ང་བཟི་མེད།
ངས རྩྭ་ཐང་གི་ཕྱུགས་རྫི་བཞིན
རང་ཉིད་ཀྱི་ལས་འཕྲོ་དུམ་བུར་མི་གཅོད་པར
ཚེ་སྲོག་གི་རིན་ཐང་འཚོལ་ཕྱིར
མེ་ཏོག་གི་སྐྲ་ལོའང་གཞིབ་པར་འདོད
ངས་འཐུང་བཞིན་པ་མིག་ཆུ་ལས་སྦུ་རག་མིན
ང་བཟི་མེད་ལ་སྨྱོས་ཀྱང་མེད
ངས་རང་ཉིད་ཀྱི་ཕ་ཁྱིམ་དྲན་ལ
ཕུ་ནུ་མིང་སྲིང་ཚོར་དེ་བས་ཀྱང་དུངས
ད་དུང ངའི་ཨ་མ་དང་ཆུང་མ་བུ་ཕྲུག
ས་མཐའ་ན་སྤྲང་བོ་བཞིན་འཁྱམས་ཡོད་པས
ངས་ཁྱིམ་གཞི་གསར་བ་ཞིག་འཛུགས་དགོས
དེ་བས ངའི་རྣམ་རིག་ཧ་ཅང་གསལ ང་བཟི་མེད
ང་ཚོས་གཡའ་མ་ཆགས་པའི་རང་ཉིད་ངོ་མ་དེ་འཚོལ་ཕྱིར
རང་ཉིད་རང་ལ་བློ་དཀར་དགོས་ཨང
ང་ཚོས་གཏམ་རྒྱུད་རྙིང་བ་ཞིག་བཤད་བཞིན
ཡོད་ཚད་གནམ་ལ་བཅོལ་ན
དུས་ཚིགས་ཀྱི་འཁོར་སྐྱོད་རྫོགས་དུས
ང་ཚོ དཀྱོགས་མཚམས་ག་འདྲ་ཞིག་ནས་ལུས་སམ
ངས བཞུགས་ཁྲི་ན་ཡོད་ཚད་འདོད་རྔམ་གྱིས་ཟ་བའི་ཅེ་སྤྱང་ཚོའི
གདོང་ལ་མཆིལ་ཞགས་འཕེན་འདོད་ཅིང
སྒྱུ་འཕྲུལ་དང་འཇའ་ཚོན་ཞོན་པའི་གཞོན་སྐྱེས་ཚོ
ཚན་རིག་དགའ་མའི་པང་དུ་བསུས་ན་བསམ
ང་ཚོས་རང་གི་མ་ཡུམ་གྱི་སྐྱེས་སྐར་མི་ཤེས་ལ
དུས་བཞིའི་དྲོད་གྲང་དང ལོ་ཟླའི་བཞུར་མཚམས
་་་་་་ ་་་་་
ངོ་མ ང་ཚོས་ཅི་ཡང་ཤེས་མི་འདུག
ང་བཟི་མེད་པས ངས་འདི་ལྟར་ལབ་འདོད་ལ
ད་དུང ཁྱོད་ལ་གསང་གཏམ་ཞིག་ཀྱང་བརྗོད་འདོད
ངས་རི་ལུང་གི་དབེན་འཇགས་བསམ་ཚེ
ང་ནམ་ཡང་བཟི་མི་ཉན་སྙམ
ངས་ཚེ་སྲོག་གི་བདག་པོར་ཞུ་བ་སློང་བཞིན
རང་ཉིད་ཡུན་རིང་ཞིག་ལ་གསོན་འདོད
ང་བཟི་མེད ང་ངོ་མ་བཟི་མེད
རྩོམ་ཁུངས། ངེད་དྲ་བ།