འདོད་པ།(ཞར་བཀོད་གཉིས་ཡོད)

རྔ་བ་རྒྱལ་ཁམས་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-22

དང་པོ་འདོད་ཆགས་ཀྱི་ངང་ནས་བྱུང་ཞིང༌།
བར་དུ་འདོད་ཆགས་ཀྱི་ཀློང་དུ་འཚོ་བ།
ཐ་མའང་འདོད་ཆགས་ཀྱི་སྣེ་ནས་གྲོལ་དགོས་པའི་ང་ཚོ།
ལུས་པོ་འདི་མ་ཞིག་གོང༌།
ཁམས་འདི་མ་ཟད་གོང༌།
འདོད་པའི་ཡོན་ཏན་ལ་ངོམས་མེད་དུ་སྤྱོད་ཅིག
འདོད་པའི་ཁམས་འདི་འདོད་ཆགས་ཀྱི་གོང་བུ་ཞིག་ཡིན་ན།
ཁྱོད་རང་དེའི་ནང་གི་རྡུལ་ཕྲན་ཆུང་ངུ་ཞིག་ཡིན་ངེས་པས།
ཁྱོད་ལའང་སྤྱི་མཐུན་གྱི་ལས་དབང་སྤྱོད་པའི་ཐོབ་ཐང་ལོས་ཡོད།
ངས་ཀྱང་འདོད་པ་ལ་སྐྱོན་དུ་ལྟ་བཞིན་འདོད་པ་མྱོང༌།
འདོད་པ་ལ་ཡོན་ཏན་དུ་ལྟ་བཞིན་འདོད་པ་བཅོམ།
འདོད་ཁམས་འདིར་སྐྱེས་པའི་དགོས་པ་འགྲུབ་ཕྱིར།
འདོད་པ་མ་ཟད་བར་དུ་འདོད་པ་ལ་སྤྱོད་རྒྱུ་ཡིན།
 
          ཁྱོད་དང་ང༌།
ཁྱོད་ཅི་ཙམ་སྟོབས་ཆེ་རུང༌།
ངའི་འཇིག་རྟེན་གྱི་ཆ་ཤས་ཤིག
ང་ཅི་ཙམ་ནུས་པ་ཆུང་ཡང༌།
ཁྱོད་ཀྱི་སྤུ་གསེང་ན་རྒྱུ་བཞིན་པའི་སྲོ་མ་ཞིག་ལོས་ཡིན།
ངས་ཁྱོད་ལ་ཟ་འཕྲུག་སློང་ཐེངས་རེར།
ཁྱོད་ཀྱིས་ང་གསོད་ཐབས་ཀྱི་སྦྱོར་བ་སྣ་ཚོགས་རྩོམ།
འོན་ཀྱང༌། ཁྱོད་ཀྱིས་ང་གསོད་ཐུབ་མོད།
ངའི་སེམས་པ་ནམ་ཡང་གསོད་མི་ཐུབ།

         ལས་དབང༌།
ཁྲི་སྟོང་ལོ་རབས་ཀྱི་ཡ་ཐོག་ན།།འབྱུང་ཁམས་རྡུལ་ཕྲན་གྱི་འཁྱུད་སྦྱོར་ལས།།
གོ་ལ་ཟླུམ་པོ་ཡི་ཁ་ཁྱེར་ཐོག། བོད་ཅེས་བརྗིད་ཆགས་ཀྱི་ཡུལ་ཁམས་གྲུབ།།
ཨེ་མ། འདི་ནི་ངའི་བསོད་ནམས་ཀྱིས་བསྐྱེད་པའི་ཕ་ཡུལ་རེད།
  ཤམ་བྷ་ལའི་ཞིང་ཁམས་རེད།
  སྤྱན་རས་གཟིགས་ཀྱི་གདུལ་ཞིང་རེད།
  མི་ཡུལ་གྱི་ལྷ་ཡུལ་རེད།

ལས་སྨོན་གྱི་ཁ་བཏགས་དཀར་པོས།། ཡར་ཀླུང་གི་བདེ་ཆེན་ཕུག་པར།།
གདོང་དམར་གྱི་སྤྲེལ་ཚ་རིགས་བཞི།། ཁྱིམ་གཞིས་ཀྱི་མཚོ་མོ་འཁྱིལ་སོང༌།།
ཨེ་མ། འདི་ནི་ངའི་ལས་སྨོན་གྱིས་བསྐྱེད་པའི་སྤུན་ཟླ་རེད།
     བྱམས་སྙིང་རྗེ་ཅན་གྱི་མི་རིགས་རེད།
     སྟོབས་དཔའ་རྩལ་ཅན་གྱི་རྒྱུད་པ་རེད།
     ལྷ་ལྷ་མོ་མ་དང་མཁའ་འགྲོ་རེད།

དུས་རབས་ཀྱི་འགྱུར་ཁུགས་ཁྲོད།། སྣོད་བཅུད་ཀྱི་འཇིག་རྟེན་འགྲིབ།།
རང་ཡུལ་གྱི་མི་ཡུལ་ན།། བོད་རིགས་ཚོ་སྙིང་རེ་རྗེ།།
ཀྱེ་མ། འདི་ནི་ངའི་རྨོངས་ཡུས་ལས་བྱུང་བའི་ཕམ་ཁ་རེད།
སངས་དཀའ་བའི་སྡུག་བསྔལ་གྱི་སྐྱོ་གདུང་རེད།
མིག་ཆུ་དང་རྣག་ཁྲག་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདོད་པ།(ཞར་བཀོད་གཉིས་ཡོད)

2008-12-22 རྔ་བ་རྒྱལ་ཁམས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།