་ནམ་ཟླ་ཞིག
                              ༣
ཆས་སོང
ཤི་གསོན་གྲངས་མེད་ཀྱིས་གསོལ་འདེབས་གཏོར་བའི་ཞལ་རས་སྨུག་པོ  
ཁ་བ་བུ་ཡུག་གི་སྤར་མོ་ནས་ཤོར་བའི་གསེར་མདོག་གི་སྡོང་ལོ 
རེ་བ་ཁྲི་སྟོང་གི་མགྲིན་ལམ་ནས་ལུད་པའི་ཁྱེད་རང 
ཆས་སོང 
གངས་སེང་གི་ཕ་སའི་ལ་རྒྱ་མནབས་ནས 
ཆོས་དུང་དཀར་པོ་དེའི་དབྱངས་སྙན་བརྒྱུད་དེ  
འཁྲེང་སེམས་དང་ཕྱིར་མིག་མེད་པར  
ང་ཚོ་དང་ཆེས་རིང་ས་ཞིག་ཏུ་ཆས་སོང
                               ༤
ཁྱེད་ཀྱི་བཞུད་ལམ་ན་དྭ་ཕྲུག་ཚོ་མིག་ཆུས་སྐྱོམས
གསན་བྱུང་ངམ 
གདུང་འབོད་རི་ཀླུང་གི་བྲག་ཅར་བྲན་པ 
ཁྱེད་ལ་བཅངས་པའི་བརྩེ་འདུན་གྱི་མེ་ཏོག་ཡིན  
ཕེབས་ཤོག་ཡ
ཡང་བསྐྱར་ས་མཐོའི་གངས་རྩེ་བརྒྱུད་ནས
གཅེར་ངུ་ཚོའི་སྨྲེང་སྐྱོ་འཁྱིལ་བའི་དྲན་ཡུལ་དུ  
དྲོད་སྣང་འདྲེན་པའི་ཉི་གཞོན་ལྟར་ཕེབས་ཤོག 
ཕེབས་ཤོག་ཡ
ངའི་གསེར་མདོག་གི་སྡོང་ལོ་ལེབ་མོ
ཕེབས་ཤོག
ངའི་བརྩེ་འདུན་ཀྱི་མེ་ཏོག་དཀར་པོ
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གདུང་མཆོད།

2008-12-24 སྒྲོལ་དཀར་སྐྱབས། ཀློག་གྲངས། མཆན ཡོད།


མདང་ནུབ་ཁ་བ་བབས་པས་ང་ཚོས་གྲང་འདར་བརྒྱབ
གྲང་འདར་སིག་སིག་གི་མཐོ་སྒང་གི་མཚན་མོར
བསང་ཆུའི་རླབས་ངོས་ནས་ཁྱེད་རང་ལམ་ལ་ཆས
ཁ་བའི་རྔམས་ཁ་མཐུག་ལ
ཡོད་ཚད་གྲང་བས་བཟི
ཁྱེད་ཀྱིས་ཆུང་ཆུང་མིན་པའི་རང་གི་རྡོག་ཁྲེས་ལ་ལྟ་བཞིན
ཧི་མ་ལའི་སྒང་གཤོང་ལྟེབས་ཞོར
སྨོན་འདུན་གྱི་ཚལ་དུ་འཕུར།
                               ༢
འབྱོར་བྱུང
གསོལ་འདེབས་སྐྱེན་པའི་རྣམ་ཤེས་ཚོའི་ཕོ་ཉ
སྙིང་ཆུང་དྲོན་པོའི་གསང་གཏམ་ཁུར་བའི་རྒོད་པོ
འདང་བརྩེ་སྨུག་པོའི་རྒྱལ་ཁབ་དུ་འབྱོར་བྱུང༌།
སྐབས་དེར  ང་ཚོ་ཁྱེད་ཀྱི་ཐུ་འོག་དང་སློང་ཕོར་གྱི་ཁ་རུ
བགད་མྱོང་ལ་ངུ་ཡང་མྱོང
དེ་ནི་དྲོ་ཡང་དྲོ་ལ་གྲང་ཡང་མི་གྲང་བའི་ནམ་ཟླ་ཞིག
                              ༣
ཆས་སོང
ཤི་གསོན་གྲངས་མེད་ཀྱིས་གསོལ་འདེབས་གཏོར་བའི་ཞལ་རས་སྨུག་པོ  
ཁ་བ་བུ་ཡུག་གི་སྤར་མོ་ནས་ཤོར་བའི་གསེར་མདོག་གི་སྡོང་ལོ 
རེ་བ་ཁྲི་སྟོང་གི་མགྲིན་ལམ་ནས་ལུད་པའི་ཁྱེད་རང 
ཆས་སོང 
གངས་སེང་གི་ཕ་སའི་ལ་རྒྱ་མནབས་ནས 
ཆོས་དུང་དཀར་པོ་དེའི་དབྱངས་སྙན་བརྒྱུད་དེ  
འཁྲེང་སེམས་དང་ཕྱིར་མིག་མེད་པར  
ང་ཚོ་དང་ཆེས་རིང་ས་ཞིག་ཏུ་ཆས་སོང
                               ༤
ཁྱེད་ཀྱི་བཞུད་ལམ་ན་དྭ་ཕྲུག་ཚོ་མིག་ཆུས་སྐྱོམས
གསན་བྱུང་ངམ 
གདུང་འབོད་རི་ཀླུང་གི་བྲག་ཅར་བྲན་པ 
ཁྱེད་ལ་བཅངས་པའི་བརྩེ་འདུན་གྱི་མེ་ཏོག་ཡིན  
ཕེབས་ཤོག་ཡ
ཡང་བསྐྱར་ས་མཐོའི་གངས་རྩེ་བརྒྱུད་ནས
གཅེར་ངུ་ཚོའི་སྨྲེང་སྐྱོ་འཁྱིལ་བའི་དྲན་ཡུལ་དུ  
དྲོད་སྣང་འདྲེན་པའི་ཉི་གཞོན་ལྟར་ཕེབས་ཤོག 
ཕེབས་ཤོག་ཡ
ངའི་གསེར་མདོག་གི་སྡོང་ལོ་ལེབ་མོ
ཕེབས་ཤོག
ངའི་བརྩེ་འདུན་ཀྱི་མེ་ཏོག་དཀར་པོ
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།