རྨི་ལམ་ལོག་པ།(ཞར་བཀོད་གསུམ་ཡོད)

ལྷ་ཁང་གི་རྒྱ་ཕིབས་རླུང་གིས་རྡིབས་སོང
བཀའ་བསྟན་གྱི་གླེགས་བམ་ཆུ་ཡིས་ཁུར་སོང
འབག་སྐུ་དང་དར་ལྕོག་མེ་ཡིས་འཚིག་སོང
གོས་ལ་དམར་པོ་ཅན་གྱི་འཁོར་ཚོགས་ཤིག་ས་ཡོམ་གྱིས་ནུབ་སོང

སྤང་ཐང་གི་དགོན་ཤུལ་ན་སློབ་གྲྭ་གསར་བ་ཞིག་བཞེངས་འདུག
བཀའ་བསྟན་གྱི་དཔེ་སྒྲོམ་དུ་གསེར་ཡིག་སོ་མ་ཞིག་སྤར་འདུག
ཆོས་དུང་གི་འགྱུར་ཁུགས་ལས་རོལ་དབྱངས་གསར་བ་ཞིག་མཆེད་འོང
ཡོད་ཚད་ལ་བླ་སྲོག་གསར་བ་ཞུགས་འདུག
ཐམས་ཅད་པོ་སྒལ་ཚིགས་དྲང་མོ་ཡིས་འགྲེངས་འདུག

མང་ཚོགས་ཀྱི་ངོ་གདོང་ལ་འབྱོར་ཕྱུག་ཅེས་པའི་ཡིག་འབྲུ་ཞིག་བབས་འདུག
ན་གཞོན་པའི་རུས་རྐང་དུ་གསར་གཏོད་ཅེས་པའི་ཐ་སྙད་ཅིག་སྦྲེལ་འདུག
མགོ་ནག་པའི་ཡིག་ཚང་དུ་རང་དབང་ཅེས་པའི་བྲིས་རིས་ཤིག་དོད་འདུག

ཡུན་རིང་འགུལ་མ་མྱོང་བའི་རྐང་བ་ཞིག
ས་ཆེན་གྱི་ཐོང་ག་ན་ང་རྒྱལ་གྱིས་འགུལ་གྱིན་ཡོད
ཡུན་རིང་གྲོལ་མ་མྱོང་བའི་གླུ་སྐད་ཅིག
འཚོ་གནས་ཀྱི་མཁར་རྫོང་ན་སྙིང་སྟོབས་ཀྱིས་མཆེད་ཀྱིན་ཡོད

མི་དོན་དང་མི་གཤིས འཚོ་གནས་དང་འཕེལ་རྒྱས
མི་བུའི་ཚོགས་ཀྱི་གྲེ་བ་ལས་མི་སྐད་ཀྱིས་གསེང་མཐོར་གྱེར་བས
རྨི་ལམ་གྱི་བསླུ་བྲིད་ཐེབས་པའི་ང་གཉིས་ལས་བསླངས་སོང

ཨ ཨ འདི་རྨི་ལམ་ལོག་པ་མིན་པར་སྨོན
              20007。9。10ཉིན་ལན་གྲུ་ནས།

           དུས་ཚོད།
གླེགས་བམ་གྱི་ཚི་དྲེགས་གསེང་ནས་རྡུལ་བཞིན་ཟགས
གཏམ་རྒྱུད་ཀྱི་བསླུ་བྲིད་བར་ནས་རླུང་བཞིན་འདས
རྟ་རྒོད་ཀྱི་རྨིག་སྒྲས་སྒུལ་བའི་མེ་ཏོག་གི་ཕང་བ་རུ
མུ་ཏིག་གི་མདངས་ལ་མཁུ་བའི་ཆུ་ཐིགས་ཤིག
སྐད་ཅིག་མར་ལྷུང་ཞིང སྐད་ཅིག་མར་ཐགས་སོང
                    2007。9。15

          གྱེས་ཁ་མར་བཞག་པའི་དམ་ཚིག
ཁྱོད་ཡོང་དུས འཛུམ་གོང་ན་མེ་ཏོག་བཞད་ཡོད
ཁྱོད་འགྲོ་དུས མིག་ཟུང་ལ་ཆར་ཆུ་འཁྱིལ་ཡོད
གྱེས་ཁ་མའི་ཁྱོད ངའི་སྙིང་ལ་ལྷག་ཏུ་སྡུག

ད་ལྟ་ང་ལ་ལེགས་སྐྱེས་གཞན་གང་ཡང་མེད
དུས་ཚོད་ཀྱི་ཧྲག་བར་ནས་རེ་སྒུག་གི་གཤོག་བྱ་དམར་པོ་ཞིག
ཁྱོད་ཀྱི་བར་སྣང་ལ་བཏང་ཡོད

དེ་ཁོ་ན་ཁྱོད་རང་ལམ་འཇུག་གི་རྫོངས་བ་ཡིན
དེ་ཁོ་ན་ངས་ཁྱོད་རང་ཕྱིར་འོང་གི་རྟེན་པ་ཡིན
               2007。9。21
        མལ་ཁང་ནས་ཁེར་རྐྱང་སྒོམ་པ།
གནམ་གཤིས་ལ་ཚ་གདུག་ཆེ་བའི་ཉི་མ་འདི་གར
ནང་སེམས་ལ་སུན་སྣང་ཆེ་བའི་ཉི་མ་འདི་གར
ཁ་པར་ལ་ཆག་སྐྱོན་བྱུང་ནས་ཉི་མ་གསུམ་ཡིན
ཐག་རིང་གི་འཕྲིན་ཐུང་ཆད་ནས་ཉི་མ་གསུམ་ཡིན

མལ་ཁྲིའི་ཞབས་ན་ལུས་པའི་ཆང་དམ
མདུན་ཅོག་སྟེང་ན་སྤུངས་བའི་དཔེ་ཆ
ཡོད་ཚད་ལན་གྲུ་གྲོང་ཁྱེར་གྱི་ཚ་གདུག་བཞིན
ལུས་སེམས་ཀྱི་ངལ་དུབ་ལྕི་མོ་ཞིག

ཧ་ཅང་ཐང་ཆད་པའི་དུས་སུ
མལ་ཁང་འདི་ངས་རང་གི་ཁེར་རྐྱང་གི་སེམས་པ
བལྟ་ཀློག་བྱེད་སའི་དཔེ་ཁང་བཞིན་འཇམ་ཐིང་ཐིང་ཡིན
ལྷོད་ཆགས་ཆགས་ཡིན
                 2007。10。5

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་ལོག་པ།(ཞར་བཀོད་གསུམ་ཡོད)

2009-01-11 ཐེའུ་རང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།