ཐག་རིང་གི་ཨ་ཇོ།

ལྷགས་རླུང་གི་མེ་མདའ་དང་བུ་ཡུག་གི་གདུག་རྩུབ་ཁྲོད
སྦྲ་ནག་དང་ལུག་ཁྱུ་བསྐྱུར་ནས་བུད་སོང
རི་བོ་དང་ཆུ་བོའི་ཕ་རོལ་ལ་བུད་སོང
གྱེས་ཕྱག་དང་ཕྱིར་མིག་མེད་པར་བུད་སོང

ཉི་མའི་འོད་མདངས་ལ་འཁུ་བའི་བདག་གི་ཨ་ཇོ
ཁྱེད་རང་དྲན་པའི་ན་ཟུག
བྲང་ཁ་ནས་གནོན་ཐབས་མ་བྱུང
བདག་གི་ལས་དབང་གི་ལག་ཟུང་ཁྱེད་ཀྱི་བྱམས་བརྩེ་ཡི་འདབ་མར་འཇུས་ནས
ཁྱེད་ལ་མངའ་བའི་སློབ་གླིང་ལ་ཐོན་ཡོད


འཛམ་གླིང་གི་ཡང་རྩེར་སོན་པའི ངའི་སེམས་གཏིང་གི་ཨ་ཇོ

ལོ་རྒྱུས་ཀྱི་ཟུངས་ཁྲག་འཕྱོ་བའི་གཡུལ་ས་ན
སྟོང་བསམ་དང་ཕམ་ཁའི་མེ་འོབས་ལ་ལྷུང་བའི་མི་ཚོགས་ཀྱི་ངོ་གདོང
སྟོད་དུས་ཀྱི་ཡུལ་ལྗོངས་བཞིན སྐྱ་ཐི་ལེར ཁུ་སིམ་མེར
གྲགས་འགུལ་ཅི་ཡང་མེད་པར་གཉིད་ལ་ཉེ

ངའི་དྲན་པའི་སྤང་ཐང་ན མཛེས་སྡུག་གིས་བཞད་པའི་ཐག་རིང་གི་ཨ་ཇོ
དབྱངས་རྟ་རྙིང་བའི་གོམ་འགྲོས་ལ་འགྲོགས་པའི་གདོང་དམར་བས
མུན་ནག་གིས་ཟོས་པའི་འཇིག་རྟེན་ན ཁྱེད་ཀྱི་གཏམ་རྒྱུད་གླེང ཁྱེད་ཀྱི་ལོ་རྒྱུས་བྲིས
གཉའ་གནོན་དང་བཙན་འཛུལ་འོག དྲན་གདུང་གི་རང་ལུས་མེ་ལ་སྒྲོན་ནས

རེ་སྒུག་ཁྲི་ཕྲག་གི་རླུང་རྟ་ཁྱེད་ཕྱོགས་སུ་གཏོར
རེ་སྨོན་ཁྲི་ཕྲག་གི་ཁ་བཏགས་ཁྱེད་ཕྱོགས་སུ་འཐེན
ངའི་ཐག་རིང་གི་ཐག་རིང་གི་ཨ་ཇོ
                                           ༢༠༠༧ ༡༠ ༡ཉིན།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐག་རིང་གི་ཨ་ཇོ།

2009-01-11 མཛོད་མེ་འབར། ཀློག་གྲངས། མཆན ཡོད།

ལྷགས་རླུང་གི་མེ་མདའ་དང་བུ་ཡུག་གི་གདུག་རྩུབ་ཁྲོད
སྦྲ་ནག་དང་ལུག་ཁྱུ་བསྐྱུར་ནས་བུད་སོང
རི་བོ་དང་ཆུ་བོའི་ཕ་རོལ་ལ་བུད་སོང
གྱེས་ཕྱག་དང་ཕྱིར་མིག་མེད་པར་བུད་སོང

ཉི་མའི་འོད་མདངས་ལ་འཁུ་བའི་བདག་གི་ཨ་ཇོ
ཁྱེད་རང་དྲན་པའི་ན་ཟུག
བྲང་ཁ་ནས་གནོན་ཐབས་མ་བྱུང
བདག་གི་ལས་དབང་གི་ལག་ཟུང་ཁྱེད་ཀྱི་བྱམས་བརྩེ་ཡི་འདབ་མར་འཇུས་ནས
ཁྱེད་ལ་མངའ་བའི་སློབ་གླིང་ལ་ཐོན་ཡོད


འཛམ་གླིང་གི་ཡང་རྩེར་སོན་པའི ངའི་སེམས་གཏིང་གི་ཨ་ཇོ

ལོ་རྒྱུས་ཀྱི་ཟུངས་ཁྲག་འཕྱོ་བའི་གཡུལ་ས་ན
སྟོང་བསམ་དང་ཕམ་ཁའི་མེ་འོབས་ལ་ལྷུང་བའི་མི་ཚོགས་ཀྱི་ངོ་གདོང
སྟོད་དུས་ཀྱི་ཡུལ་ལྗོངས་བཞིན སྐྱ་ཐི་ལེར ཁུ་སིམ་མེར
གྲགས་འགུལ་ཅི་ཡང་མེད་པར་གཉིད་ལ་ཉེ

ངའི་དྲན་པའི་སྤང་ཐང་ན མཛེས་སྡུག་གིས་བཞད་པའི་ཐག་རིང་གི་ཨ་ཇོ
དབྱངས་རྟ་རྙིང་བའི་གོམ་འགྲོས་ལ་འགྲོགས་པའི་གདོང་དམར་བས
མུན་ནག་གིས་ཟོས་པའི་འཇིག་རྟེན་ན ཁྱེད་ཀྱི་གཏམ་རྒྱུད་གླེང ཁྱེད་ཀྱི་ལོ་རྒྱུས་བྲིས
གཉའ་གནོན་དང་བཙན་འཛུལ་འོག དྲན་གདུང་གི་རང་ལུས་མེ་ལ་སྒྲོན་ནས

རེ་སྒུག་ཁྲི་ཕྲག་གི་རླུང་རྟ་ཁྱེད་ཕྱོགས་སུ་གཏོར
རེ་སྨོན་ཁྲི་ཕྲག་གི་ཁ་བཏགས་ཁྱེད་ཕྱོགས་སུ་འཐེན
ངའི་ཐག་རིང་གི་ཐག་རིང་གི་ཨ་ཇོ
                                           ༢༠༠༧ ༡༠ ༡ཉིན།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།