བརྩེ་དུང་ནི་ཡོད་ཚད་མིན་པས།

བསོད་ནམས་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-24

དགོད་སྒྲ་དང་འཛུམ་མདངས་གྱིས་ཁེངས་པའི་ཁ་སང༌།
ཡིད་འོང་མ། ཐུགས་རྗེ་ཆེ།
ཁྱེད་ཀྱིས་ང་ལ་གནང་བའི་བརྗེད་དཀའ་བའི་དྲན་གསོ།
བརྩེ་དུང་ནི་ཡོད་ཚད་མིན་པས།
ལས་དབང་གི་ས་བོན་བྲལ་བའི་གཤིན་སར།
བརྩེ་དུང་གི་སྡོང་པོ་རྒྱས་མི་ཐུབ།
དེ་ལྟར། ཁྱེད་དང་ངའི་བརྩེ་དུང་གི་འཚོ་བ་མཇུག་སྒྲིལ།
འགོ་ཚུགས་མ་ཐག་པའི་ལེ་ཚན་དེ་མཇུག་སྒྲིལ།
ང་ཁྱོད་ལ་སྨོན་ཡོད།
འོན་ཀྱང། ང་ཁྱེད་ལ་དགའ་མི་རུང༌།
ཡོངས་སུ་མི་མཐུན་པའི་འཇིག་རྟེན་གཉིས་ན།
ཁྱོད་རང། ཁྱོད་ལ་དབང་བའི།
འོད་ཟེར་སྟོང་ལྡན་གྱི་བདེ་ལམ་ཡངས་པོར་བསྐྱོད་ཅིག།
ང་རང༌། ང་རང་ལ་དབང་བའི།
གདུང་ཟམ་གཅེར་བུའི་སྟེང་སྒམ་བརླིང་གིས་འགྲོ་སྲིད།
མ་འོངའ་པར། འཚོ་བའི་བསམས་གཞིགས་གྱི་དུས་མཚམས་རེ་རེར།
ངས། ལྷག་བསམ་གྱི་གངས་དཀར་སྤོ་ནས།
དྲན་སེམས་གྱི་མཇལ་དར་བཏེགས་ཏེ།
སྨོན་འདུན་བཟང་པོ།
ཡང་རྩེའི་རླུང་བུ་ལ་མངགས་ནས།
ཁྱེད་ཕྱོགས་ལ་བཀུར་སྲིད།
དེ་དུས། ཁྱེད་ནི། མཐོ་སྒང་གི་བུ་ཆུང་ང་བརྗེད་ནས།
འཚོ་བ་ཡི་དགའ་བདེའི་བྲོ་གར་ལ་འཕགས་ནས་ཡོད་པ།
ང་རྦད་དེ་ཡིད་ཆེས་ཡོད།
ཡིད་འོང་མ། ཁྱེད་ནི།
ངའི་འཚོ་བའི་བྲག་ངོས་ན།
ནམ་ཡང་བསུབ་དཀའ་བའི་བརྐོས་རིས་ཞིག།
ང་ནི། ཡིད་འོང་མ་ཁྱེད་ཀྱི།
བརྩེ་དུང་འཚོ་བའི་ཁང་བཟང་དུ་སླེབས་མྱོང་བའི།
དྲན་འཆར་ན་མོག་པའི་མགྲོན་པོ་ཞིག།
དེ་ནི་འཚོ་བ་རེད་ལ། དེ་ནི་ལས་དབང་རེད།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་དུང་ནི་ཡོད་ཚད་མིན་པས།

2008-12-24 བསོད་ནམས་ཚེ་རིང་། ཀློག་གྲངས། མཆན ཡོད།

དགོད་སྒྲ་དང་འཛུམ་མདངས་གྱིས་ཁེངས་པའི་ཁ་སང༌།
ཡིད་འོང་མ། ཐུགས་རྗེ་ཆེ།
ཁྱེད་ཀྱིས་ང་ལ་གནང་བའི་བརྗེད་དཀའ་བའི་དྲན་གསོ།
བརྩེ་དུང་ནི་ཡོད་ཚད་མིན་པས།
ལས་དབང་གི་ས་བོན་བྲལ་བའི་གཤིན་སར།
བརྩེ་དུང་གི་སྡོང་པོ་རྒྱས་མི་ཐུབ།
དེ་ལྟར། ཁྱེད་དང་ངའི་བརྩེ་དུང་གི་འཚོ་བ་མཇུག་སྒྲིལ།
འགོ་ཚུགས་མ་ཐག་པའི་ལེ་ཚན་དེ་མཇུག་སྒྲིལ།
ང་ཁྱོད་ལ་སྨོན་ཡོད།
འོན་ཀྱང། ང་ཁྱེད་ལ་དགའ་མི་རུང༌།
ཡོངས་སུ་མི་མཐུན་པའི་འཇིག་རྟེན་གཉིས་ན།
ཁྱོད་རང། ཁྱོད་ལ་དབང་བའི།
འོད་ཟེར་སྟོང་ལྡན་གྱི་བདེ་ལམ་ཡངས་པོར་བསྐྱོད་ཅིག།
ང་རང༌། ང་རང་ལ་དབང་བའི།
གདུང་ཟམ་གཅེར་བུའི་སྟེང་སྒམ་བརླིང་གིས་འགྲོ་སྲིད།
མ་འོངའ་པར། འཚོ་བའི་བསམས་གཞིགས་གྱི་དུས་མཚམས་རེ་རེར།
ངས། ལྷག་བསམ་གྱི་གངས་དཀར་སྤོ་ནས།
དྲན་སེམས་གྱི་མཇལ་དར་བཏེགས་ཏེ།
སྨོན་འདུན་བཟང་པོ།
ཡང་རྩེའི་རླུང་བུ་ལ་མངགས་ནས།
ཁྱེད་ཕྱོགས་ལ་བཀུར་སྲིད།
དེ་དུས། ཁྱེད་ནི། མཐོ་སྒང་གི་བུ་ཆུང་ང་བརྗེད་ནས།
འཚོ་བ་ཡི་དགའ་བདེའི་བྲོ་གར་ལ་འཕགས་ནས་ཡོད་པ།
ང་རྦད་དེ་ཡིད་ཆེས་ཡོད།
ཡིད་འོང་མ། ཁྱེད་ནི།
ངའི་འཚོ་བའི་བྲག་ངོས་ན།
ནམ་ཡང་བསུབ་དཀའ་བའི་བརྐོས་རིས་ཞིག།
ང་ནི། ཡིད་འོང་མ་ཁྱེད་ཀྱི།
བརྩེ་དུང་འཚོ་བའི་ཁང་བཟང་དུ་སླེབས་མྱོང་བའི།
དྲན་འཆར་ན་མོག་པའི་མགྲོན་པོ་ཞིག།
དེ་ནི་འཚོ་བ་རེད་ལ། དེ་ནི་ལས་དབང་རེད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།